དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཕྲུ་གུ་དེར་ཁྲིད་དང་། སྲོལ་རྒྱུན་རིག་གནས་ཀྱི་སྟོན་མོ་བཤམས་འདུག

སྤེལ་དུས 2021-01-08 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         ལོ་བཞི་འཛུགས་སྐྲུན་དང་གྲ་སྒྲིག་བྱས་པ་བརྒྱུད། 2021ལོའི་གནམ་ལོ་གསར་ཚེས་ནས་བཟུང་། འཛམ་བུ་གླིང་གི་ས་བབ་མཐོ་ཤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་སྟེ། བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་ཚོད་ལྟ་དང་བཅས་གཉེར་སྐྱོང་བྱེད་འགོ་ཚུགས་ནས། རིན་མེད་ངང་མང་ཚོགས་ལ་སྒོ་ཕྱེ་ཡོད་པ་རེད།

         བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་དེ་བོད་ལྗོངས་རིག་གནས་དང་ཡུལ་སྐོར་བསམ་བཀོད་གླིང་དུ་གནས་ཡོད་ཅིང་། ཁང་དེར་འགྲེམས་ཁུལ་19ཡོད་ཅིང་། བོད་ཀྱི་སྐར་རྩིས་དང་། བོད་ཀྱི་གསོ་བ་རིག་པ། ཐང་ག བོད་ཤོག སྤོས། ལྷ་མོ་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་50ལྷག་ཙམ་འགྲེམས་སྟོན་བྱས་ཡོད།
         མིག་སྔར། བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་ཚོད་ལྟ་དང་བཅས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ཚོད་ལྟ་གཉེར་སྐྱོང་བྱེད་རིང་གཟའ་ཟླ་བར་སྒོ་རྒྱག་པ་ཕུད། ཉིན་ལྟར་གྱི་ཆུ་ཚོད་10:30ནས་17:00བར་སྒོ་ཕྱེ་ཡི་ཡོད་པས། གྲོང་མི་དང་ཡུལ་སྐོར་བས་རིན་མེད་ངང་ལྟ་སྐོར་བྱེད་ཆོག

         བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་པ་ལས། བོད་ལྗོངས་སུ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་། ཉར་ཚགས། ཞིབ་འཇུག སློབ་གསོ། ཉམས་ལེན། སྤེལ་རེས་བཅས་ཀྱི་བྱེད་ནུས་གཞི་གཅིག་ཏུ་འདུས་པའི་ཆེད་ལས་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཡོད་པ་མཚོན་ཐུབ།
རྩོམ་སྒྲིག་པ། སྣང་རྡོར།