ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

གྲོང་མིས་དོ་ཁུར་བྱེད་པའི་དྲོད་རླངས་སྐོར་གྱི་ལན་ཚང་མ་འདིར་ཡོད།

སྤེལ་དུས 2019-10-16 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས། རྩོམ་པ་པོ།
         ལྷ་སའི་གནམ་གཤིས་རིམ་གྱིས་གྲང་དུ་སོང་བ་དང་སྔ་དགོང་གཉིས་ལ་དྲོད་ཚད་ཧེ་བག་ཆེ་བས། གྲོང་མི་མང་པོ་ཞིག་གིས་རང་བྱུང་སོལ་རླངས་ཀྱི་དྲོད་རླངས་ཇི་ལྟར་གཏོང་དགོས་མིན་དང་གྲོན་དངུལ་ཇི་ལྟར་སྐྱེལ་དགོས་མིན་སོགས་ལ་དོ་ཁུར་བྱེད་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་གཏན་འཁེལ་བྱས་པའི་དྲོད་རླངས་གཏོང་བའི་དུས་ཚོད་ནི་ཟླ་11ཚེས་15ནས་སང་ལོའི་ཟླ་3ཚེས་15ཉིན་བར་ཡིན་པ་དང་། རང་བྱུང་སོལ་རླངས་ཀྱི་རིན་གོང་ལོ་གོང་མ་དང་གཅིག་མཚུངས་རེད་འདུག 

         དེ་ཡང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་དུད་ཚང་རེའི་ལོའི་སོལ་རླངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་1500(སྨི་རྒྱ་དཔངས་གྲུ་བཞི་1500ཚུད་པ)ནང་ཚུན་དུ་ཡིན་ཚེ། སྨི་རྒྱ་དཔངས་གྲུ་བཞི་རེའི་རིན་གོང་སྒོར་1.50ཡིན་པ་དང་། དེ་ལས་བརྒལ་ཚེ། སྨི་རྒྱ་དཔངས་གྲུ་བཞི་རེའི་རིན་གོང་སྒོར་4.46སྤྲོད་དགོས་ཀྱི་ཡོད། རང་བྱུང་སོལ་རླངས་ནི་ཁྱིམ་ཚང་གི་འཚོ་བ་དང་དྲོ་ཇུས་སུ་སྤྱོད་ཆོག་པ་ཞིག་ཡིན་པ་དང་། རིན་གོང་སྤྱིར་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སོལ་རླངས་རིན་གོང་གི་ཚད་གཞི་ལྟར་ལེན་བཞིན་འདུག དཀའ་ངལ་ཡོད་པའི་ཚོགས་སྤྱིའི(གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་སྣ་དང་། འགན་ལེན་ལྔའི་དུད་ཚང་། གཟིགས་སྐྱོང་བྱ་ཡུལ་གཙོ་བོ)ཁྱིམ་ཚང་རེའི་ལོའི་སོལ་རླངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་600(སྨི་རྒྱ་དཔངས་གྲུ་བཞི་600ཚུད་པ)ནང་ཚུན་དུ་ཡིན་ཚེ། རིན་པ་མ་ལེན་པའི་སྒོ་ནས་གཏོང་ཆོག་པ་དང་། དེ་ལས་བརྒལ་ཚེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སོལ་རླངས་རིན་གོང་གི་ཚད་གཞི་ལྟར་གྲོན་དངུལ་སྤྲོད་དགོས་ཀྱི་འདུག གྲོང་མི་མ་ཡིན་པའི་སོལ་རླངས་སྤྱོད་མཁན་གྱིས་སྨི་རྒྱ་དཔངས་གྲུ་བཞི་རེར་སྒོར་4.46སྤྲོད་དགོས་ཀྱི་འདུག གྲོང་མིས་སེམས་སྐྱིད་ཀུང་སིའི་གཞུང་ཕྱོགས་སྐད་འཕྲིན་གྱི་ཨང་རྟགས་དང་། སྐད་འཕྲིན་གྱི་གྲོང་ཁྱེར་ཞབས་ཞུ། འཛུགས་སྐྲུན་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་། དབྱིས་གཏོང་སྤྲོད་སོགས་ཀྱི་གྲོན་དངུལ་སྐྱེལ་ས་ནས་ལམ་སེང་གྲོན་དངུལ་སྐྱེལ་ཆོག
       ད་བར་ལྷ་ས་གྲོང་ཁྱེར་སེམས་སྐྱིད་འབར་རླངས་ཚ་ནུས་ཚད་ཡོད་འགན་འཁྲི་ཀུང་སིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ནུབ་དང་། གྲོང་ཤར། སྣེའུ་ཁུལ་གསར་བཅས་སུ་ཕྱོགས་བསྡུས་ཞབས་ཞུའི་ལས་གཉེར་ས་ཚིགས་བཙུགས་ཡོད་པས། གྲོང་མིས་དྲ་ཐོག་ནས་གྲོན་དངུལ་སྐྱེལ་བ་ཕུད། ད་དུང་སོ་སོའི་ཉེ་འགྲམ་གྱི་ལས་གཉེར་ས་ཚིགས་ནས་འབྲེལ་ཡོད་ལས་སྒོ་གཉེར་ཆོག་གི་ཡོད་པ་རེད། 
རྩོམ་སྒྲིག་པ།སྣང་རྡོར།