དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སྟོན་དགུན་གཉིས་ལ་བྱིས་པར་ཆུ་འབྲུམ་ནད་འགོས་སླ་བ།

སྤེལ་དུས 2021-01-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          སྟོན་དགུན་གཉིས་ནི་ཆུ་འབྲུམ་ནད་ལངས་མང་བའི་དུས་རེད། ནད་དེ་བྱིས་པར་འགོས་ཤུགས་ཆེ་བས་ན་མཁན་མང་པོ་ཡོད།  ནད་དེ་ཐད་ཀར་རེག་ཐུག་བྱེད་པའམ་དབུགས་ལམ་བརྒྱུད་ནས་འགོས་འགྲོ་ཡི་ཡོད། བུ་བཅོལ་ཁང་དང་སློབ་ཆུང་གི་བྱིས་པར་ནད་དེ་འགོས་མང་བས། ཁྱིམ་བདག་ཚོས་ངེས་པར་དུ་ཆུ་འབྲུམ་ནད་ལ་སྔོན་འགོག་བྱེད་རྒྱུ་དེ་ཡིད་ལ་བརྟན་པོར་འཆང་དགོས།

          1གང་ཞིག་ལ་ཆུ་འབྲུམ་ནད་ཟེར་རམ།
          ཆུ་འབྲུམ་ནད་ཕོག་མགྱོགས་པ་དང་ནད་འགོས་པའི་ཐོག་མའི་ཉིན་1ནས་2བར་ཚ་བ་རྒྱས་པ་དང་། དེ་རྗེས་པགས་འབྲུམ་མམ་ཐོར་པ་དོན་པ་དང་། པགས་འབྲུམ་མམ་ཐོར་པ་སྔོན་ལ་མགོ་དང་གཟུགས་པོར་དོན་གྱི་ཡོད། དེ་ནས། པགས་པའི་སྐྱི་པགས་ལ་རིམ་བཞིན་ཐོར་པ་སིབ་སིབ་དང་། ཆུ་ལྒང་། རྨ་ཤུལ་སོགས་དོན་གྱི་ཡོད། ཆུ་ལྒང་ཤར་ཚེ། ན་ཟུག་གཏོང་བ་དང་ཟ་འཕྲུག་ལངས་ཀྱི་ཡོད། གལ་ཏེ་ཟ་འཕྲུག་ལངས་སྐབས་འཕུར་འཕུར་མང་པོ་བཏང་ན་གཉན་ཁ་རྒྱས་པ་དང་རྨ་ཤུལ་ཆགས་སྲིད།

          2ཆུ་འབྲུམ་ནད་སྔོན་འགོག་ཇི་ལྟར་བྱེད་དགོས།

          1. ཆུ་འབྲུམ་ནད་ཀྱི་སྔོན་འགོག་གཙོ་བོ་ནི་སྔོན་ཁབ་རྒྱག་རྒྱུ་དེ་ཡིན་པ་དང་། ཆུ་འབྲུམ་ནད་འགོས་སླ་བའི་བྱིས་པར་སྔོན་ཁབ་རྒྱག་རྒྱུ་ནི་མིག་སྔར་ཆུ་འབྲུམ་ནད་ལ་སྔོན་འགོག་བྱེད་པའི་ཐབས་ལམ་ཡག་ཤོས་དེ་རེད།  ལོ་གཅིག་ཡན་གྱི་བྱིས་པར་ཆུ་འབྲུམ་ནད་ཀྱི་སྔོན་ཁབ་རྒྱག་ཆོག་པ་དང་། ཚད་ལྡན་གྱི་སྔོན་ཁབ་རྒྱག་སའི་སྒོ་བསྟེན་སྨན་ཁང་དུ་འགྲོ་དགོས།
          2. དེ་མིན་གཤམ་གྱི་ཐབས་ལམ་ཁག་གཅིག་གིས་ཆུ་འབྲུམ་ནད་ལ་སྔོན་འགོག་བྱེད་པར་ཕན་ནུས་ཐོན་ཏེ།  ཉིན་ལྟར་ཁང་པའི་ནང་མཁའ་རླུང་འགྲོ་རྒྱུག་ལ་དོ་སྣང་བྱས་ནས་ཁང་པའི་མཁའ་རླུང་གཙང་མ་ཡོང་བར་བྱེད་དགོས།  སྟོན་དགུན་གཉིས་སུ་གནམ་གཤིས་གྲང་མོ་ཆགས་ནས་མི་མང་ཆེ་བས་ཁང་པའི་སྒོ་དང་སྒེའུ་ཁུང་རྒྱག་རྒྱུར་དགའ་པོ་ཡོད། དེས་ཆུ་འབྲུམ་ནད་སོགས་དབུགས་ལམ་བརྒྱུད་ནས་འགོས་འགྲོ་བའི་ནད་རིགས་ལ་ཆ་རྐྱེན་ལེགས་པོ་ཞིག་གཏོད་ཀྱི་ཡོད། དེར་བརྟེན། ཁྱིམ་བདག་དང་སློབ་གྲྭའི་རྒན་ལགས་ཚོས་ངེས་པར་དུ་ཁང་པ་དང་སློབ་ཁང་གི་མཁའ་རླུང་གཙང་མ་ཡོང་བར་བྱེད་དགོས།
          3. མི་སྒེར་གྱི་གཙང་སྦྲར་དོ་སྣང་དང་། ལག་པ་བཀྲུ་བ། ཆུ་འབྲུམ་ནད་པར་རེག་ཐུག་བྱེད་མི་རུང།  ཆུ་འབྲུམ་ནད་ཐོན་མང་བའི་དུས་སུ་བྱིས་པ་མི་ཚོགས་མང་པོ་འདུ་སའི་ས་ཆར་འཁྲིད་མི་རུང་ལ། འགོས་ནད་ཕོག་པའི་ནད་པ་དང་འབྲེལ་འདྲིས་ཉུང་ཙམ་བྱེད་དགོས།
          4. མི་གཞན་ལ་ནད་མི་འགོས་པའི་ཆེད་དུ་ཆུ་འབྲུམ་ནད་ཕོག་པའི་བྱིས་པ་ཕྱིར་འཁྲིད་མི་ཉན།  ཆུ་འབྲུམ་ནད་དེ་འགོས་ཤུགས་ཆེ་བས་ནད་ཕོག་པའི་བྱིས་པ་ལོགས་སུ་བཞག་སྟེ། སྨན་བཅོས་བྱེད་དགོས་ལ། ཆུ་ལྒང་རྨ་ཤུལ་ཆགས་རྗེས་ཀྱི་ཉིན་བདུན་རིང་ལོགས་སུ་འཇོག་དགོས།  དུས་ཐོག་ཏུ་ནད་པའི་ཁ་ལུད་སྣ་ལུད་སོགས་དང་། སྦགས་བཙོག་ཐེབས་པའི་ཅ་ལག་བཅས་ལ་དུག་སེལ་བྱེད་དགོས།
རྩོམ་སྒྲིག་པ། སྣང་རྡོར།