ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཞེད་སྣང་ལ། ཁྲག་ཤེད་མཐོ་པོས་ཁྲག་རྩར་གནོད་འདི་ལྟར་སྐྱེལ་གྱི་འདུག

སྤེལ་དུས 2019-11-05 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྙན་སྦྱོར་ལས་དྲངས། རྩོམ་པ་པོ།
        ཁྲག་ཤེད་མཐོ་བའི་ནད་ནི་འཕར་རྩའི་ཁྲག་ཤེད་མཐོ་པོ་ཆགས་པའི་གཅོང་ནད་ཅིག་ཡིན་ཞིང་། དེས་སྙིང་དང་མཁལ་མ་སོགས་ལ་གནོད་སྐྱོན་གཏོང་གི་ཡོད་ལ། ཁྲག་རྩའི་ནང་སྐྱིར་ཡང་གནོད་སྐྱོན་གཏོང་གི་ཡོད། ཡིན་ནའང་ཁྲག་རྩར་གནོད་སྐྱོན་གཏོང་བར་ཉིན་མ་གཅིག་གཉིས་ཙམ་མ་ཡིན་པར་དུས་ཡུན་རིང་པོ་དགོས་ཀྱི་ཡོད།
        ཁྲག་ཤེད་མཐོ་བའི་ནད་ཀྱིས་ཁྲག་རྩའི་ནང་སྐྱིར་གནོད་སྐྱོན་གཏོང་སྟངས། 
རྒྱུན་གཏན་གྱི་ཁྲག་ཤེད།

ཁྲག་ཤེད་མཐོ་རུ་སོང་བས་ཁྲག་རྩར་རྡབ་རྡེབ་གཏོང་གི་ཡོད།

ཁྲག་ཤེད་ཇི་ཙམ་མཐོ་བ་དེ་ཙམ་གྱིས་ཁྲག་རྩར་རྡབ་རྡེབ་ཆེ་བས། ཁྲག་རྩའི་བཟོ་ལྟ་གྱུར་ནས་རྒྱུན་གཏན་དང་མི་འདྲ་བར་འགྱུར་གྱི་ཡོད།

ཤུགས་རྐྱེན་ཡུན་རིང་ཕོག་པ་ལས་ཁྲག་རྩའི་ནང་སྐྱིར་གནོད་སྐྱོན་ཕོག་ཅིང་། དེ་ཡང་རྨ་ཤུལ་ལྟ་བུ་ཞིག་ཆགས་པའི་དབང་གིས་མཐའ་མ་ཁྲག་གི་རྡོག་པོ་ཆགས་ཀྱི་ཡོད།

གནོད་སྐྱོན་ཕོག་སར་རྨ་ཤུལ་ལྟ་བུ་ཆགས་ནས་ཁྲག་རྩའི་ནང་ཤ་མཐུག་ཏུ་འགྲོ་གི་ཡོད།

ཁྲག་རྩའི་ནང་སྐྱིར་གནོད་སྐྱོན་ཕོག་རྗེས། དེའི་རབ་བེ་རོབ་བེའི་ནང་སྐྱིར་གཟུགས་ཅན་སྙིགས་རོ་ཕུང་གསོག་ཐེབས་ཀྱི་ཡོད། 

ཁྲག་རྩའི་ནང་སྐྱི་རྒྱུན་ཆད་མེད་པར་མཐུག་ཏུ་ཕྱིན་པས། ཁྲག་རྩ་གུ་ཇེ་དོག་ཏུ་ཕྱིན་ནས་ཁྲག་གི་རྡོག་པོ་ཆགས་ཀྱི་ཡོད།

ཁྲག་གི་རྡོག་པོ་རིམ་གྱིས་ཆེ་རུ་ཕྱིན་ནས། མཐའ་མ་ཁྲག་རྩ་འགག་གི་ཡོད།

རྩོམ་སྒྲིག་པ།སྣང་རྡོར།