དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ལོ་གསར་གྱི་ཉོ་ཆ་རྒྱག་སྐབས་གནད་དོན་འདི་དག་ལ་ཡིད་གཟབ་གནང་དགོས།

སྤེལ་དུས 2021-01-07 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།
        དུས་ཆེན་གཉིས་རིང་ཚོང་ཁང་ཁག་གིས“ལོ་མཇུག་གི་དམིགས་བསལ་གཟིགས་སྐྱོང”དང་། “དུས་ཆེན་སྐབས་ཅ་ལག་གི་གོང་བཅག་པ” “དུས་ཚིགས་བརྗེ་བའི་སྐབས་སུ་མཛོད་ཁང་ནང་གི་ཅ་དངོས་གཙང་མ་ཚོང་བ” “བྱ་དགའ་འཐེན་ནས་དངོས་པོ་སྤྲོད་པ”སོགས་ཀྱི་བྲིན་ཚོང་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད། དེར་བརྟེན་ལྷ་ས་གྲོང་ཁྱེར་12315ཞུ་གཏུག་ཐེར་འདོན་ལྟེ་གནས་ཀྱིས། རྒྱ་ཆེའི་འཛད་སྤྱོད་པས་ཚོང་ཁང་ཁག་གིས་བྲིན་ཚོང་བྱེད་སྒོ་སྤེལ་སྐབས་རིན་གོང་དངོས་གནས་གཅོག་མིན་དང་། གོང་རྫུན་མ་བཅག་ནས་ཚོང་མིན། ལག་རྟགས་ལ་མིང་ཡོད་མིན་དང་ཁ་གྲངས་སོགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་འདུག
        འཛད་སྤྱོད་པས་ཟོག་ཉོའི་གཱ་ནས་དངུལ་སྤྲོད་རྒྱུར་ཡིད་གཟབ་བྱེད་དགོས། ད་ཕན་ལོ་ཤས་རིང་ཟོག་ཉོའི་གཱ་ནས་དངུལ་སྤྲོད་པའི་འཛད་སྤྱོད་རྩོད་གཞི་དེ་འཛད་སྤྱོད་རྩོད་གཞིའི་གླེང་མང་བའི་གནད་དོན་དང་དཀའ་གནད་དུ་གྱུར་ཡོད། འཛད་སྤྱོད་པར་ཡང་ཟོག་ཉོའི་གཱ་གཉེར་སླ་བ་དང་དངུལ་ཕྱིར་སློག་དཀའ་བ་སོགས་ཀྱི་གནད་དོན་འཕྲད་བཞིན་ཡོད། ཚོང་ཁང་ཁག་གིས་རིན་གོང་གཅོག་པ་སོགས་ལ་ཁ་གཡར་ནས་ཟོག་ཉོའི་གཱ་གཉེར་སྐབས། འཛད་སྤྱོད་པས་ངེས་པར་དུ་ཡིད་གཟབ་བྱས་ཏེ་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས། ཟོག་ཉོའི་གཱ་མ་གཉེར་གོང་ཚོང་ཁང་གི་གཉེར་སྐྱོང་གནས་ཚུལ་དང་ཁྲོམ་རའི་ཐོག་གི་མཚན་སྙན་སོགས་ལ་ཤེས་རྟོགས་གང་ལེགས་བྱས་ཏེ། ལག་ཁྱེར་ཆ་ཚང་ཡོད་པ་དང་། ཁྲོམ་རའི་ཡིད་རྟོན་རུང་བ། གཉེར་སྐྱོང་གི་གནས་ཚུལ་ལེགས་པ་བཅས་ཀྱི་ཚོང་ཁང་འདེམས་དགོས། ཟོག་ཉོའི་གཱ་གཉེར་སྐབས་ཚོང་ཁང་གི་བཤད་པ་ཁོ་ནར་མི་ཉན་པར། ཡིག་ཐོག་གི་གན་རྒྱ་འཇོག་དགོས་པ་མ་ཟད། གན་རྒྱའི་ནང་དོན་གསལ་པོ་བལྟས་ནས་ཕྱོགས་གཉིས་པོའི་དབང་ཆར་སྲུང་སྐྱོང་ཐུབ་པ་བྱེད་དགོས།

        འཛད་སྤྱོད་པས་ཚོང་པ་ཉི་ཚེ་བའི་བཟའ་བཅའ་ཉོ་རྒྱུར་ཡིད་གཟབ་བྱེད་དགོས། དང་ཐོག་གཉེར་སྐྱོང་བྱེད་མཁན་ལ་ལས་གཉེར་ལག་ཁྱེར་ཡོད་མེད་དང་དེའི་གཙོ་གཉེར་ཐོབ་ཐང་ཁྲིམས་མཐུན་ཡིན་མིན་ལ་ལྟ་དགོས། བཟའ་བཅའི་ཐུམ་སྒྲིལ་མཚོན་རྟགས་ཆ་ཚང་མིན་དང་། བཟའ་བཅའི་ཐུམ་སྒྲིལ་ལ་ཚོང་རྟགས་ཀྱི་མིང་དང་། རྒྱུ་ཆའི་རེའུ་མིག བཟོ་གྲྭའི་མིང་དང་ས་གནས། ཁ་པར། ཐོན་སྐྱེད་ཀྱི་དུས་ཚོད། ཉར་ཚགས་ཀྱི་དུས་ཚོད། ཐོན་རྫས་ཀྱི་མཚོན་རྟགས་ཀྱི་ཚད་ལྡན་ཨང་རྟགས་སོགས་ཡོད་མེད་ལ་དོ་སྣང་བྱེད་དགོས། ལྷག་པར་དུ་བཟའ་བཅའི་ཐོན་སྐྱེད་དུས་ཚོད་དང་དུས་བཅད་ལ་དོ་སྣང་བྱེད་དགོས་པ་མ་ཟད། སྤུས་ཚད་འགན་ལེན་དུས་བཅད་ལ་དེ་བས་དོ་སྣང་བྱེད་དགོས།

        ཡུལ་སྐོར་དུ་སྐྱོད་རྩིས་ཡོད་པའི་གྲོགས་པོ་ལྷན་རྒྱས་ཀྱིས། ཡུལ་སྐོར་ལས་དོན་ཁང་གི་གོང་ཁེ་བའི་ཡུལ་སྐོར་རྣམ་གྲངས་ལ་དེ་བས་དོགས་ཟོན་བྱེད་དགོས་ལ། ལྷག་པར་དུ་ཡུལ་སྐོར་ལས་དོན་ཁང་གིས་རང་དགར་གོང་སྤར་བ་དང་། ཞབས་ཞུའི་རྣམ་གྲངས་ཉུང་དུ་གཏོང་བ། ཞབས་ཞུའི་ཚད་གཞི་དམའ་རུ་གཏོང་བ། བཙན་ཤེད་ངང་ཅ་དངོས་ཉོ་རུ་འཇུག་པ་སོགས་ལ་དོགས་ཟོན་བྱེད་དགོས།

        ལྷ་ས་གྲོང་ཁྱེར་12315ཞུ་གཏུགས་ཐེར་འདོན་ལྟེ་གནས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར། ཅ་དངོས་ཉོ་བའི་སྐབས་སུ་འཛིན་ཤོག་དང་བྱུང་འཛིན་སོགས་ཚད་ལྡན་གྱི་སྤ་སེ་དང་འབྲེལ་ཡོད་དཔང་འཛིན་ལེན་དགོས། དེ་ལྟར་བྱས་ན། འཛད་སྤྱོད་ཀྱི་རྩོད་གཞི་ཐོན་སྐབས། ཚོང་ཁང་བཙལ་ནས་ཐག་གཅོད་བྱེད་ཆོག་པ་དང་། ཐག་གཅོད་བྱེད་མ་ཐུབ་ན་12315ལ་ཁ་པར་བརྒྱབ་ནས་ཞུ་གཏུགས་བརྒྱབ་སྟེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས་འདུག
རྩོམ་སྒྲིག་པ། སྣང་རྡོར།