ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

འཛམ་གླིང་སྟེང་གིAIམཉམ་འདུས་སྙན་སྒྲོན་མ་ཐོག་མ་དེ་ཉེ་ཆར་དངོས་སུ་ལས་ཀར་ཞུགས་པ།

སྤེལ་དུས 2019-03-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་བརྟན་རྡོ་རྗེས་བསྒྱུར།
     ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གིས་སོའུ་ཀོའུ་ཀུང་སི་དང་མཉམ་འབྲེལ་བྱས་ཏེ་པེ་ཅིང་དུ་རིམ་འཕར་གསར་པའི་AIམཉམ་འདུས་སྙན་སྒྲོན་མ་ཡར་ལངས་བའི་རྣམ་པ་ཅན་དེ་འགྲེམ་སྤེལ་བྱས་པ་མ་ཟད། འཛམ་གླིང་སྟེང་གི་ཆེས་ཐོག་མའི་AIམཉམ་འདུས་སྙན་སྒྲོན་མ་དེ་འདོན་སྤེལ་བྱས་ཡོད་པ་རེད།

     འདི་ནི་ན་ནིང་ཕྱོགས་གཉིས་ཀས་མཉམ་འབྲེལ་སྒོས་འཛམ་གླིང་སྟེང་གི་ཆེས་ཐོག་མའི་མཉམ་འདུས་གསར་འགྱུར་སྙན་སྒྲོན་པ་འགྲེམ་སྤེལ་བྱས་པ་ནས་བཟུང་། མི་བཟོས་རིག་ནུས་དང་གསར་འགྱུར་སྡུད་སྒྲིག་གཉིས་མཉམ་སྡེབ་གཏིང་ཟབ་བྱས་པའི་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་གསར་ཤོས་དེ་རེད།
     ཐེངས་འདིའི་AIམཉམ་འདུས་སྙན་སྒྲོན་པའི་རིམ་འཕར་དང་ཐོན་རྫས་གསར་པའི་ཁྱབ་བསྒྲགས་ལ་འཛམ་གླིང་སྨྱན་སྦྱོར་སྡེ་ཡིས་སླར་ཡང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་དེ། “དེ་རིང་གི་ཨུ་རུ་སུ”བརྙན་འཕྲིན་ལས་ཁུངས་ཀྱི་དྲ་ཚིགས་དང་། དབྱིན་ཇིའི་Daily Mailསོགས་ཕྱི་རྒྱལ་གྱི་སྨྱན་སྦྱོར་དག་ཏུ་འདིའི་སྐོར་གྱི་གནས་ཚུལ་མང་དུ་སྤེལ་ཡོད་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་གི་ལས་མི་གསར་པ་ཞིག་ཡིན་པའི་ཆ་ནས། AIམཉམ་འདུས་སྙན་སྒྲོན་པ་ལས་གནས་སུ་ཞུགས་མ་ཐག་གསར་འགྱུར་སྙན་སྒྲོན་གྱི་ལས་ཀར་ཞུགས་པ་མ་ཟད། ལས་ཆོད་ཀྱང་ཧ་ཅང་ཆེན་པོ་ཡོད་དེ་མིག་སྔར་གསར་འགྱུར་༣༤༠༠ལྷག་སྙན་སྒྲོན་གནང་ཟིན་པ་དང་སྡོམ་རྩིས་ལྟར་ན་དུས་ཚོད་སྐར་མ་ཆིག་སྟོང་ལྷག་ཙམ་ཟིན་པ་རེད། གཞན་ཡང་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་ལྔ་པ་དང་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་ཐོག་མ་སོགས་ཀྱི་གལ་ཆེའི་སྙན་སྒྲོན་གྱི་ལས་ཀར་ཞུགས་མྱོང་བས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་ཐོན་སྐྱེད་བྱེད་མཁན་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད། AIམཉམ་འདུས་སྙན་སྒྲོན་པའི་རྣམ་གྲངས་ཀྱི་འགན་འཁུར་བ་ཆི་ཧུའེ་ཅེ་ཡིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་རིམ་འཕར་ནི་སྒྲ་དང་པར་རིས་ཀྱི་སྒུལ་བྱེད་འཕྲུལ་འཁོར་ཐད་ལེགས་བཅོས་དང་ཐོལ་བརྒལ་མི་ཉུང་བ་བྱུང་ཡོད་ལ། སྙན་སྒྲོན་བྱས་པ་དག་སྔར་བས་དག་ཅིང་སྙན་པར་གྱུར་བ་དེ་རེད།

རྩོམ་སྒྲིག་པ། སྣང་རྡོ།