དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

འཛམ་གླིང་བྱིས་སྒྲུང་གྲཌ་ཅན་བོད་འགྱུར་མའི་དཔེ་ཚོཌ་དཔེ་སྐྲུན་བྱས་པ།

སྤེལ་དུས 2021-01-08 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
        བྱིས་པ་ནི་ཆུང་ས་ནས་བཤད་ན་ཁྱིམ་ཚང་ཞིག་གི་མ་འོངས་པའི་ཤུལ་འཛིན་པ་དང་། ཆེ་ས་ནས་བཤད་ན་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་འབྱུང་འགྱུར་གྱི་རེ་ལྟོས་བྱ་ཡུལ་ཡིན་པས། ན་ཆུང་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་ཐུབ་ཆེད་ཁོ་ཚོར་དྲོ་སྐྱིད་ལྡན་པའི་བདེ་ཐང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་སྤྱི་ཚོགས་ཐོག་གི་སྐྱེ་བོ་མི་རེ་ངོ་རེའི་འགན་འཁྲི་རེད།

        ཉེ་དུས། ཐོན་མིའི་ལོ་ཙཱ་ལས་སྒྲུབ་ཁང་གི་ཁོངས་མི་ཡོངས་ཀྱིས་དཀའ་སྤྱད་ཀྱི་ས་བོན་མང་དག་གཏོར་ནས་རྩོམ་སྒྱུར་མཛད་པའི་དེབ་བཅུའི་བདག་ཉིད་ཅན་གྱི་ཐོན་མིའི་ལོ་ཙཱ་བོད་འགྱུར་བྱིས་སྒྲུང་དཔེ་ཚོགས(ཁག་དང་པོ)ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་དངོས་སུ་འགྲེམས་སྤེལ་བྱེད་འགོ་ཚུགས། 

        ཐོན་མིའི་ལོ་ཙཱ་བོད་འགྱུར་བྱིས་སྒྲུང་དཔེ་ཚོགས།

        བྱིས་སྒྲུང་དཔེ་ཚོགས་འདི་ནི་མཚོ་སྔོན་ཐོན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་ལོ་ཙཱ་བའི་དཔུང་ཁག་དང་རི་མོ་བ། ལག་རྩལ་པ་བཅས་ཀྱིས་འབྲེལ་ཡོད་ཆེད་ལས་མཁས་དབང་མང་པོར་བློ་འདྲི་དང་།  མི་རིགས་ས་ཁུལ་གྱི་བུ་བཅོལ་ཁང་དང་སློབ་ཆུང་གི་བྱིས་པ་རྣམས་ལ་བོད་ཡིག་གི་ལམ་ནས་ཟུར་ལྟ་བྱ་ཆོག་པའི་བྱིས་སྒྲུང་གསར་པ་ཤིན་ཏུ་ཉུང་བའི་དཀའ་ཁག་དང་དགོས་མཁོར་དམིགས་ནས། རྒྱ་ཡིག་གི་སྟེང་དུ་ཡོད་པའི་འཛམ་གླིང་གི་བྱིས་སྒྲུང་གྲགས་ཅན་ཁག་གཅིག་བོད་ཡིག་ལ་བསྒྱུར་ཏེ། བོད་རྒྱ་ཤན་སྦྱར་གྱི་ཐོག་ནས་དཔེ་སྐྲུན་བྱས་པ་ཞིག་རེད།

        བྱིས་སྒྲུང་དཔེ་ཚོགས་འདིའི་བརྗོད་བྱའི་ཆ་ནས་ན་ཆུང་བྱིས་པའི་ལོ་ཚོད་དང་སེམས་ཁམས་ཀྱི་ཁྱད་ཆོས་ལྟར། སྲོག་ཆགས་ཀྱི་སྒྲུང་དང་། སྐྱེ་དངོས་ལ་སྦྱར་བའི་རབ་རྟོག་གི་སྒྲུང་།  ལྷ་སྒྲུང་། བློ་གྲོས་འགྲན་པ། ཡ་རབས་གུས་སྲོལ་སོགས་ཀྱི་ནང་དོན་སྣ་མང་ཕུན་སུམ་ཚོགས་པས། ལོ་4-11བར་གྱི་ན་ཆུང་བྱིས་པའི་བློ་སྒོ་འབྱེད་པ་དང་། ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་ཕན་པ། བྱིས་པར་ཡང་དག་པའི་མི་ཚེའི་ལྟ་ཚུལ་དང་། འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པ། བྱིས་པ་རྣམས་ལ་ཇི་ལྟར་བྱས་ནས་མི་གཞན་དང་། རང་བྱུང་ཁམས། སྤྱི་ཚོགས་བཅས་སུ་འཆམ་མཐུན་མཉམ་གནས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། བློ་སྒོ་འབྱེད་པ། མཐོང་རྒྱ་སྐྱེད་པ། བསམ་བློ་དང་ཀུན་སྤྱོད་ལེགས་ལམ་དུ་ཁྲིད་པ་སོགས་ལ་ཕན་པ་ངེས་ཅན་ཡོད། རྗོད་བྱེད་ཚིག་སྦྱོར་སྙན་ལ་ཐུང་བ་དང་། ཁ་གསལ་ལ་གོ་བདེ་བའི་ཁྱད་ཆོས་ལྡན་ཡོད་ལ། མི་རིགས་ས་ཁུལ་གྱི་ལོ་ཆུང་བྱིས་པའི་སྐད་གཉིས་ཆུ་ཚད་མཐོ་རུ་གཏོང་ཆེད། དཔེ་དེབ་ཀྱི་མ་ཡིག་དང་འགྱུར་ཡིག་གཉིས་གཤིབ་བསྡུར་བྱེད་ཆོག་པར་བསྒྲིགས་ཡོད་པ་དང་མ་ཡིག་གི་སྟེང་དུ་སྒྲ་སྦྱོར་ཡི་གེ་བཀོད་ཡོད་པས་ཀློག་བདེ་བ། གཞན་ད་དུང་དེབ་ཀྱི་བར་དུ་ཚོན་ལྡན་བར་བཅུག་རི་མོ་བཀོད་སྒྲིག་བྱས་ཤིང་། བར་བཅུག་རི་མོ་ནི་བོད་ཀྱི་སྲོལ་རྒྱུན་རི་མོ་དང་དེང་རབས་འགུལ་རིས་སྒྱུ་རྩལ་ཟུང་འབྲེལ་སྒོས་བྲིས་ཡོད་ལ། ཞིབ་ཕྲའི་ཇུས་འགོད་དང་སྒྱུར་སྟངས། ཚིག་སྦྱོར་སྤེལ་སྟངས་སོགས་གང་ཅིའི་ཐད་ནས་བྱིས་པའི་དཔེ་ཀློག་གི་དགའ་མོས་དང་མཚར་སྣང་གི་སེམས་ཁམས་ལ་བསྟུན་ཅི་ཐུབ་བྱས་ཡོད་པས། ན་ཆུང་གཞོན་ནུའི་བྱིས་སྒྲུང་བཀླག་འདོད་ཀྱི་འདུན་པ་བསྐངས་ཡོད་ལ། དེབ་ཀྱི་ནང་དོན་དང་། རྣམ་པ་གང་ཐད་ནས་ན་ཆུང་བྱིས་པའི་མིག་གི་རྒྱན་དང་། རྣ་བའི་བཅུད། ཡིད་ཀྱི་གསོས་སུ་འགྱུར་ངེས་ལགས།
རྩོམ་སྒྲིག་པ། སྣང་རྡོར།