དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སྲོག་ཆགས་འདི་དག་གི་ཤ་ཟས་ན་ནད་དུག་འགོ་བའི་ཉེན་ཁ་ཆེ།

སྤེལ་དུས 2020-02-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

         རི་སྐྱེས་སྲོག་ཆགས་སམ་བདག་མེད་སྲོག་ཆགས། ཡང་ན་གཅན་གཟན་རི་དྭགས་ཀྱི་ཤ་གང་བྱུང་ཟས་ན་ནད་དུག་ཕོག་པའི་ཉེན་ཁ་ཡོད་པ་མི་མང་པོས་ཤེས་ཀྱི་ཡོད། ཡིན་ནའང་མི་འགའ་ཤས་ཀྱིས་ད་དུང་དེ་དག་གི་ཤ་བཟའ་རྒྱུར་དགའ་པོ་ཡོད་པའི་རྒྱུ་རྐྱེན་ཅི་ཡིན་ཞེ་ན། དེར་རྒྱུ་མཚན་གཉིས་ཏེ། གཅིག་ནི་ཁོང་ཚོས་སྲོག་ཆགས་དེ་རིགས་ཀྱི་ཤ་ཟས་ན་ལུས་སྟོབས་གསོ་བའི་ནུས་པ་ལྡན་སྙམ་པ་དང་། གཉིས་ནི་གསོལ་སྟོན་ཁག་ནང་སྲོག་ཆགས་འདྲ་མི་འདྲའི་ཤ་སྒྲིག་གཤོམ་བྱས་ན་གསོལ་སྟོན་གཤོམ་མཁན་ལ་ངོ་སོ་ཡོད་པར་འདོད་པ་དེ་རེད།
         ཡིན་ནའང་ཚན་རིག་གིས་ར་སྤྲོད་བྱས་པར་གཞིགས་ན་རི་སྐྱེས་སྲོག་ཆགས་མང་པོ་ཞིག་གི་ལུས་ལ་ནད་དུག་མང་པོ་ཡོད། གཤམ་ལ་གྲོགས་པོ་རྣམ་པར་ལུས་ལ་ནད་དུག་མང་པོ་ཡོད་པའི་རི་སྐྱེས་སྲོག་ཆགས་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་ཡིན།

         དང་པོ། ཕ་ཝང་།
         རི་སྐྱེས་སྲོག་ཆགས་ཀྱི་ཤའི་ཁྲོད་ནད་དུག་མང་ཤོས་ལྡན་པ་ནི་ཕ་ཝང་གི་ཤ་རེད། ཕ་ཝང་གི་ལུས་ནི་ནད་དུག་བཅུ་གྲངས་ཀྱི་གནས་ཚང་ལྟ་བུ་ཡིན་ཡང་ནད་དུག་དེ་དག་གིས་ཕ་ཝང་ལ་གནོད་བྱེད་མི་ཐུབ། འོན་ཏེ་ནད་དུག་གི་གནས་ཚང་ལྟ་བུར་གྱུར་བའི་ཕ་ཝང་གི་ཤ་ཟ་མཁན་དེར་ནད་དུག་འགོས་ཉེན་ཡོད།  དྲ་བའི་ཐོག་དགོད་གཏམ་འདི་འདྲ་ཞིག་ཡོད་པ་སྟེ། ཕ་ཝང་གིས་ལོ་དུང་ཕྱུར་ནང་ནད་དུག་དག་རང་ཉིད་ཀྱི་གཟུགས་པོའི་ནང་སྦས་སྐུང་བྱས་ཐོག ནད་དུག་དེ་དག་མི་ལ་འགོས་དོགས་ཀྱིས་མཚན་མི་ཉལ་ཁྱི་ཉལ་གྱི་དུས་ཚོད་ལ་ཡར་ལངས་ནས་ཟས་འཚོལ་བར་འགྲོ་བ་དང་། མི་རྣམས་མལ་ལས་ལངས་རྗེས་རང་ཉིད་ཁ་ཁུ་སིམ་མིར་ཉལ་ནས་སྡོད་ཀྱི་ཡོད། དེ་མ་ཚད་མི་རྣམས་ཀྱིས་ཟ་དོགས་ཀྱིས་རང་ཉིད་མདོག་ཉེས་པོ་ཞེ་མེར་བ་ཞིག་ལ་འགྱུར་བ་བྱས་ཡོད། ཡིན་ནའང་ཉིན་མོ་ཉལ་ཡང་རུང་། མཚན་མོ་ལངས་ཀྱང་རུང་། མདོག་ཉེས་པོ་ཅི་འདྲར་བཟོས་ཀྱང་རུང་། སྔར་བཞིན་མི་འགའ་རེས་ཕ་ཝང་གི་ཤ་ཟ་བ་དང་ཤ་ཁུ་འཐུང་རྒྱུར་བཀག་འགོག་བྱེད་མ་ཐུབ། དེ་ནི་བཞད་གད་ཀྱི་གཏམ་ཞིག་ཡིན་ནའང་། དེའི་ཐོག་ནས་མི་རྣམས་ཀྱིས་ཤ་འདྲ་མི་འདྲ་བཟའ་རྒྱུར་དགའ་བའི་འདོད་རྔམས་དེ་མཚོན་གྱི་ཡོད།

         གཉིས་པ། ཨོག་དཀར།
        ཨོག་དཀར་ཞེས་པ་དེ་ནི་རྒྱ་སྐད་དུ་果子狸ཟེར་བའི་སྲོག་ཆགས་དེ་རེད། ད་ལོ་ནས་བརྩིས་པའི་ལོ་བཅུ་བདུན་གོང་དུ་ཐོན་པའི་དམིགས་བསལ་གློ་ཚད་SARSནད་དུག་གི་འབྱུང་ཁུངས་དེ་ཡང་ཨོག་དཀར་ཡིན་པར་འདོད། དེ་ནི་རི་སྐྱེས་སྲོག་ཆགས་རྩ་ཆེན་པོ་ཞིག་ཡིན་པ་དང་ཟས་གང་བྱུང་ཟ་མཁན་ཞིག་ཡིན། དེའི་ནད་འགོག་ནུས་པ་ཤིན་ཏུ་ཆེ། འོན་ཀྱང་ཨོག་དཀར་གྱི་ཁོག་པའི་ནང་ནད་དུག་དང་གཞན་བརྟེན་སྲིན་འབུ་མང་པོ་ཡོད་པས། དེའི་ཤ་ཟ་མི་རུང་། 

         གསུམ་པ། ན་གི
         ན་གི་ཞེས་པ་དེ་ནི་རྒྱ་སྐད་དུ་穿山甲ཞེས་པའི་སྲོག་ཆགས་དེ་ཡིན་ཞིང་། དེ་ནི་འཛམ་གླིང་ཐོག་ལྐོག་འཚོང་བྱེད་མང་ཤོས་ཀྱི་འོ་འཐུང་སྲོག་ཆགས་ཤིག་ཡིན་པ་དང་། ན་གིའི་ཉ་ཁྲབ་ལྟ་བུའི་ཕྱི་སྐོགས་དེ་སྲོལ་རྒྱུན་གྱི་སྨན་རྒྱུར་སྤྱོད་པ་དང་། ན་གིའི་ཤ་ནི་མི་རྣམས་ཀྱི་གསོལ་ཅོག་ཐོག་གི་“ཞིམ་ཟས་”ཤིག་ཡིན། ཡིན་ནའང་ན་གིའི་ཤ་ཡི་ནང་ནད་དུག་མང་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

         བཞི་པ། ཝ་མོ། ལྔ་པ། སྲེ་མོང་།
         ཝ་མོ་དང་སྲེ་མོང་(黄鼠狼)གཉིས་ནི་བེམ་རོ་དང་། ཙི་ཙི། འབུ་སོགས་ཟས་ནས་འཚོ་བ་ཞིག་ཡིན་པས། དེ་གཉིས་ཀྱི་ཤ་ཟས་ན་ནད་དུག་འགོ་བའི་ཉེན་ཁ་ཆེན་པོ་ཡོད།
         དྲུག་པ། རྒང་།
         རྒང་སྟེ་རྒྱ་སྐད་དུ་刺猬ཞེས་པའི་སྲོག་ཆགས་དེའི་ལུས་ལ་ཡང་གཞན་བརྟེན་སྲིན་འབུ་དང་བྱི་རིམས་ཀྱི་ནད་དུག་ཡོད་པས། ཟས་སུ་སྤྱོད་མི་རུང་། 

         བདུན་པ། སྤྲེལ།
         མི་འགའ་རེས་སྤྲེལ་གྱི་ཀླད་པ་ལྡག་རྒྱུར་དགའ་པོ་བྱེད་པ་དང་། སྤྲེལ་གྱི་ཀླད་པ་ལྡག་ན་རིག་པ་སྤྱང་དུ་འགྲོ་བའི་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་དོན་དངོས་ཀྱིས་ར་སྤྲོད་བྱས་པར། སྤྲེལ་གྱི་ཀླད་པའི་འཚོ་བཅུད་ཀྱི་རིན་ཐང་དང་ཕག་པའི་ཀླད་པའི་འཚོ་བཅུད་ཀྱི་རིན་ཐང་གཉིས་དབར་ཁྱད་པར་མེད་པས། སྤྲེལ་གྱི་ཀླད་པ་ལྡག་ཆེད་སྤྲེལ་གྱི་སྲོག་གཅོད་པ་ནི་མི་རུང་བ་ཞིག་གོ
         བརྒྱད་པ། ཙི་ཙི།
         ཙི་ཙི་ནི་རྒྱུན་དུ་གཙང་སྦྲ་ཞན་པའི་ཁུང་བུ་དང་རྫབ་དོང་སོགས་སུ་འཚོ་སྡོད་བྱ་རྒྱུར་དགའ་བས། ལུས་ལ་ནད་དུག་དང་སྲིན་འབུ་མང་པོ་ཡོད་ཅིང་། ཙི་ཙི་བརྒྱུད་ནས་འགོས་ཁྱབ་བྱུང་བའི་རིམས་ནད་གྲས་སུ་བྱི་རིམས་དང་ཁ་ཚ་རྨིག་ཚའི་ནད་སོགས་ཡོད་པས། ཙི་ཙིའི་ཤ་གཏན་ནས་བཟའ་མི་རུང་།

         དགུ་པ། སྦྲུལ།
         ཀྲུང་གོའི་ལྷོ་ཕྱོགས་ཀྱི་ས་ཆ་འགའ་རེའི་མི་རྣམས་སྦྲུལ་ཤ་ཟ་རྒྱུར་དགའ་པོ་ཡོད། གནའ་སྔ་མོ་སྦྲུལ་ཤ་ཟ་བ་ནི་ཟས་ཀྱིས་ཕོངས་པས་ཡིན་སྲིད། ཡིན་ནའང་ད་ཆ་སྦྲུལ་ཤ་ཟ་བ་ནི་ལུས་སྟོབས་གསོ་ཕྱིར་ཡིན། དོན་དངོས་ཐོག་སྦྲུལ་གྱི་ཁོག་པའི་ནང་གཞན་བརྟེན་སྲིན་འབུ་འབོར་ཆེན་ཡོད་པ་དང་། སྦྲུལ་ཤ་ཟས་རྗེས་ནད་ཕོག་པ་མང་པོ་མཐོང་རྒྱུ་ཡོད། 

         བཅུ་པ། རུས་སྦལ།
         འགའ་རེས་རུས་སྦལ་གྱི་ཐང་གདུ་ནས་བཏུངས་ན་ལུས་ཟུངས་གསོ་བའི་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་རུས་སྦལ་གྱི་སྐོགས་ཤུན་འོག་ནི་ནད་དུག་དང་གཞན་བརྟེན་སྲིན་འབུའི་གབ་གནས་ཡིན་པ་དང་། དེ་དག་ཁྲོད་ནད་དུག་ཧྲ་མེན་ཞེས་པ་ཞིག་ཡོད་པས་དེས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་བདེ་ཐང་ལ་ཉེན་ཁ་ཆེན་པོ་ཡོད།
         མདོར་ན་སྲོག་ཆགས་གང་བྱུང་གི་ཤ་ཟས་ན་ཉེན་ཁ་ཆེན་པོ་ཡོད་པས་དེར་ཡིད་གཟབ་མཛོད།
རྩོམ་སྒྲིག་པ།སྣང་རྡོར།