དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བོད་ཀྱི་སློབ་མ31ལ་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེཌ་ཐོན་བྱ་དགའ་རགས་འདུག

སྤེལ་དུས 2020-12-29 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          2019--2020ལོ་འཁོར་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་རགས་པའི་སློབ་མའི་མིང་ཐོའི་སྐོར་གྱི་སློབ་གསོ་པུའུ་དང་མི་སྤྱི་པུའུ་ཡི་སྤྱི་བསྒྲགས།


         《ལས་རིགས་སློབ་གླིང་གི་བྱ་དགའ་དང་སློབ་ཞུགས་རོགས་དངུལ་ལེགས་སྒྲིག་བྱེད་པའི་སྲིད་ཇུས་སྐོར་གྱི་ནོར་སྲིད་པུའུ་དང་སློབ་གསོ་པུའི་བརྡ་ཐོ》(ནོར་སློབ〔2019〕ཡིག་ཨང་25པ)དང་《<འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་གནས་སྐབས་ཞིབ་དཔྱད་ལག་བསྟར་བྱ་ཐབས>ཀྱི་སློབ་གསོ་པུའུ་དང་མི་སྤྱི་པུའུ་ནོར་སྲིད་པུའི་བརྡ་ཐོའི》(སློབ་ནོར་〔2019〕ཡིག་ཨང་104པ)གཏན་འབེབས་གཞིར་བཟུང་། སློབ་གསོ་པུའུ་དང་། མི་སྤྱི་པུའུ། ནོར་སྲིད་པུའུ་ཡིས་མཉམ་དུ་འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཞིབ་དཔྱད་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། འདྲ་མཉམ་དང་ དྲང་གཞག་གི་རྩ་དོན་གཞིར་བཟུང་། 2020ལོའི་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)ཁག་དང་ཁེར་རྐྱང་དུ་བཏོན་པའི་གྲོང་ཁྱེར་ཁག ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་སློབ་གསོ་ཚན་པ་དང་མི་སྤྱི་ཚན་པའི་ཐད་གཏོགས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ(ལག་རྩལ་བཟོ་པའི་སློབ་གྲྭ་ཚུད། འོག་ཏུ་གཅིག་མཚུངས)དང་། སློབ་གསོ་པུའི་ཐད་གཏོགས་མཐོ་རིམ་སློབ་གྲྭའི་ཞོར་གཏོགས་འབྲིང་རིམ་ལས་རིགས་སློབ་གྲྭའི་སྙན་ཞུའི་དཔྱད་ཞིབ་ཡིག་ཆར་ཞིབ་དཔྱད་ནན་ཏན་བྱས་ཤིང་། ཞིབ་དཔྱད་གཏན་འཁེལ་བྱས་པ་བརྒྱུད། ཁྱོན་སློབ་མ་19982ལ་2019--2020ལོ་འཁོར་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་རག་པ་དང་། སློབ་མ་རེར་བྱ་དགའ་སྒོར་6000རག་པ་ད་ལྟ་སྤྱི་བསྒྲགས་བྱས་ཡོད།
        རེ་བར་རྒྱལ་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མས་བྱ་དགའ་ཐོབ་པའི་སློབ་མ་མིག་དཔེར་བཟུང་ནས། སློབ་སྦྱོང་ལ་བརྩོན་འགྲུས་དང་ལག་ལེན་བྱེད་ཕོད་པ། ལག་རྩལ་གྱི་ཆུད་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཀུན་སྤྱོད་དང་། བློ་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་འགྱུར་བར་བྱེད་དགོས།

རྩོམ་སྒྲིག་པ། སྣང་རྡོར།