ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ལོ་ན་༦ནས་༩བར་གྱི་བྱིས་པའི་འཚར་ལོངས་དང་སློབ་གསོ།

སྤེལ་དུས 2017-08-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབུམ་རྒྱལ་གྱིས་བསྒྱུར།
          ཁྱེད་ཀྱིས་རང་ཉིད་ཀྱི་བྱིས་པ་འཚར་ལོངས་བྱུང་བ་དང་མཉམ་དུ་ཁོ་ཚོར་དགའ་འོས་པའི་སྔར་མེད་ནུས་པ་ཡོད་པ་མཐོང་ཡོང་བ་དང་། བུ་དང་བུ་མོར་དགའ་ཁ་འཁྱེར་ཕྱོགས་མི་འདྲ་བ་ཡོད་པ་ལ་ཡང་དོ་སྣང་བྱེད་སྲིད། ལོ་ཚད་འདིར་སོན་པའི་བྱིས་པ་ཚོས་རང་ཉིད་ཀྱི་ལུས་རྟེན་དང་གཅིག་མཚུངས་ཡིན་པའི་གྲོགས་པོ་གྲོགས་མོ་ཁོ་ནའི་མཉམ་དུ་རྩེད་མོ་རྩེད་འདོད་བྱེད་པ་རྒྱུན་ལྡན་ཞིག་ཡིན།
          ལོ་ཚད་འདི་ཡི་བྱིས་པ་ཚོ་བྱ་འགུལ་མང་པོ་ཞིག་ལ་དགའ་བོ་ཡོད་ནའང་། ཁོ་ཚོའི་ཕྱི་ལུས་པོའི་མངོན་ཚུལ་དང་རིག་གཞུང་གི་རྒྱབ་ལྗོངས་ཀྱིས་རང་ཉིད་ “ མི་འདྲ་བ་” ཞིག་ཡིན་པ་བཟོ་བར་བྱེད། ཁོ་ཚོ་རང་ཁྱིམ་གྱི་ཕྱི་རོལ་ཏེ་ཀབ་ སི་ཀོ་ཊི་ (Cub Scout) འམ་བུ་མོའི་སི་ཀོ་ཊི་ (Girl Scout) ལྟ་བུའི་ལས་འགུལ་ལ་ཞུགས་འདོད་ཆེན་པོ་མེད་ནའང་ཐང་། ཁྱེད་ཀྱི་བུ་ཕྲུག་ཇི་འདྲ་ཞིག་ཡིན་རུང་ཁྱེད་ཀྱིས་ཁོ་མོར་བརྩེ་བ་སྤྲོད་རྒྱུ་དང་དེ་ངོས་ལེན་བྱེད་ཀྱི་ཡིན་པ་གསལ་བོ་བཤད་དགོས། བྱ་འགུལ་གསར་པ་བཙལ་འཚོལ་བྱེད་རྒྱུར་ཁོ་མོར་སྐུལ་ལྕག་མུ་མཐུད་གཏོང་རྒྱུ།
          ཁྱེད་ཀྱི་བུ་ཕྲུག་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་དང་དགའ་མོས་བྱེད་འོས་པའི་མི་ཞིག་ཡིན་པར་བསྔགས་བརྗོད་བྱེད་རྒྱུ། ལས་འགུལ་གང་ཞིག་གི་ཁྲོད་དུ་ཁྱེད་ཀྱི་རྣམ་འགྱུར་སྟོན་སྟངས་དང་འབྲེལ་འདྲིས་བྱེད་སྟངས་དེ་གལ་ཆེ་ཤོས་ཆགས་ཡོད། བྱིས་པར་ཁོ་རང་ཉིད་ཀྱི་བྱེད་སྟངས་ལ་འདོད་པ་ཁེངས་པར་འཇུག་རྒྱུ་དེ་ཡང་ཁོའི་ཆེད་ཁོ་ནར་ཅི་ཞིག་བྱེད་པ་གཅིག་པོ་མིན་པར་ཁོའི་མཉམ་དུ་བསྡད་ནས་ཅི་ཞིག་བྱེད་རྒྱུ་དེས་ཕན་ཐོགས་ཡོད།
          རིག་པ་སྦྱང་སྐྱེད་དམ་རིག་སྟོབས་གོང་འཕེལ།
          ○བྱིས་པ་ཚོས་ཡིག་ཀློག་རིམ་པས་སྦྱང་གི་རེད། སྐད་ཤུགས་ཆེན་པོས་ཀློག་མཁན་དང་ཀློག་རྒྱུར་སེམས་ཤུགས་སྤར་ཡོད་པའི་བྱིས་པ་ཚོའི་རིག་པ་འཕེལ་ཚད་མགྱོགས་པོ་ཡོད།
          ○ཁྱེད་ཀྱི་བུ་ཕྲུག་ལ་དུས་ཚོད་ཀྱི་ལྟ་ཚུལ་ཐད་གོ་རྟོགས་སྔར་ལས་ཞིབ་ཏུ་དང་ཆེ་རུ་འགྲོ་གི་རེད། ཁོ་ཚོ་འདས་པའི་དུས་ཚོད་སྐོར་ལ་ཉན་པར་སྤྲོ་སྣང་ཆེན་པོ་ཡོད།
          ○ལོ་ན་ ༦ ལ་སོན་སྐབས། བྱིས་པ་མང་ཆེ་བས་ཨང་ཀི་ ༡༠༠ བར་བགྲང་ཐུབ། ལོ་ན་ ༩ ལ་སོན་སྐབས། ཁོ་ཚོས་བསྒྱུར་རྩིས་སྦྱང་འགོ་རྩོམ་གྱི་ཡོད།
          ○ལོ་ཚད་འདི་ཡི་བྱིས་པའི་ལུས་གཟུགས་མཉམ་ཞུགས་བྱེད་པ་མ་ཟད་སེམས་ཁམས་ཀྱང་ཞུགས་ན་སྦྱོང་འདྲིས་བྱེད་པར་ཕན་ཐོགས་ཡོད།
          ལུས་པོ་འཚར་སྐྱེད།
          ○ལུས་པོའི་ནུས་ལས་སྔར་ལས་གོང་འཕེལ་འགྲོ་གི་ཡོད། བྱིས་པ་མང་པོ་ཞིག་ལོ་ན་ ༦ ལ་སོན་སྐབས་ལག་པས་ལྒང་ལི་བཟུང་རྩེད་བྱེད་ཐུབ། མང་ཆེ་བས་འཁོར་ལོ་གཉིས་ཅན་གྱི་ལྕགས་རྟ་ཞོན་རྒྱུ་སྦྱང་གི་རེད། ཁོ་ཚོའི་ལྒང་ལི་ལ་གཡོལ་རྒྱུ་དང་། འཛིན་བཟུང་། གཡུག་རྒྱུའི་ནུས་རྩལ་སྔར་ལས་ཆེ་རུ་འགྲོ་གི་ཡོད།
          ○ལོ་ཚད་འདིའི་བྱིས་པ་ཚོ་འགུལ་སྐྱོད་བྱེད་རྒྱུར་དགའ་བོ་ཡོད། མང་པོ་ཞིག་གིས་ཙོག་འདུག་བྱེད་ཡུན་རིང་ན་འཚབ་འཚུབ་དང་འགུལ་ནུར་བྱེད་པར་འབད་བརྩོན་བྱེད། འདི་ནི་སློབ་གྲྭའི་ནང་ལོ་ཚད་འདིའི་བྱིས་པ་ཚོར་དཀའ་ངལ་ཡོད་པའི་རྒྱུ་རྐྱེན་ཡིན།
          ○ཁྱེད་ཀྱི་བུ་ཕྲུག་གིས་ལུས་པོ་གཡོ་འགུལ་མི་ཡོང་བ་བྱ་ཆེད་སྦྱོང་བརྡར་མང་བ་བྱེད་སྲིད། ཁོ་ཚོས་ལམ་གྱི་ཟུར་འགྲམ་དང་། འདུག་སྟེགས། ས་ཆ་མཐོ་སར་དོ་མཉམ་ཡོང་བ་བྱེད་ཐུབ། ཁོ་ཚོ་བདེ་འཇགས་ཡིན་པ་གཏན་འཁེལ་ཁག་ཐེག་བྱེད་ཆེད་ཁོ་ཚོའི་ལུས་པོ་གཡོ་འགུལ་མི་ཡོང་བའི་བྱེད་སྟངས་ལ་ལྟ་རྟོག་བྱོས།
          སྤྱི་ཚོགས་འབྲེལ་ལམ་གོང་འཕེལ།
          ○ལོ་ཚད་འདིའི་བྱིས་པ་ཚོ་འབྲེལ་བ་བཟུང་རྒྱུར་སྔར་ལས་གོམས་བྱང་དུ་འགྲོ་ནའང་། རང་དང་ན་ཚོད་གཅིག་པའི་མཉམ་དུ་འགལ་ཟླ་མང་པོ་ཡོད་སྲིད།
          ○བྱིས་པ་མང་པོ་ཞིག་ལ་འགྲན་བསྡུར་གྱི་བསམ་བློ་སྐྱེས་ཏེ། ཁོ་ཚོ་ནམ་ཞིག་ཕམ་ཤོར་བྱུང་ཚེ་རྩོད་གླེང་དང་ཁ་རྩོད་བྱེད་རྒྱུར་ཐེ་ཚོམ་མེད།
          ○ལོ་ཚད་འདིའི་བྱིས་པ་རྣམས་རང་ལས་ཆུང་བའི་སྤུན་སྲིང་ཚོའི་ཐོག་མགོ་མཁྲེགས་བཙན་པོ་ཡིན།
          ལོ་ན་ ༦ དང་ཡང་ན་ ༧ སྐབས། བྱིས་པ་ཚོས་གྲོགས་པོ་གཅིག་ཁོ་ནའི་མཉམ་དུ་གང་ལེགས་གང་ཡག་བྱེད་ཐུབ། ཡིན་ནའང་ལོ་ན་ ༨ དང་ཡང་ན་ ༩ སྐབས་མི་གསུམ་མམ་བཞི་ཡི་རུ་ཚོགས་ཁྲོད་དུ་བྱ་བ་ཡག་པོ་བྱེད་རྒྱུ་འགོ་རྩོམ་གི་རེད།
          སེམས་ཚོར་སྐྱེ་འཕེལ།
          ○བྱིས་པ་རྣམས་ཀྱིས་ད་དུང་རང་ཉིད་ཁོ་ན་གཙིགས་བཟུང་གལ་ཆེན་བྱེད་སྲིད། མང་ཆེ་བས་རང་ཉིད་ཨང་དང་པོ་ཆགས་འདོད་པ་དང་དོ་སྣང་ཚང་མ་ཁོ་ཚོའི་ཐོག་སླེབས་ན་སྙམ། ཁྱེད་ཀྱི་བུ་ཕྲུག་གིས་ཁོ་ལ་སྣང་ཆུང་བྱས་སོང་བསམ་སྐབས་དེ་མ་ཐག་ཁ་རྩོད་བྱེད་ཀྱི་ཡོད།
          ○ཁྱེད་ཀྱི་བུ་ཕྲུག་གིས་ཡིད་སྐྱོ་བ་དང་། མཆུ་གཉེར་བ། སེམས་སྡུག་བྱེད་སྐབས་ཁྱེད་ཀྱིས་དེ་དག་མཐོང་གི་རེད། ཁོའི་མ་དགའ་བློ་ཕམ་དང་སེམས་སྡུག་གི་ཚོར་བར་གདོང་ལེན་ཇི་ལྟར་བྱེད་པར་རོགས་པ་བྱེད་རྒྱུ།
          ○བྱིས་པ་ཚོའི་སེམས་ལ་ཕོག་ཐུག་ཐེབས་སླ་བོ་ཡོད། ཁོ་ཚོའི་བསམ་བློར་ཁོ་ཚོར་ཕོག་ཐུག་གཏོང་མཁན་གྱི་མི་ཚོས་ “དེ་བསམ་བཞིན་དུ་བྱས་པ་” ཡིན་པར་བསམ་ཆོག་ཆོག་ཡོད། ཁྱེད་ཀྱི་བུ་ཕྲུག་ལ་རང་ཉིད་སྡུག་གྱོང་རེག་མཁན་གྱི་བསམ་བློ་མི་འཁོར་བ་དང་རྒྱུན་དུ་གང་མགྱོགས་དགྲ་ཤ་ལེན་འདོད་བྱེད་པའི་བསམ་བློ་མི་སྐྱེ་བར་རོགས་རམ་བྱེད་རྒྱུ།
          བསམ་བློའི་གོ་རྟོགས་གོང་འཕེལ།
          ○བྱིས་པ་ཚོས་ཁོ་ཚོའི་གཡས་གཡོན་གྱི་འཇིག་རྟེན་སྐོར་ལ་བསམ་གཞིགས་སྔར་ལས་མང་བ་བྱེད་པར་འགོ་རྩོམ་པ་དང་། ཁོ་ཚོས་བྱ་དངོས་རྣམས་ཅིའི་ཕྱིར་འབྱུང་གི་ཡོད་པར་སྐད་ཆ་འདྲི་སྲིད།
          ཁྱེད་ཀྱི་བྱིས་པས་རྟེན་འབྱུང་ངམ་རྒྱུ་དང་འབྲས་བུའི་སྐོར་ལ་སྐད་ཆ་འདྲི་སྲིད། དཔེར་ན། “སྤོ་སྤོ་འདས་གྲོངས་སུ་གྱུར་རྗེས་ཅི་ཞིག་འབྱུང་གི་རེད་” ཅེས་དང་ཡང་ན་ “མི་ཞིག་གིས་སྒེའུ་ཁུང་བཅག་ན་ཅི་ཞིག་འབྱུང་གི་རེད་” ཅེས་པ་ལྟ་བུ།
          ○ལོ་ཚད་འདིའི་བྱིས་པ་རྣམས་ཀྱིས་གྲོགས་པོ་ཚོར་བསམ་བློ་གཏོང་སྟངས་མི་འདྲ་བ་ཡོད་པ་ཤེས་རྟོགས་བྱེད་རྒྱུ་འགོ་རྩོམ་གི་ཡོད།