ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

གཅིག་ཀྱང་ཆད་མི་རུང་།

སྤེལ་དུས 2019-01-09 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མཁའ་འགྲོ་ཚེ་བརྟན་གྱིས་བསྒྲིགས།
       འོས་འགན་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བྱིས་པ་གཅིག་ཀྱང་ཆད་མི་རུང་ལ་ཉིན་གཅིག་ཀྱང་འགོར་འགྱངས་བྱེད་མི་རུང་། དེའི་རྒྱུ་མཚན་ནི། འོས་འགན་སློབ་གསོས་བྱིས་པ་དང་ཁྱིམ་ཚང་གི་རེ་བ་ཁུར་ཡོད་ཅིང་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པར་ཐུག་ཡོད་པས་སོ། །
       ཉེ་བའི་ལོ་འགའི་རིང་། རང་རེའི་ཞིང་ཆེན་གྱིས་སློབ་གསོ་འདྲ་མཉམ་དུ་སྤེལ་བ་དང་ན་ཚོད་ལོངས་པའི་ལོ་ཆུང་བྱིས་པས་སློབ་གསོ་མྱོང་བའི་ཕྱོགས་ནས་གྲུབ་འབྲས་འབུར་དུ་ཐོན་པ་བླངས་ཏེ། ཕལ་ཆེར“སློབ་གྲྭ་འགྲིམ་རྒྱུ་ཡོད”པའི་དམིགས་ཡུལ་དེ་མངོན་འགྱུར་བྱུང་ཡོད་མོད།འོན་ཀྱང་། སློབ་གྲྭ་སྒྲུབ་པའི་ཆ་རྐྱེན་དང་། ས་ཁམས་ཁོར་ཡུག ཁྱིམ་ཚང་གི་དཔལ་འབྱོར་གྱི་གནས་ཚུལ་དང་བསམ་བློའི་འདུ་ཤེས་སོགས་ཀྱི་ཤུགས་རྐྱེན་ཐེབས་པས། ས་ཁུལ་ཁ་ཤས་ཏེ་ལྷག་པར་དུ་མཐའ་འཁོབ་ཀྱི་ཞིང་སྡེ་དང་མི་རིགས་ས་ཁུལ་དུ་སློབ་མཚམས་ཆད་པ་དང་སློབ་མཚམས་འཇོག་པའི་སྣང་ཚུལ་སྔར་བཞིན་མཆིས་ཏེ། བྱིས་པ་དེ་དག་ནི་ཕལ་ཆེར་དབུལ་ཕོངས་རྐྱེན་གྱིས་སློབ་མཚམས་ཆད་པ་དང་སློབ་མཚམས་བཞག་པ། ཡང་ན་སློབ་གྲྭ་འགྲིམ་རྒྱུ་སྟབས་མི་བདེ་བ། སློབ་སྦྱོང་བྱེད་དཀའ་བ། སློབ་གྲྭ་འགྲིམ་རྒྱུར་སུན་པ། དགོན་སྡེར་ཞུགས་པ་སོགས་ཀྱིས་སློབ་མཚམས་བཞག་པ་སོགས་ཡིན། “སློབ་མའི་སློབ་མཚམས་ཆད་པ་ཚོད་འཛིན་དང་སློབ་གྲྭའི་སློབ་མའི་གྲངས་ཀ་ཁག་ཐེག་བྱེད་རྒྱུ”དེ་ནི་སྔར་བཞིན་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བྱ་བ་སྒྲུབ་མཁན་གྱི་མདུན་དུ་ལྷགས་པའི་དཀའ་ཚེགས་ཆེ་བའི་འོས་འགན་ཞིག་ཡིན།
       འོས་འགན་སློབ་གསོ་ནི《འོས་འགན་སློབ་གསོའི་བཅའ་ཁྲིམས》ལས་གཏན་ལ་ཕབ་པའི་ན་ཚོད་ལོངས་པའི་ལོ་ཆུང་བྱིས་པ་ཚང་མས་ངེས་པར་དུ་དང་ལེན་བྱེད་དགོས་པའི་སློབ་གསོ་སྟེ། སློབ་གསོའི་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན། ང་ཚོས་སློབ་མཚམས་ཆད་པ་དང་སློབ་མཚམས་བཞག་པའི་བྱིས་པ་རྣམས་རང་ཉིད་ཀྱི་བྱིས་པ་བཞིན་བསྐྱངས་ཏེ། གཅིག་ཀྱང་མི་ཆད་པ་དང་དུས་ཚོད་གཅིག་ཀྱང་འགོར་འགྱངས་མི་བྱེད་པའི་སྒོ་ནས་ཁོ་ཚོ་ཕྱིར་སློབ་ཁང་དང་སློབ་རར་ལོག་ཏུ་འཇུག་དགོས།
       “སློབ་མའི་སློབ་མཚམས་ཆད་པ་ཚོད་འཛིན་དང་སློབ་གྲྭའི་སློབ་མའི་གྲངས་ཀ་ཁག་ཐེག་བྱེད་པའི”བྱ་བ་ལེགས་པར་བསྒྲུབས་ནས་མགོ་ཁྲིད་ལ་ཤུགས་སྣོན་བྱེད་རྒྱུ་ནི་གཞི་རྩ་དང་། འབྱུང་རྩ་ངེས་རྒྱུ་ནི་རྨང་གཞི། གནད་ཕིགས་ཇུས་བསྟར་བྱ་རྒྱུ་ནི་གནད་འགག། འགན་འཁྲི་ཐེག་རྒྱུ་ནི་ལས་འགན། འཐུས་སྒོ་ཚང་རྒྱུ་ནི་འགན་སྲུང་བཅས་ཡིན།བཅའ་ཁྲིམས་གཞིར་བཟུང་སྟེ་སློབ་འཛིན་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་རུ་བཏང་ནས་སློབ་འཛིན་བྱེད་པ། དབུལ་སྐྱོར་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་སློབ་འཛིན་བྱེད་པ།འགན་སྲུང་ཤུགས་ཆེར་བཏང་ནས་སློབ་འཛིན་བྱེད་པ། མགོ་ཁྲིད་རྩ་འཛུགས་བྱེད་རྒྱུར་ཤུགས་བསྣན་ཏེ་ན་ཚོད་ལོངས་པའི་ལོ་ཆུང་བྱིས་པའི་སློབ་མཚམས་ཆད་པ་དང་སློབ་མཚམས་བཞག་པའི་གནད་དོན་རྩ་བ་ནས་ཐག་བཅད་དེ། དབུལ་སྒྲོལ་གནད་ཁེལ་གྱི་སློབ་གསོ་སྤེལ་བ་དང་རབས་བརྒྱུད་དབུལ་ཕོངས་ཀྱི་རྒྱུན་བཅད་ནས། སྔར་ལས་ལྷག་པའི་སྒོ་ནས་འོས་འགན་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ་བྱིས་པ་ཚང་མ་བཅའ་ཁྲིམས་ལྟར་འདྲ་མཉམ་ཡོང་བ་དང་སྤུས་ཚད་ལྡན་པའི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་ཡོད་དུ་འཇུག་དགོས།
       དེ་ལྟར་བྱས་ན། ད་གཟོད་མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་ཐུབ་ཅིང་བྱིས་པ་རེ་རེས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་རྒྱང་སྐྱོད་ཀྱི་ལམ་ནས་གཅིག་ཀྱང་མི་ཆད་པ་དང་གཅིག་ཀྱང་རྗེས་སུ་མི་ལྷག་པ་ཞིག་བྱེད་ཐུབ་བོ།།