ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཀྲུང་གོའི་མི་རིགས་ཡི་གེའི་ཡིག་གཟུགས་བརྩམས་ཆོས་དང་ཚད་ལྡན་ཡིག་ཆ་འགྲེམས་སྟོན་མི་རིགས་རིག་གནས་ཕོ་བྲང་དུ་སྤེལ།

སྤེལ་དུས 2019-08-15 ཡོང་ཁུངས། ཁམས་པའི་བརྙན་འཕྲིན། རྩོམ་པ་པོ།

    2019ལོའི་ཟླ8ཚེས8ཉིན། མི་རིགས་རིག་གནས་ཕོ་བྲང་གིས་གཙོ་སྒྲུབ་གནང་ཞིང་། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དང། མི་རིགས་རིག་གནས་འགྲེམས་སྟོན་ཁང་། མི་རིགས་རིག་གནས་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱིས་རོགས་སྒྲུབ་བྱེད་པའི་“ང་དང་ངའི་མེས་རྒྱལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བ། ཀྲུང་གོའི་མི་རིགས་ཀྱི་ཡི་གེའི་ཡིག་གཟུགས་བརྩམས་ཆོས་དང་ཚད་ལྡན་ཡིག་ཆ་འགྲེམས་སྟོན”མི་རིགས་རིག་གནས་ཕོ་བྲང་འགྲེམས་སྟོན་ཁང་དང་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་སྤེལ་བ་རེད། 
    ཐེངས་འདིའི་འགྲེམས་སྟོན་ལ་རྒྱ་ཡིག་དང་སོག་ཡིག བོད་ཡིག ཡུ་གུར་གྱི་ཡི་གེ ཧ་སག་གི་ཡི་གེ ཁྲའོ་ཞན་གྱི་ཡི་གེ་སོགས་ཡིག་རིགས51གི་ཡིག་གཟུགས་བརྩམས་ཆོས200དང་ཚད་ལྡན་ཡིག་ཆ100ལྷག་འགྲེམས་སྟོན་བྱས་ཡོད། 
    ཐེངས་འདིའི་འགྲེམས་སྟོན་ལ་པེ་ཅིང་དང་ནང་སོག ཤིན་ཅང་། ཀོང་ཞི། ཉིང་ཞ། བོད་ལྗོངས། ཧེ་ལང་ཅང་། ཅི་ལིན། ལིའང་ཉིང་། ཧོ་པེ། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་མི་རིགས་སོ་སོའི་ཡིག་གཟུགས་མཁས་པ་དང་། རིགས་གཅིག་མཁས་པ96གིས་ཤུགས་ཆེན་པོས་རྒྱབ་སྐྱོར་དང་རོགས་རམ་བྱས་པ་དང་། རིམ་པ་སོ་སོས་འགོ་ཁྲིད་དང་རིགས་གཅིག་མཁས་པ། མཛའ་ཉེ་གྲོགས་པོ་ཚོས་མཉམ་དུ་སྐུལ་འདེད་བྱས་པས། ཁྱོན་བརྩམས་ཆོས209འགྲེམས་སྟོན་ལ་ཞུགས་ནས། མི་རིགས་སོ་སོའི་ཡིག་གཟུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཛེས་སྡུག་ཡང་དག་མངོན་ཡོད། འགྲེམས་སྟོན་ནི་ཟླ8ཚེས13ཉིན་མཇུག་སྒྲིལ་ཡོད།  

རྩོམ་སྒྲིག་པ།སྣང་རྡོར།