ཤར་མི་ཉག་དང་འབྲེལ་ཡོད་ཀྱི་དཔེ་ཆ་ཞིག་པར་དུ་བསྐྲུན་འདུག
སྤེལ་དུས 2020-12-30
ཡོང་ཁུངས། ཁམས་པའི་དྲ་བ
རྩོམ་པ་པོ།
ཉེ་ཆར། སྐུ་ཞབས་ཐའོ་ཡུང་གིས་བརྩམས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《མི་ཉག་དམངས་སྲོལ་རིག་གནས་ཞིབ་འཇུག》ད་ལྟ་དངོས་སུ་འགྲེམས་སྤེལ་བྱས་ཡོད་ཅིང་། དེབ་འདི་རུ་རྩོམ་པ་པོས་ཡུལ་དངོས་རྟོག་དཔྱོད་ཀྱི་ཐབས་ལམ་སྤྱད་ནས་སི་ཁྲོན་དཀར་མཛེས་ཁུལ་གྱི་མི་ཉག་ས་ཆའི་ཡུལ་སྐད་དང་། བཟོ་སྐྲུན། འབྲོག་ལས་དང་རྨོ་འདེབས་རིག་གནས། ལག་ཤེས་བཟོ་ལས་སྒྱུ་རྩལ། རྒྱན་གོས་ཀྱི་ཁྱད་ཆོས། བཟས་སྤྱོད་དང་གཉེན་སྲོལ། དམངས་ཁྲོད་རིག་གནས་སྒྱུ་རྩལ། ཆོས་ལུགས་བྱེད་སྒོ་སོགས་ལ་དངོས་ཐོག་བདེན་འཚོལ་ངང་བརྟག་དཔྱད་དང་ཞིབ་འཇུག་བྱས་ཡོད་དོ།།
རྩོམ་སྒྲིག་པ། སྣང་རྡོར།