ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

རང་ལྗོངས་ཀྱི་མི་རིཊ་ཁག་གིས་རྒྱལ་སྟོན་ལ་རྟེན་འབྲེལ་ཟབ་མོ་ཞུས་འདུག

སྤེལ་དུས 2019-10-08 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས། རྩོམ་པ་པོ།
        ཉིན་ཤས་བསྟུད་མར་བོད་ནུབ་རྒྱུད་ཀྱི་མངའ་རིས་ནས་ཡར་ཀླུང་གཙང་འགྲམ་བར་དང་། ལེ་དབར་ཁྲི་ཡི་བྱང་ཐང་ནས་གངས་ལྗོངས་ཀྱི་གཙང་པོའི་ལྷོ་རྒྱུད་བར། རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་དེ་བཞིན་རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་གྱི་གུང་གསེང་གི་དགའ་སྟོན་རྣམ་པར་རོལ་བཞིན་མཆིས།

ཡུལ་སྐོར་བས་པར་རིས་འགྲེམས་སྟོན་ལ་བལྟ་བཞིན་པ།
         ཚེས་4ཉིན་གྱི་སྔ་དྲོར། “ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ—བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་སྐབས་བཅུ་གཉིས་པ”ལྷ་སར་འགོ་བཙུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་པར་ལེན་འགྲེམས་སྟོན་ཆེ་མོར་རྒྱལ་ཡོངས་ཀྱི་པར་ལེན་མཁས་ཅན་དང་པར་ལེན་ལ་དགའ་མཁན་ཚོས་རྒྱ་ཁྱབ་ངང་དང་ལེན་བྱས་པ་དང་། ཟླ་9ཚེས་10ཉིན་ལྗོངས་ཕྱི་ནང་གི་པར་ལེན་མཁས་ཅན་དང་པར་ལེན་ལ་དགའ་མཁན་200ལྷག་ཙམ་གྱིས་པར་ལེན་བརྩམས་ཆོས་10000ལྷག་ཙམ་མཁོ་འདོན་བྱས་པ་རེད། 

ཡུལ་སྐོར་བས་པར་རིས་འགྲེམས་སྟོན་ལ་བལྟ་བཞིན་པ།
        པར་ལེན་འགྲེམས་སྟོན་ཆེ་མོའི་དཔྱད་འདེམས་ཨུ་ལྷན་གྱིས་དཔྱད་འདེམས་ནན་ཏན་བྱས་པ་བརྒྱུད། བསྡུ་ལེན་བྱས་པའི་བརྩམས་ཆོས་ཀྱི་ནང་ནས་བརྩམས་ཆོས་300ལྷག་ཙམ་བདམས་པ་དེ་དག་གི་ནང་དོན་ཕུན་སུམ་ཚོགས་པས། ལྗོངས་ཕྱི་ནང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་ལྟ་སྐོར་བྱས་པ་དང་། བོད་ཀྱི་ཉིན་བཞིན་འགྱུར་ལྡོག་འགྲོ་བའི་འཕེལ་རྒྱས་དང་འཕོ་འགྱུར་མཐོང་སྐབས། ཁོ་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད་སེམས་ལ་གཡོ་འགུལ་ཡང་ཆེན་པོ་ཐེབས་པ་རེད།

མི་རིགས་ཁག་གི་མང་ཚོགས་དང་ལས་བྱེད་པ་ཚོས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྒྱལ་དར་དང་མཉམ་དུ་དྲན་རྟེན་པར་རྒྱག་པ།
         ཟླ་10ཚེས་1ཉིན། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་བཀྲ་ཤིས་ཐང་གི་གྲོང་མི་ཡོངས་གྲོང་ཚོའི་རིག་གནས་ཁང་དུ་མཉམ་དུ་འཛོམས་ཏེ་རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པ། གླུ་ལེན་གར་འཁྲབ་བཅས་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

         ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི“མཉམ་དུ་མེས་རྒྱལ་ལ་བསྟོད་གླུ་འབུལ”ཞེས་པའི་མི་ཁྲི་མཉམ་གཞས་གཏོང་བའི་བྱེད་སྒོ་སྤེལ་ཞིང་། འདི་ནི་མཉམ་གཞས་ནང་ཞུགས་མཁན་མང་ཚོགས་ཡིན་པ།
         ཟླ་10ཚེས་1ཉིན། རྩེད་ཐང་གི་ཁྲོམ་གཞུང་དུ་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་མེ་ཏོག་རབ་ཏུ་བཞད་ཅིང་། གང་སར་དགའ་སྟོན་གྱི་རྣམ་པས་ཡོངས་སུ་ཁེངས། ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་དང་། ལས་བྱེད་པ་དང་ལས་བཟོ། སློབ་མ་བཅས་གྲོང་ཁྱེར་ལུས་རྩལ་ཐང་དུ་མཉམ་འཛོམས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས“མི་སྟོང་གི་སྒོར་གཞས”ཀྱི་མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་པ་དང་། རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་ཟབ་མོ་ཞུས་པ་རེད། ལྷུན་རྩེ་རྫོང་བྱ་ཡུལ་ཤང་ཁབ་གྲོང་ཚོའི་མང་ཚོགས་མིག་དམར་ཚེ་རིང་ཆེད་མངགས་གྲོང་ཁྱེར་ལུས་རྩལ་ཐང་དུ་སྒོར་གཞས་འཁྲབ་པར་སླེབས་པ་དང་། ཁོང་གིས་གསར་འགོད་པར“རླབས་ཆེན་མེས་རྒྱལ་དར་རྒྱས་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ་གི་ཡིན”ཞེས་སེམས་འགུལ་ཐེབས་བཞིན་བཤད།

         ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི“མཉམ་དུ་མེས་རྒྱལ་ལ་བསྟོད་གླུ་འབུལ”ཞེས་པའི་མི་ཁྲི་མཉམ་གཞས་གཏོང་བའི་བྱེད་སྒོ་སྤེལ་ཞིང་། འདི་ནི་མཉམ་གཞས་ནང་ཞུགས་མཁན་མང་ཚོགས་ཡིན་པ།
         ཟླ་10ཚེས་1ཉིན་གྱི་སྔ་དྲོར། ནག་ཆུ་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས“གསར་བརྗེའི་གླུ་གཞས་ལེན་པ་དང་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་འཁྲུངས་སྐར་ལ་ཕྱག་རྟགས་ཕུལ་བ་རེད། 

ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་དང་དགའ་སྤྲོ་མཉམ་འཛོམས་བྱས་ནས་རྒྱལ་སྟོན་དགའ་གཏོང་བྱེད་པ།
         ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ནག་ཆུ་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོར་ཞུགས་ཡོད། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་བལྟས་རྗེས། མེས་རྒྱལ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་མྱོང་ཚོར་ཟབ་མོ་བྱུང་བ་དང་དུས་མཚུངས། མུ་མཐུད་རང་འགན་གཙང་སྒྲུབ་བྱས་ཏེ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཁག་ལ་རྡུང་རྡེག་ཚ་ནན་བཏང་སྟེ། ནག་ཆུའི་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན་ཞེས་འཚང་ཁ་ཤིག་ཤིག་ངང་བཤད།

མང་ཚོགས་ཚོས་མཉམ་སྤྲོའི་བྱེད་སྒོར་ཞུགས་བཞིན་པ། 
         རྒྱལ་སྟོན་རིང་རུ་ཐོག་རྫོང་ཨུད་ཀྱིས་འཚམས་འདྲིའི་ཚོགས་ཆུང་བཏང་ནས། ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་བ་རྒན་གྲས། གཞུང་དོན་དུ་སྐུ་གཤེགས་པའི་ཏང་ཡོན་དང་ལས་བྱེད་པའི་ནང་མི། “མཐའ་སྲུང་མཐའ་བརྟན”གྱི་དཔེ་མཚོན་འཐུས་མི་ཁག་གཅིག དེ་བཞིན་རྒྱལ་སྟོན་རིང་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་འཐབ་ཕྱོགས་དང་པོའི་མི་སྣ་བཅས་ལ་འཚམས་འདྲི་ཞུས་ཏེ། ཁོང་ཚོར་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་ཚོར་བར་བྱས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།

མང་ཚོགས་ཚོས་གླུ་ལེན་གར་འཁྲབ་ལ་བརྟེན་ནས་རྒྱལ་སྟོན་ལ་རོལ་བ།
         ཉེ་ཆར་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་རོང་ཤང་དུ། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ”བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་དང་། བྱེད་སྒོར་གྲུ་པ་རོང་དུ་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལས་དོན་རུ་ཁག་དང་མང་ཚོགས་ཀྱི་འཐུས་མིས་སྣ་མང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་བྱས་ཏེ་མེས་རྒྱལ་མ་ཡུམ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།

མང་ཚོགས་ཚོས་གླུ་ལེན་གར་འཁྲབ་ལ་བརྟེན་ནས་རྒྱལ་སྟོན་ལ་རོལ་བ།
རྩོམ་སྒྲིག་པ།སྣང་རྡོར།