ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

​ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ཁག་བརྒྱད་པའི་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2019-07-10 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
 འཛམ་གླིང་ཡང་རྩེར་ཀྲེ་ཅང་གི་སྟོབས་ཤུགས་སྐྱེས་སུ་ཕུལ་བ།
          ལོ་གསུམ་གྱི་བོད་སྐྱོར་བྱ་གཞག་དང་ཚེ་གང་གི་བོད་སྐྱོར་བརྩེ་སེམས།
          2016ལོའི་ཟླ་7པར་ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་བཀོད་འདོམས་པུས་བོད་སྐྱོར་ཤེས་ལྡན་པ་དང་ལས་བྱེད་པ་ཁག་བརྒྱད་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བོད་སྐྱོད་ལས་དོན་བསྒྲུབས་ཚུན། ནུས་ཤུགས་ཡོད་རྒུས་ཀྲེ་ཅང་བོད་སྐྱོར་གྱི་སྤུས་རྟགས་བཏོད་དེ་ཕྱོགས་ཡོངས་ནས་ནག་ཆུའི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བས་བོད་སྐྱོར་རྣམ་གྲངས་ལག་ལེན་བསྟར་ཚད་དང་མ་དངུལ་གཏོང་ཚད་ལ་ཟིན་ཐོ་གསར་པ་མང་པོ་བཏོད་ཡོད།
          རྟེན་གཞི་གསུམ་གྱི་འཛུགས་སྐྲུན་མངོན་གསལ་དོད། ཐོན་ལས་བོད་སྐྱོར་གྱི“འགག་གནད”དམ་པོར་བཟུང་།
          “ང་ཚོས་ཐོན་ལས་བོད་སྐྱོར་བོད་སྐྱོར་ལས་དོན་གྱི‘འགག་གནད’དང་གནད་སྨིན་དབུལ་སྐྱོར་གྱི་ཚད་བརྒལ་སར་བརྩིས་ནས། རྟེན་གཞི་གསུམ་གཙོ་གནད་ཡག་པོ་བསྐྲུན་ཡོད”ཅེས་ཀྲེ་ཅང་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བཀོད་འདོམས་པ། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཁྲེང་གིས་གསར་འགོད་པར་བཤད།
          ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ཀྲེ་ཅང་གི་ཐོན་ལས་བོད་སྐྱོར་གྱི་གནད་སྨིན་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་ཐོག་མ་དེ་བསྐྲུན་པ་རེད། “ང་ཚོས་དུས་ཐེངས་དང་པོར་སྒོར་ཁྲི་6700ཡི་བོད་སྐྱོར་མ་དངུལ་བཏང་ནས་ནག་ཆུར་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མུའུ་བརྒྱ་ཟིན་པའི་མུ་སྦྲེལ་ཤིང་འབྲས་དང་ཚལ་རིགས་ཀྱི་འགྱིག་ཤོག་དྲོད་ཁང་ཆེ་མོ་བསྐྲུན་པས། དུད་ཚང་200ལྷག་ཙམ་གྱི་ཞིང་འབྲོག་པ་800ལྷག་ཙམ་ལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་བྱས་པ་རེད། ང་ཚོས་ད་དུང་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་བོད་ཕག་གི་རྒྱུད་བཟང་ཀྲེ་ཅང་ལི་ཅང་དུ་གསོ་ཚགས་བྱས་ནས་ཀྲེ་ཅང་གི་ཁེ་ལས་དང་མཐུན་སྦྱོར་གྱིས་ནག་ཆུར་མ་དངུལ་སྒོར་ཁྲི་7500བཏང་ནས་བོད་ལྗོངས་ཏ་དབྱང་དབྱང་མ་རྐང་ཚད་ཡོད་ཀུང་སི་བཙུགས་པ་དང་། ནག་ཆུའི་བོད་ཕག་དང་འབྲི་གཡག་སོགས་ཞིང་འབྲོག་ཐོན་ཟོག་གཞི་གཅིག་ཅན་གྱི་གསོ་ཚགས་ར་བ་བཙུགས་ཡོད”
          གསར་འགོད་པར་ཤེས་རྟོགས་བྱུང་བར། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས་གསོ་ཚགས་ར་བ་བཙུགས་པ་མ་ཟད། ད་དུང་ནག་ཆུའི་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་ཕྱིར་ཚོང་རྟེན་གཞི་བཙུགས་ནས་ནག་ཆུའི་ཕྱི་ཕྱོགས་ཁྲོམ་ར་རྒྱ་ཆེར་བཏང་ནས་ཁེ་ལས་ཆེན་པོ་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་སྦྲེལ་མཐུད་ཧུར་ཐག་བྱས་པར་ལོར་བྲིན་ཚོང་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་ཟིན་ཡོད་པ་རེད།
          ལོ་གསུམ་གྱི་རིང་། ཀྲེ་ཅང་ཞིང་ཆེན་ནོར་སྲིད་དོན་འཁྱོལ་འཆར་གཞིར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་10.7ཟིན་པ་དང་། ལོ་འཁོར་གྱི་འཆར་གཞིར་བོད་སྐྱོར་མ་དངུལ་དོན་འཁྱོལ་བྱེད་ཚད་100%ཟིན་ཡོད། ཀྲེ་ཅང་ཞིང་ཆེན་གྱིས་ཁྱོན་འཆར་གཞིར་བཀོད་སྒྲིག་བྱས་པའི་བོད་སྐྱོར་རྣམ་གྲངས་113ཡོད་པ་ནས་མིག་སྔར་110ལག་ལེན་བསྟར་ཟིན།
          གཙོ་གནད་ཁྱབ་ཁོངས་གསུམ་མངོན་གསལ་དོད། དམངས་འཚོའི་བོད་སྐྱོར་གྱི“བདེ་སྐྱིད་ཚོར་སེམས”ཟབ་ཏུ་བཏང་།
          ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས་ནག་ཆུར་ལས་དོན་སྤེལ་ཚུན། གཙོ་གནད་ལས་དོན་སློབ་གསོ་དང་། འཕྲོད་བསྟེན། ལས་ཞུགས་བཅས་ཀྱི་ཁྱབ་ཁོངས་གསུམ་དུ་བཞག་ནས་དམངས་འཚོའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་ཡོད།
          སློབ་གསོའི་བོད་སྐྱོར་ལ་དམ་འཛིན་ཡག་པོ་བྱས་ཤིང་། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས“དགེ་རྒན་ཚང་མ་གསོ་སྦྱོང་དུ་མངགས་པ་དང་། སློབ་མ་དབུལ་པོ་ཚང་མར་རོགས་དངུལ་ཡོད་པ”སོགས་ཀྱི“གཅིག་རེ་བཅུ”ཡི་དམིགས་ཚད་ལ་དམིགས་ནས་ལོ་གསུམ་རིང་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ནས་སློབ་གསོའི་བོད་སྐྱོར་གྱི་རྣམ་གྲངས་34ལག་ལེན་བསྟར་བ་མ་ཟད། ནག་ཆུའི་སློབ་གསོའི་ཁོངས་གཏོགས་ལ་འཆར་གཞི་ཕུད་པའི་བོད་སྐྱོར་མ་དངུལ་དང་དངོས་རྫས་བསྡོམས་རྩིས་བྱས་ན་སྒོར་ཁྲི་3000ལྷག་ཙམ་བརྩོན་ལེན་བྱས་པས་ནག་ཆུའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད།
          སྨན་བཅོས་བོད་སྐྱོར་ལ་དམ་འཛིན་ཡག་པོ་བྱས་ཤིང་། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས་འབྲི་རུ་རྫོང་གི་རྫོང་རིམ་པའི་སྨན་བཅོས་ཚན་པ་5བསྡུ་སྒྲིལ་བྱས་ནས་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཚོགས་པ་བཙུགས་ནས་སྔ་རྗེས་སུ་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་དང་ཁྲེང་ཏུར་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དོན་གཅོད་ཁང་སྨན་ཁང་དང་སྨན་འབྲེལ་བཙུགས་པ། འབྲི་རུ་རྫོང་མི་དམངས་སྨན་ཁང་གི་ཕྱོགས་བསྡུས་ཐོག་ཁང་དང་ལྷ་རི་རྫོང་མི་དམངས་སྨན་ཁང་གི་ཕྱོགས་བསྡུས་ནད་སྡོད་ཐོག་ཁང་སོགས་རྣམ་གྲངས་སྐྲུན་རོགས་བྱས་པ་དང་། 2018ལོའི་ལོ་མཇུག་ཏུགསེར་རྙེད་ཆུས་སུ་བོད་རང་སྐྱོང་ལྗོངས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་དཔེ་སྟོན་ཁུལ་བདེ་བླག་ངང་གསར་དུ་འཛུགས་པར་རམ་འདེགས་བྱས་ཡོད།
          ལས་ཞུགས་བོད་སྐྱོར་ལ་དམ་འཛིན་ཡག་པོ་བྱས་ཤིང་། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས་གདན་ཞུའི་འདུ་ཚོགས་ཐེངས་13ཙམ་སྒྲིག་འཛུགས་བྱས་ནས་ས་གནས་དེ་གའི་རིགས་ཁག་གི་མི་ཚོགས་1266གི་ལས་ཞུགས་ལ་རོགས་རམ་བྱས་ཡོད།
          རོགས་སྐྱོར་བྱེད་ཐབས་རིགས་གསུམ་མངོན་གསལ་དོད། རིག་སྟོབས་བོད་སྐྱོར་གྱི“མཉམ་འདྲེས་བྱང་བུ”བཏོད།
          ལོ་གསུམ་རིང་། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས་ས་ཁུལ་གཉིས་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་དང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་ལ་སྐུལ་མ་གཏོང་བ་རིག་སྟོབས་བོད་སྐྱོར་གྱི་དམིགས་ཚད་གལ་ཆེན་དུ་བརྩིས་ནས“སེམས་སྦྲེལ་ཟམ་པ”བཙུགས་ཏེ་མཐུན་ལམ་ཟབ་ཏུ་བཏང་ཡོད།
          བོད་སྐྱོར་བྱེད་རིང་ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས་གྲོང་ཚོ་རེར་སྒོར་ཁྲི་5ཡི་ཚད་གཞི་གཞིར་བཟུང་། ཀྲེ་བོད་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འཆར་གཞིར་སྐུལ་འདེད་བཏང་བས་ཀྲེ་ཅང་གི་ཁེ་ལས་དང་ཁ་གཏད་རོགས་སྐྱོར་བྱ་ཡུལ་ནག་ཆུའི་རྫོང་གསུམ(ཆུས)གྱི་གྲོང་ཚོ་དབུལ་པོ་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། གཞན་ཡང་སློབ་གྲྭ་ཆ་སྒྲིག་དང་། སྨན་ཁང་ཆ་སྒྲིག ཚན་པ་ཆ་སྒྲིག དགེ་སློབ་ཆ་སྒྲིག ཆ་སྒྲིག་དབུལ་སྐྱོར་སོགས་ཀྱི་བྱེད་སྒོ་བརྒྱུད་ཐབས་བརྒྱ་ཇུས་སྟོང་ངང་རིག་སྟོབས་རོགས་སྐྱོར་ལ་སྐུལ་འདེད་བཏང་ཡོད།
          ལོ་གསུམ་རིང་ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་པ་དང་ལས་བྱེད་པ་ཁག་བརྒྱད་པས་གངས་ལྗོངས་ས་མཐོར་བརྟན་སྲུང་བྱས་ཏེ་བོད་སྐྱོར་ལ་སེམས་ནུས་ཡོད་རྒུ་བཏོན་ནས་ནག་ཆུའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཀྲེ་ཅང་གི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།