ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

དབུལ་སྒྲོལ་འགག་སྒྲོལ་ཐད་དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་བྱེད་མཚམས་མི་འཇོག

སྤེལ་དུས 2019-07-16 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ།
དབུལ་སྒྲོལ་འགག་སྒྲོལ་ཐད།
དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་བྱེད་མཚམས་མི་འཇོག་པ་དང“རྒྱལ་ཁ་ཡོངས་སུ་མ་ཐོབ་ན་དམག་རྒྱག་མཚམས་མི་འཇོག་པ”
          དབྱར་ཟླ་བདུན་པ་ནི་ནང་སོག་ཁྲེ་ཧྥུང་ལིན་ཤིས་རྫོང་གི་ལོ་གཅིག་གི་ཚ་བ་ཆེ་ཤོས་ཀྱི་ནམ་དུས་ཡིན་ཞིང་། བཅུ་གཉིས་ཐུའུ་གྲོང་ཚོའི་ཡུལ་མི་ཝང་ཧྭས་རྔུལ་ནག་འཚུབ་འཚུབ་ངང་རང་ཁྱིམ་གྱི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་ངལ་རྩོལ་བྱེད་བཞིན་ཡོད་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གིས་དངུལ་བུན་མཐུན་སྦྱོར་དང་ཚོང་པ་དང་འབྲེལ་བ་བྱེད་རོགས་བྱས་པ་བརྒྱུད། ད་གཟོད་གཞི་ནས་ཁོང་བློ་བདེ་པོ་ཆགས་ཡོད།
          གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འོལ་པ་གྲོང་ཚོའི་ཡུལ་མི་བྱམས་པ་བཀྲ་ཤིས་ཀྱིས་ཚོང་ཁང་བཙུགས་པའི་ཁར་གྲོང་ཚོའི་ཁེ་སྤོགས་བགོ་བཤའ་རག་པས་ལོ་མཇུག་ཏུ་ཡོང་འབབ་བརྟན་པོ་བྱུང་ཡོད།
          “དབུལ་སྐྱོར་ལས་དོན་རུ་ཁག་ཕྱིར་འཐེན་བྱེད་རྒྱུ་མིན་ལ། དབུལ་ཞྭ་ཕུད་ཀྱང་རོགས་རམ་བྱེད་མཚམས་འཇོག་རྒྱུ་མིན”རྫོང་དབུལ་པོའི་དབུལ་ཞྭ་ཕུད་རྗེས། དབུལ་སྒྲོལ་གྲུབ་འབྲས་ཇི་ལྟར་བརྟན་དུ་གཏོང་དགོས་སམ། དེ་བྱིངས་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཇི་ལྟར་བྱེད་དགོས་སམ། གྲོང་སྡོད་ལས་དོན་རུ་ཁག་གི་ལས་ཀའི་གཙོ་གནད་ལ་འགྱུར་ལྡོག་གང་དག་བྱུང་ཡོད་དམ། གནད་དོན་དེ་དག་ཐད་གསར་འགོད་པས་ནང་སོག་དང་བོད་ལྗོངས་གཉིས་སུ་བཅར་འདྲི་ཞུས་པ་ཡིན།
          གྲོང་ཚོར་ཟ་སྡོད་བྱས་ནས་མུ་མཐུད་འགན་འཁྲི་དོན་འཁྱོལ་བྱས་པ།
          ཝང་ཧྭ་དེ་སྔ་གྲོང་སྡོད་ལས་དོན་རུ་ཁག་གི་ལྟ་རྟོག་བྱ་ཡུལ་གཙོ་བོ་དེ་ཡིན་ཞིང་། 2017ལོ་འཁོར་དུ་ལིན་ཤིས་རྫོང་རྒྱལ་ཁབ་ཀྱི་རྫོང་དབུལ་པོའི་གྲས་ལས་ཕྱིར་འཐེན་བྱས་ཏེ་ནང་སོག་རང་སྐྱོང་ལྗོངས་སུ་དབུལ་སྒྲོལ་ཐུབ་ནས་དབུལ་ཞྭ་ཕུད་མཁན་རྫོང་དང་པོ་དེ་རེད། རྫོང་ནང་ཁུལ་དུ་དབུལ་ཞྭ་ཕུད་ཀྱང་ཝང་ཧྭའི་ཁྱིམ་ད་དུང་དབུལ་སྒྲོལ་ཐུབ་མེད།
          “ནད་གཞི་ཕོག་ནས་ལོ་བཅུ་ལྷག་ཙམ་ཕྱིན་སོང་། ལོ་ལྟར་སྨན་རིན་ཁོ་ནར་འགྲོ་སོང་མི་ཉུང་བ་ཞིག་འགྲོ་གི་འདུག”ཅེས་ཝང་ཧྭས་བརྗོད་པ་དང་། གྲོང་སྡོད་ཧྲུའུ་ཅི་ཨང་དང་པོ་དང་རོགས་སྐྱོར་ལས་བྱེད་པའི་རོགས་རམ་འོག་ཁོང་ལ་རིན་མེད་ངང་སྒྲིག་བཀོད་འགྱིག་ཤོག་དྲོད་ཁང་ཆེ་མོ་ཞིག་རེ་ཞུ་ཐུབ་པ་མ་ཟད། ད་དུང་བདེ་ཐང་དབུལ་སྐྱོར་གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། རྩིས་བརྒྱབ་ན་ལོ་གཅིག་ལ་ཁེ་གཙང་ཡོང་འབབ་ཁོ་ན་སྒོར་ཁྲི་3ལྷག་ཙམ་ཡོད་པ་དང་རང་ཉིད་ཀྱིས་སྨན་བཅོས་འགྲོ་གྲོན་མང་ཤོས་སུ་སྒོར་3000ལས་སྤྲོད་དགོས་མེད། 2018ལོའི་ཟླ་11པར། ཝང་ཧྭའི་ཁྱིམ་ཚང་ཡང་དབུལ་སྒྲོལ་ཐུབ་ཡོད།
          “ད་ལྟ་གྲོང་སྡོད་ལས་དོན་རུ་ཁག་ཁག་དང་ཧྲུའུ་ཅི་ཨང་དང་པོ་སྔར་བཞིན་གྲོང་ཚོར་བཅའ་སྡོད་བྱེད་པ་དང་ཆབས་ཅིག་ལས་ཀ་བྱས་ནས་མུ་མཐུད་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་བྱེད་ཀྱི་ཡོད”ཅེས་ལིན་ཤིས་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲའོ་ཀོང་མིང་གིས་བརྗོད་པ་དང་། ཁོང་གིས“ང་ཚོས་ལས་དོན་རུ་ཁག་ཕྱིར་འཐེན་མི་བྱེད་པ་དང་། ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ། ཚད་གཞི་དམའ་རུ་མི་གཏོང་བ། ངར་ཤུགས་མི་ཉམས་པ་བཅས་བྱས་ཡོད”ཅེས་བརྗོད་ཀྱི་འདུག
          2016ལོ་འཁོར་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དབུལ་སྒྲོལ་ཐུབ་ནས་དབུལ་ཞྭ་ཕུད་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རོགས་སྐྱོར་འོག་འོལ་པ་གྲོང་ཚོའི་ཡུལ་མི་བྱམས་པ་བཀྲ་ཤིས་དབུལ་སྒྲོལ་ཐུབ་ཡོད།
          ད་ཆ། སྔར་བཞིན་ལས་དོན་རུ་ཁག་གི་རོགས་རམ་འོག་ཁོང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ཅིང་། བྱམས་པ་བཀྲ་ཤིས་ཀྱིས“ད་ལྟ་གྲོང་སྡོད་ལས་དོན་རུ་ཁག་ད་དུང་རྟག་ཏུ་རང་འགུལ་ངང་ངའི་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་ཡོང་ནས་དཀའ་ངལ་སེལ་རོགས་བྱེད་པ་མ་ཟད། ད་དུང་ང་ཚོར་རིན་མེད་ངང་ལས་གནས་གོང་གི་གསོ་སྦྱོང་བྱས་བྱུང”ཞེས་བརྗོད་ཀྱི་འདུག
          “ཟླ་རེ་བཞིན་དབུལ་པོའི་གནས་ཚུལ་ལ་ལྟ་ཞིབ་ཀྱིས་དབུལ་སྒྲོལ་དུད་ཚང་དང་བལྟོས་བཅས་དཀའ་ངལ་ཡོད་པའི་དུད་ཚང་གི་དཔལ་འབྱོར་དང་འཚོ་བའི་གནས་ཚུལ་ལ་མུ་མཐུད་དོ་ཁུར་བྱེད་ཀྱི་ཡོད”ཅེས་ཁྲེང་ཀོན་ཆུས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་བསོད་ནམས་ཚེ་རིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“དབུལ་པོ་རང་ལོག་གི་མངོན་མེད་རྐྱེན་ངན་ཡོད་སྲིད་པའི་དབུལ་སྒྲོལ་དུད་ཚང་ལ་སྤྱོད་གོ་ཆོད་པའི་སྲ་བརྟན་བྱ་ཐབས་བཏོན་ནས་དབུལ་སྒྲོལ་དུད་ཚང་དབུལ་པོ་རང་ལོག་གི་སྣང་ཚུལ་མི་ཐོན་པའི་འགན་ལེན་བྱས་ཡོད”ཅེས་བརྗོད་ཀྱི་འདུག
          ལམ་ལུགས་བཟོ་བ་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་དུ་རྩ་བ་ཚུགས་རྒྱུར་སྐུལ་ལྕག་བྱས་པ།
          དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་བྱེད་མཚམས་མི་འཇོག་ཅིང་། ས་ཁུལ་དབུལ་པོའི་ལས་བྱེད་པ་དང་ལྷག་དོན་དུ་དབུལ་སྐྱོར་ལས་བྱེད་པས་མུ་མཐུད་ལས་གནས་བརྟན་སྲུང་བྱས་ཏེ་ལས་ཀའི་རྒྱུན་མཐུད་རང་བཞིན་དང་ནུས་ལྡན་རང་བཞིན་རྒྱུན་འཁྱོངས་བྱས་ཡོད།
          དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་བྱེད་མཚམས་མི་འཇོག་ཅིང་། རོགས་སྐྱོར་བྱེད་ཤུགས་ཆུང་དུ་མི་གཏོང་བ་མ་ཟད། ད་དུང་ལམ་ལུགས་དང་སྲོལ་ཡིག་རབ་དང་རིམ་པ་བཟོས་པ་བརྒྱུད་འགན་འཁྲི་ནན་དུ་བཏང་ནས་གྲོང་སྡོད་ལས་དོན་རུ་ཁག་གིས་དབུལ་སྒྲོལ་གྲུབ་འབྲས་བརྟན་གཏོང་གི་ལས་ཀ་བྱེད་རིང་འགན་འཁྲི་གཙང་སྒྲུབ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད།
          འདི་ལོའི་ཟླ་3པར། ལིན་ཤིས་རྫོང་ཆུ་བེད་ཅུས་ཀྱི་ལས་བྱེད་པ་དབྱང་ཀྲུའོ་ཤིས་ཧྲན་ཀེན་གྲོང་ཚོའི་ཧྲུའུ་ཅི་གསར་པར་གྱུར་པ་དང་། གྲོང་སྡོད་ལས་བྱེད་པའི་ལས་སྒོ་གསོ་སྦྱོང་དང་དེ་བཞིན་དུད་ཚང་དུ་ཟླ་རེར་འཚམས་འདྲི་ཐེངས་གསུམ་རེ་བྱས་པ་བརྒྱུད། ད་ཆ་གྲོང་ཚོའི་གནས་ཚུལ་དང་། དུད་ཚང་དབུལ་པོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་གནས་ཚུལ་མཐིལ་རྟོགས་བྱུང་ཡོད།
          “གཏན་འབེབས་གཞིར་བཟུང་། ང་ཚོ་གྲོང་སྡོད་ལས་བྱེད་པས་ངེས་པར་དུ་དེ་སྔའི་ཚན་པའི་ལས་ཀ་དང་རྦད་དེ་བྲལ་དགོས་པ་དང་། ལོ་ལྟར་གྲོང་ཚོར་ལས་ཀ་བྱེད་པའི་ཉིན་གྲངས་200ལས་མི་ཉུང་བ་བྱེད་དགོས་པ་མ་ཟད། ད་དུང་ལོ་ཕྱེད་ལ་འགན་སྒྲུབ་གསལ་ཞུ་རེ་དང་ལོ་གཅིག་ལ་ཕྱོགས་སྡོམ་རེ་བྱེད་དགོས་ཀྱི་ཡོད”ཅེས་དབྱང་ཀྲུའོ་ཡིས་བརྗོད་ཀྱི་འདུག
          “རྩ་འཛུགས་སྡེ་ཚན་གྱིས་མི་སྣ་ཟུར་འཐེན་བྱས་ནས་ཆེད་དོན་ལྟ་ཞིབ་ཚོགས་ཆུང་བཙུགས་ཏེ་གྲོང་སྡོད་ལས་བྱེད་པ་ལས་གནས་ཐོག་ཡོད་མེད་དང་གྲོང་ཚོ་དང་དུད་ཚང་དུ་འཚམས་འདྲིར་སྐྱོད་མིན་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ལྟ་བཤེར་བྱེད་ཀྱི་ཡོད། གནད་དོན་ཤེས་ཚེ་དུས་ཐོག་ཏུ་ཤང་དང་གྲོང་རྡལ་ཏང་ཨུད་ལ་ཤོད་པ་དང་འབྲེལ་དག་ཐེར་བྱེད་དགོས་པའི་བཀའ་གཏོང་གི་ཡོད”ཅེས་ཏུང་ཏེ་ཧྭ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་གནས་དེ་གས་གྲོང་སྡོད་ལས་བྱེད་པའི་རྒྱུན་གཏན་དོ་དམ་དང་དཔྱད་ཞིབ་བྱ་ཐབས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་སྡོད་ལས་དོན་རུ་ཁག་དང་ཧྲུའུ་ཅི་ཨང་དང་པོའི་འགན་འཁྲི་དང་གྲོང་སྡོད་ཀྱི་བླང་བྱ་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བྱས་ཡོད་ཅེས་བརྗོད་ཀྱི་འདུག
          “ཁྲེང་ཀོན་ཆུས་སུ་གྲོང་སྡོད་ཁོངས་མིར་ཟླ་རེར་དཔྱད་ཞིབ་ཐེངས་རེ་དང་། ལས་དོན་རུ་ཁག་ལ་ནམ་དུས་རེར་དཔྱད་ཞིབ་ཐེངས་རེ། མངགས་གཏོང་ཚན་པར་ལོ་གཅིག་ལ་དཔྱད་ཞིབ་ཐེངས་རེ་བཅས་བྱས་ནས་གྲོང་སྡོད་ལས་དོན་རུ་ཁག་ལ་བཅའ་སྡོད་བྱ་ཡུལ་གྲོང་ཚོ་གྲོང་ལྷན་གྱིས་དུས་ཚོད་དང་གོ་རིམ་ལྟར་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་གཞིའི་ལས་འགན་སྒྲུབ་མེད་རིགས་ལ‘སྤ་སེ་གཅིག་གིས་ཁྲུ་སློག་པའི’ལམ་ལུགས་ལག་ལེན་བསྟར་ཡོད”ཅེས་ལིའུ་ལེང་གིས་བརྗོད་པ་དང་། ཁོང་གིས་གོང་གསལ་གྱི་དཔྱད་ཞིབ་བྱས་འབྲས་དེ་དག་ད་དུང་ལས་བྱེད་པའི་ལོ་འཁོར་གྱི་དཔྱད་ཞིབ་དང་ཟུང་འབྲེལ་བྱེད་པ་དང་ཆབས་ཅིག་རྩ་འཛུགས་མི་དོན་སྡེ་ཚན་གྱིས་ལས་བྱེད་པ་གནས་སྤོར་བེད་སྤྱོད་བྱེད་པའི་གཞི་འཛིན་སར་བརྩི་གི་ཡོད་ཅེས་བརྗོད་ཀྱི་འདུག
          རྒྱ་ཆེའི་གྲོང་སྡོད་ལས་བྱེད་པར་སེམས་ཁུར་བྱེད་པའི་ཐད། ས་གནས་ཁག་གིས་ཀྱང་སྔ་བར་ཕྱི་གསུམ་དུ་སྐུལ་ལྕག་འགན་ལེན་ཐད་འབད་བརྩོན་བྱེད་བཞིན་ཡོད།
          ལིན་ཤིས་རྫོང་གིས་ལོ་ལྟར་ཆེད་དངུལ་སྒོར་ཁྲི་50བཀོད་སྒྲིག་བྱས་ནས་གྲོང་སྡོད་ལས་བྱེད་པའི་ཟ་སྡོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ་དང་། རྫོང་གིས་ཐད་ཀར་བཏང་བའི་ལས་བྱེད་པར་མི་རེར་ཉིན་རེར་སྒོར་100དང་ཤང་དང་གྲོང་རྡལ་གྱིས་བཏང་བའི་གྲོང་སྡོད་ལས་བྱེད་པར་མི་རེར་ལོ་རེར་སྒོར་5000གི་ཚད་གཞི་གཞིར་བཟུང་གྲོང་སྡོད་ཁ་གསབ་དངུལ་སྤྲད་དེ་ལས་བྱེད་པ་གཞི་རིམ་དུ་རྩ་བ་ཚུགས་འདོད་པ་དང་དབུལ་སྒྲོལ་ཞྭ་ཕུད་རྗེས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་སྐུལ་ལྕག་བྱས་ཡོད་པ་རེད།
          དབུལ་སྐྱོར་ལ་སྐུལ་འདེད་ཀྱིས་དབུལ་པོ་བསྐྱར་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་པར་སྔར་བཞིན་དཀའ་སྤྱད་འབད་བརྩོན་བྱེད་དགོས།
          དབུལ་སྒྲོལ་འགག་སྒྲོལ་ནི་མ་གཞི་ནས་རྒྱུན་སྲིང་དམག་འཐབ་ཅིག་ཡིན་ཞིང་། མིག་སྔ་དང་སླད་ཕྱིན་འཕྲད་སྲིད་པའི་འགྲན་སློང་སྐོར་གླེང་སྐབས་ས་གནས་ཁག་གི་ལས་བྱེད་པར་ལས་འགན་ལྕི་པོ་ཡོད་ཅེས་བརྗོད་ཀྱི་འདུག
          ཁྱིམ་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་དམིགས་པ་དང་དབུལ་པོ་དབུལ་རྐྱང་སེལ་རྒྱུ་ནི་ལིན་ཤིས་རྫོང་གི་སླད་ཕྱིན་དུས་མཚམས་ཤིག་རིང་གི་རོགས་སྐྱོར་ལས་དོན་གྱི་གཙོ་གནད་ཡིན་ཞིང་། ཀྲའོ་ཀོང་མིང་གིས་གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་ལས་དོན་མང་པོ་སྒྲུབ་དགོས་ཀྱི་ཡོད། དབུལ་སྒྲོལ་ཐུབ་མེད་རིགས་གང་མགྱོགས་དབུལ་སྒྲོལ་ཐུབ་པ་དང་། དབུལ་སྒྲོལ་ཐུབ་རིགས་དབུལ་པོ་བསྐྱར་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་པ། དུད་ཚང་དབུལ་པོ་མིན་པའི“མཐའ་ལུས་དུད་ཚང”དབུལ་པོ་ཆགས་རྒྱུ་སྔོན་འགོག་བྱེད་པ་བཅས་བྱེད་རྒྱུ་ཡིན་ཞེས་བརྗོད་ཀྱི་འདུག
          ཀྲའོ་ཀོང་མིང་གིས“དཔེར་ན། དབུལ་སྒྲོལ་ཚད་གཞི་དང་བསྡུར་ནས་མཐའ་ལུས་དུད་ཚང་ཁ་ཤས་ལ་གང་ཆད་པ་དེ་གསབ་པའི་རྩ་དོན་གཞིར་བཟུང་ཐག་གཅོད་བྱེད་རྒྱུ་ཡིན”ཞེས་བརྗོད་ཀྱི་འདུག
          ཀྲའོ་ཀོང་མིང་གིས“དབུལ་ཞྭ་ཕུད་རྗེས་ཀྱི་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་ཞིག་ཡིན་པས་ལྷོད་གཡེང་གཏན་ནས་གཏོང་རྒྱུ་མེད”ཅེས་བརྗོད་པ་དང་། དེ་རྗེས་ཏུང་ཏེ་ཧྭ་ཡིས“ད་དུང་། དབུལ་སྒྲོལ་འགན་འཁྲི་ནན་དུ་གཏོང་བ་དང་དམིགས་ཚད་དབྱེ་བ་དང་། དུས་བཀག་ལྟ་ཞིབ། དཔྱད་ཞིབ་བྱ་དགའ་ཆད་གཅོད་སོགས་སྤྱོད་གོ་ཆོད་པའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་བྱས་ནས་རྒྱལ་ཁ་ཡོངས་སུ་མ་ཐོབ་ན་ལས་མཚམས་འཇོག་རྒྱུ་མིན”ཞེས་གཏམ་གྱི་རྗེས་མཐུད་ནས་དེ་ལྟར་བརྗོད་ཀྱི་འདུག
          ལས་དོན་དངོས་ཀྱི་ཁྲོད་དབུལ་ཞྭ་ཕུད་རྗེས་ཀྱི་རོགས་སྐྱོར་ལས་དོན་ལའང་དཀའ་གནད་ཁག་གཅིག་ཕྲད་ཡོད་ཅིང་། འོལ་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཟླ་བསྟན་གྱིས“སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་གཅིག་ཆེད་མངགས་བཀོད་སྒྲིག་བྱས་ཡོད། ཡིན་ནའང་ལས་གནས་མང་པོ་ཞིག་ལ་རིག་གནས་ཆུ་ཚད་ངེས་ཅན་དགོས་པས་མི་མང་པོ་ཞིག་ལ་གཞི་རྩའི་ཆ་རྐྱེན་འདང་གི་མི་འདུག”ཅེས་བརྗོད་པ་དང་། གཞི་རིམ་དུ་ཁོང་ལ་མྱོང་ཚོར་ཟབ་ཤོས་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རིག་གནས་ཆུ་ཚད་ཡོངས་ཁྱབ་དམའ་པོ་ཡོད་པ་དེ་ཡིན་པས་ཁོང་གིས་འབྱུང་འགྱུར་མུ་མཐུད་རིག་གནས་གསོ་སྦྱོང་དང་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད།
          “ང་ཡང་དེ་འདྲ་རེད”ཅེས་བྱམས་པ་བཀྲ་ཤིས་ཀྱིས་མྱོང་ཚོར་ཟབ་མོས་བརྗོད་པ་དང་། ཁོང་གིས“མ་གཞི་ལས་དོན་རུ་ཁག་གིས་ང་དང་བཟའ་ཟླར་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་དགོས་བསམས་ཀྱང་རིག་གནས་ཆུ་ཚད་དམའ་བའི་རྐྱེན་གྱིས་རྩ་བ་ནས་བྱེད་ཐུབ་མ་སོང”ཞེས་བརྗོད་ཀྱི་འདུག
          “མིག་སྔར། མང་ཚོགས་འགའ་ཞིག་ལ“སྒུག་རྟེན་སློང”གསུམ་གྱི་བསམ་བློ་སྔར་བཞིན་ཚབས་ཆེན་པོ་ཡོད། དཔེར་ན། དུད་ཚང་དབུལ་པོ་ཁ་ཤས་དབུལ་སྒྲོལ་གྱི་ཚད་གཞིར་བརྟན་པོ་སླེབས་མོད། འོན་ཀྱང་རོགས་སྐྱོར་དེ་བས་མང་བ་ཐོབ་ཆེད་རྐང་བཙུགས་ནས་ཡོང་འབབ་གསལ་པོ་མི་ཤོད་པའི་ཁར་རང་བརྟེན་འབད་འཐབ་དང་རང་འགུལ་འཕེལ་རྒྱས་ཀྱི་འདུ་ཤེས་ཞན་པོ་འདུག”ཅེས་ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་སྒོར་སྒོར་གྱིས་བརྗོད་པ་དང་། ཁོང་གིས་ད་དུང་གྲོང་ཚོ་ཧྲིལ་པོ་སྐུལ་འདེད་དང་ཆ་སྒྲིག་རོགས་སྐྱོར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར་བྱས་ནས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་དངོས་འབྲེལ་འཕེལ་བར་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།