དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ལས་ཞུགས་བྱེད་བསམ་ན། འདི་ལ་གཟིགས་པར་འཚལ།

སྤེལ་དུས 2020-10-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

        ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་སྤྱི་ལོ་2020ལོའི་དུས་ཚིགས་གསུམ་པའི་རྒྱལ་ཡོངས་ཀྱི་ལས་མི་དགོས་མཁོ་ཆེ་ཤོས་ཀྱི་ལས་རིགས་100ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་ཚོང་གཉེར་བ་དང་། གཙང་སྦྲ་བ། ཟ་ཁང་གི་ཞབས་ཞུ་བ། བདེ་སྲུང་བ། ཚོང་ཟོག་ཞབས་ཞུ་བ། ཁྱིམ་ལས་ཞབས་ཞུ་བ། འགྲུལ་ཞབས་པ། ས་ཁང་བདག་ཁོངས་ཀྱི་བར་ཁེ་བ། མྱུར་སྐྱེལ་བ། རླངས་འཁོར་བཟོ་པ་བཅས་ལས་རིགས་10ཡི་ལས་ཀ་བ་མི་འདང་བའི་གནས་ཚུལ་ཅུང་འབུར་དུ་ཐོན་ཡོད།
        མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ལུའུ་ཨའེ་ཧུང་གིས། གོ་རིམ་འདི་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ངེས་གཏན་ལྟ་ཞིབ་ཚད་ལེན་གྲོང་ཁྱེར་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་102སྒྲིག་འཛུགས་བྱས་ནས། དུས་ཚིགས་གསུམ་པའི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ལས་མི་བསྡུ་ཚུལ་དང་ལས་འཚོལ་དགོས་མཁོ་སོགས་ཀྱི་ཆ་འཕྲིན་ཕྱོགས་བསྡུས་ཀྱིས་ལས་མི་དགོས་མཁོ་ཆེ་ཤོས་ཀྱི་ལས་རིགས་100བཏོན་པ་ཞིག་ཡིན་ལ། ལས་རིགས་ཀྱི་མིང་ཐོ་ཆ་ཚང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག་བཙལ་ཡང་ཆོག་གི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
        ལུའུ་ཨའེ་ཧུང་གིས། དུས་ཚིགས་གཉིས་པ་དང་བསྡུར་ན་ད་ཐེངས་ཀྱི་ལས་མི་བསྡུ་མཁན་དང་ལས་ཀ་འཚོལ་མཁན་གཉིས་ཀྱི་གྲངས་འབོར་ཆག་པའི་རྣམ་པ་ཐོན་ཡོད། ལས་རིགས་100ཡི་ལས་མི་མཁོ་ཚད་དང་ལས་ཀ་འཚོམ་མཁན་གྱི་གྲངས་འབོར་ཁག་སོ་སོ་དུས་མཚུངས་ལས་བརྒྱ་ཆ་11.6དང་བརྒྱ་ཆ་33.8ཆག་པ་དང་། ལས་ཀ་འཚོལ་མཁན་མི་གྲངས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། དུས་ཚིགས་གཉིས་པའི་དགོས་མཁོ་ཆེ་བའི་མི་གྲངས་ཁྲི་74.6ཟིན་པ་དང་། དུས་ཚིགས་གསུམ་པར་མི་གྲངས་ཁྲི་82.4བར་འཕར་ཡོད་ཅེས་གསུངས་པ་རེད།
        ལུའུ་ཨའེ་ཧུང་གིས། འདི་ལས་དུས་ཚིགས་གཉིས་པར་ལས་སྒོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པས་ཁྲོམ་རའི་མཁོ་སྤྲོད་རྒྱུན་ལྡན་ལྟར་སླར་གསོ་ཐུབ་པ་ནི་ཟུར་བལྟས་ལེབ་མཐོང་ཡིན། འོན་ཀྱང་ལས་རིགས་100ཡི་ལས་མིའི་དགོས་མཁོ་སྔར་བཞིན་ཆེན་པོ་ཡོད། འདིའི་ནང་ཐོན་སྐྱེད་བཟོ་སྐྲུན་དང་དེ་འབྲེལ་ལས་རིགས་དང་སྤྱི་ཚོགས་ཐོན་སྐྱེད་ཞབས་ཞུ། འཚོ་བའི་ཞབས་ཞུ་མི་སྣ་བཅས་དང་འབྲེལ་བ་ཡོད་པའི་ལས་རིགས་38ཡོད་པ་དང་། ཆེད་ལས་ལག་རྩལ་མི་སྣ་དང་འབྲེལ་བ་ཡོད་པའི་ལས་རིགས་18ཡོད་ཅེས་གསུངས་པ་རེད།
        དུས་ཚིགས་གསུམ་པར་བཟོ་སྐྲུན་ལས་རིགས་ཀྱི་དགོས་མཁོ་སླར་གསོ་མངོན་གསལ་དོད་དུ་ཕྱིན་ཡོད་ཅིང་། ལས་རིགས་28གསར་དུ་དགོས་མཁོ་ཆེ་བའི་ལས་རིགས་100ནང་ཚུད་ཡོད། དཔྱད་ཆས་བཟོ་སྐྲུན་བཟོ་པ་སོགས་ལས་རིགས་19བཟོ་སྐྲུན་ལས་རིགས་དང་ཐད་ཀར་འབྲེལ་བ་ཡོད་ཅིང་དེས་བརྒྱ་ཆ་67.9བཟུང་ཡོད། ལས་མི་དགོས་མཁོ་མང་དུ་འགྲོ་བའི་ལས་རིགས་15ཡི་ཁྲོད་དུ། སྐམ་འཛིན་བཟོ་པ་སོགས་ལས་རིགས་5བཟོ་སྐྲུན་ལས་རིགས་དང་ཐད་ཀར་འབྲེལ་བ་ཡོད་ཅིང་དེས་བརྒྱ་ཆ་30བཟུང་ཡོད། དེ་དང་ཆབས་ཅིག་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཡང་དགོས་མཁོ་ཆེ་བའི་ལས་རིགས་100ཡི་གྲས་སུ་ཚུད་ཡོད་པ་རེད།
        སློབ་ཆེན་སློབ་མའི་ལས་ཞུགས་ཐད། ཀྲུང་གོ་མི་དམངས་སློབ་ཆེན་ཀྲུང་གོ་ལས་ཞུགས་ཞིབ་འཇུག་ཁང་དང་རིག་སྟོབས་མཉམ་འབྲེལ་ལས་བསྡུའི་སྙན་ཞུ་ལྟར་ན། དུས་ཚིགས་གསུམ་པར་ད་ལོའི་སློབ་ཐོན་སློབ་མའི་ལས་ཞུགས་ཁྲོམ་རའི་སྟོན་གྲངས་དུས་མཚུངས་ལས་མང་དུ་ཕྱིན་ཡོད། ལས་མི་བསྡུ་གྲངས་ཇེ་མང་དང་ལས་ཀ་འཚོལ་མཁན་གྱི་མི་གྲངས་རིམ་བཞིན་ཆག་འགྲོ་བཞིན་ཡོད།
        ལས་རིགས་ཀྱི་རིགས་དང་དབྱེ་བའི་ངོས་ནས་བལྟས་ན། རྨང་གཞིའི་འཛུགས་སྐྲུན་ལས་རིགས་གསར་པའི་ཤེས་ལྡན་མི་སྣ་མི་འདང་བའི་གནས་ཚུལ་ཅུང་མངོན་གསལ་དོད་པོ་ཡིན། མཚམས་སྦྱོར་དང་། བྲིན་ཚོང་། ཞབས་ཞུའི་རིགས་ཀྱི་ལས་མིའི་དགོས་མཁོ་ཟླ་བ་གོང་མ་ལས་འཕར་ཚད་ཅུང་ཆེ་བ་དང་ལས་ཞུགས་ཁྲོམ་ར་བལྟོས་བཅས་ཀྱིས་ལྷུག་པོ་ཆག་ཡོད། སློབ་གསོ་གསོ་སྦྱོང་དང་། འགན་བཅོལ། ས་ཁང་བདག་ཁོངས་དང་དེ་བཞིན་ཨར་ལས་བཟོ་སྐྲུན་དང་། དྲ་སྦྲེལ་དང་གློག་རྡུལ་ཚོང་དོན། འཕྲིན་གཏོང་དང་དྲ་རྒྱའི་སྒྲིག་ཆས། དངུལ་ཁང་སོགས་ལས་རིགས་ཀྱི་ལས་ཞུགས་གནས་ཚུལ་ཡང་ཅུང་མཐོ་ཙམ་ཡོད། ITདོ་དམ་དང་མཁྲེགས་ཆས་གསར་སྤེལ་རིགས་ཀྱི་ལས་ཞུགས་འགྲན་རྩོད་ཅུང་ཛ་དྲག་པོ་ཡོད་པ་རེད།