དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བརྙན་ཤེལ་གྱི་བྲན་གཡོག་ལྟ་བུའི་དུས་རབས་འདིར་ནད་འདི་ཕོག་པར......

སྤེལ་དུས 2020-12-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
       ཉེ་བའི་ལོ་ཤས་རིང་། གློག་ཀླད་དང་། ལག་ཐོགས་ཁ་པར། ipadསོགས་གློག་རྡུལ་སྒྲིག་ཆས་ཀྱིས་མི་རྣམས་ཀྱི་འཚོ་བ་བཙན་བཟུང་བྱས་པ་ལྟ་བུའི་རྣམ་པ་ཆགས་ཡོད་པ་དང་། མི་རྣམས་ནི་མིང་དོན་མཚུངས་པའི་“བརྙན་ཤེལ་གྱི་བྲན་གཡོག་”ལྟ་བུར་གྱུར་ཡོད། 

       པར་རིས་ཀྱི་འབྱུང་ཁུངས། སློབ་གསོའི་མདུན་མ། 
       གློག་རྡུལ་སྒྲིག་ཆས་བཀོལ་དྲགས་པའི་རྐྱེན་གྱིས་མིག་ནད་ཀྱང་ཡང་ཡང་ཐོན་གྱི་ཡོད་པ་དང་“བརྙན་ལམ་མཐའ་སྣེའི་ཕྱོགས་བསྡུས་ནད་” ཕོག་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། 
       01.ཅི་ཞིག་ལ་བརྙན་ལམ་མཐའ་སྣེའི་ཕྱོགས་བསྡུས་ནད་ཟེར་རམ། 
       བརྙན་ལམ་མཐའ་སྣེའི་ཕྱོགས་བསྡུས་ནད་ནི་དུས་ཡུན་རིང་བོར་བརྙན་ལམ་མཐའ་སྣེའི་སྒྲིག་ཆས་བཀོལ་སྤྱོད་དང་གཟུགས་སྟོན་གློག་ཤེལ་ལ་ཅེར་ནས་བསྡད་རྗེས་ཕོག་པའི་ཁྱད་ཆོས་མི་ལྡན་པའི་ནད་རྟགས་ལ་ཟེར་ཞིང་། དེ་ལ་མིག་གི་ནད་དང་མིག་ཕྱིའི་ནད་གཉིས་འདུས་པ་དང་། དེའི་ནང་དུ་མིག་གི་ནད་རྟགས་གཙོ་བོ་ནི་མིག་ཤེད་ངལ་དུབ་དང་མིག་སྐམ་པ་དེ་ཡིན། 

       པར་རིས་ཀྱི་འབྱུང་ཁུངས། ལང་ཚོའི་བདེ་ཐང་། 
       ང་ཚོས་དུས་ཡུན་རིང་བོར་བརྙན་ཤེལ་ལ་ལྟ་སྐབས། མིག་འབྱེད་བཙུམ་བྱེད་པའི་གོམས་གཤིས་ལ་འགྱུར་བ་འབྱུང་ཞིང་། མིག་འབྱེད་བཙུམ་བྱེད་པའི་ཐེངས་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད། དེ་ལྟར་བྱས་ན་མིག་གི་ཕྱི་ངོས་ཕྱིར་མངོན་པའི་རྒྱ་ཁྱོན་ཇེ་ཆེར་འགྲོ་བ་དང་། སྐབས་བབས་ཀྱི་ཁོར་ཡུག་གི་དྲོད་ཚད་དང་བརླན་བཤེར་གྱི་ཚད་སོགས་ཀྱིས་མཆི་མའི་འཁོར་རྒྱུག་ལ་ཤུགས་རྐྱེན་ཐེབས་ནས་མིག་གི་མཐོང་ནུས་ཉམས་འགྲོ་ཡི་ཡོད། 
       02.ཇི་ལྟར་བྱས་ནས་བརྙན་ལམ་མཐའ་སྣེའི་ཕྱོགས་བསྡུས་ཀྱི་ནད་ལ་སྔོན་འགོག་བྱེད་དགོས། 
       1.དུས་ཡུན་རིང་པོར་འཆར་ཤེལ་ལ་ལྟ་མི་རུང་བ།

       པར་རིས་འབྱུང་ཁུངས། ཧྲན་ཏུང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་མིག་ནད་སྨན་ཁང་། 
       སྤྱིར་བཏང་མི་རྣམས་ཀྱིས་གློག་ཀླད་སྤྱད་དེ་བྱ་བ་སྒྲུབ་སྐབས། མིག་འབྱེད་བཙུམ་བྱེད་པའི་ཐེངས་གྲངས་དེ་སྐར་མ་1ནང་འབྱེད་བཙུམ་ཐེངས15ཡས་མས་ནས་ཐེངས་6ཙམ་ལ་ཇེ་ཉུང་དུ་འགྲོ་བཞིན་ཡོད། 
       གལ་ཏེ་མིག་བཀོལ་སྤྱོད་བྱེད་ཡུན་ཚད་ལས་བརྒལ་ཚེ་མིག་ཆུའི་ཟགས་ཐོན་ཇེ་ཉུང་དང་མིག་ཆུའི་གྲུབ་ཆར་འགྱུར་ལྡོག་འབྱུང་ཞིང་། མིག་འབྲས་ཕྱི་ངོས་སྐམ་པ་དང་སྐྱི་མོའི་ཁྲག་རྒྱས་པ། ཚ་སྲེག་གི་ཚོར་བ་དང་མིག་ནང་དུ་དངོས་རྫས་ཤིག་ཡོད་པ་འདྲ་བའི་ཚོར་བ་སྐྱེས་ཤིང་། མིག་གིས་ལྟ་བྱའི་དངོས་པོ་གསལ་པོ་མི་མཐོང་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད་པ་རེད། 
       2.བར་གསེང་རང་བཞིན་གྱི་ངལ་གསོ་བ། 

       པར་རིས་ཀྱི་འབྱུང་ཁུངས་། སྐེ་ཚིགས་ཤེས་བྱ་ཀུན་འདུས།  
       གློག་རྡུལ་སྒྲིག་ཆས་བཀོལ་སྐབས་ཡང་དག་པའི་སྡོད་སྟངས་དང་མིག་དང་ལྟ་བྱའི་ཅ་དངོས་གཉིས་ཀྱི་བར་ཐག་ངེས་ཅན་(ཐུར་ལྟའི་ཟུར་0-45°)རྒྱུན་འཁྱོངས་བྱེད་དགོས་ཤིང་། འཆར་ཤེལ་དང་ཐག་ཉེ་དྲགས་མི་རུང་། མིག་དང་འཆར་ཤེལ་བར་གྱི་བར་ཐག་ལི་སྨི་50ཡན་ཡིན་དགོས། 
       རི་མོ་དེའི་ནང་ཕྱོགས་ལ་བལྟས་ན་ད་གཟོད་རྫི་དབྱིབས་ཀྱི་ཤ་གནད་ལྷོད་ཐུབ།

       པར་རིས་ཀྱི་འབྱུང་ཁུངས། ལེའང་ཅིན་ཅིན་བརྙན་འོད།
       དུས་མཚུངས་སུ་མིག་ངལ་གསོ་བ་དང་མིག་གི་མཐོང་ནུས་སླར་གསོ་ཡོང་ཆེད། ཆུ་ཚོད་1རེར་ལས་ཀ་བྱས་རྗེས་ངལ་གསོ་སྐར་མ་15རེ་རྒྱག་དགོས་པ་དང་། སྨི་5ཡན་ཆད་ཀྱི་ཡུལ་ལྗོངས་ལ་རྒྱང་ལྟ་བྱས་ན་མིག་གསོ་བ་དང་མིག་གི་མཐོང་ནུས་སླར་གསོ་ཡོང་བར་ཕན་པ་ཡོད། 
       3. འོས་ཤིང་འཚམ་པའི་ཁོར་ཡུག་འདེམ་པ། 

        པར་རིས་ཀྱི་ཡོང་ཁུངས། ཧྲང་ཧའེ་དབྱང་ཕུའུ། 
        འགྱེད་འཕྲོ་ཅུང་ཆུང་བའི་འཆར་ཤེལ་གདམ་དགོས། དཔེར་ན་གཤེར་ཤེལ་འཆར་ཤེལ་(液晶屏)ཏེ། དེས་འོད་དྲགས་པོ་འཚེར་བ་དང་འགྱེད་འཕྲོ་སོགས་མིག་ལ་གནོད་པའི་འོད་འགོག་ཐུབ།
        ཁང་པའི་ནང་གི་གློག་སྒྲོན་འོས་འཚམ་ཡིན་དགོས་ཤིང་། འཆར་ཤེལ་ངོས་ཀྱི་གསལ་ཚད་དང་རྒྱབ་ལྗོངས་ཀྱི་གསལ་ཚད་གཉིས་ལ་བར་ཁྱད་ཆེན་པོ་ཡོད་མི་རུང་། རྒྱུན་དུ་མཁའ་རླུང་རྒྱུ་རུ་འཇུག་པ་དང་ཁང་པའི་ནང་གི་མཁའ་རླུང་གི་དྲོད་དང་བརླན་བཤེར་གྱི་ཚད་ལ་མཉམ་འཇོག་བྱེད་དགོས།
རྩོམ་སྒྲིག་པ། སྣང་རྡོར།