དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཁ་རས་འདི་ལྟར་བརྒྱབ་ན་རིམས་ནད་འགོ་བའི་གྲོགས་སུ་འགྲོ།

སྤེལ་དུས 2021-01-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         ཆེད་མཁས་པ་ན་རེ། ཁ་རས་འདི་ལྟར་བརྒྱབ་ན་རིམས་ནད་འགོ་བའི་གྲོགས་སུ་འགྲོ།
         རིམས་འགོག་ལས་དོན་དུས་དང་རྣམ་པ་ཀུན་ཏུ་རྣམ་གཡེང་དུ་གཏོང་རྒྱུ་མེད་པས་མི་ཚོས་ཁ་རས་རྒྱུན་རྒྱག་བྱེད་ཀྱི་ཡོད།འོན་ཀྱང་རིམ་བཞིན་ཁ་རས་ཀྱི་རྣམ་གྲངས་དང་དེ་རྒྱག་སྟངས་ཀྱང་འདྲ་མིན་སྣ་ཚོགས་འབྱུང་བཞིན་ཡོད།
         ཁ་རས་མ་ནེ་མགོར་གྱོན་ན་རིམས་ནད་འགོ་བའི་ཉེན་ཁ་ལྷག་ཏུ་ཆེ།
         གསར་འགོད་པས་ནན་ཅིན་གྲོང་ཁྱེར་གྱི་མི་ཚོགས་ཆེ་བའི་ས་འོག་རྒྱུ་ལམ་ཁག་ཏུ་ཁ་རས་ཁ་ཁོ་ན་ལས་སྣ་མི་ཁེབས་པར་རྒྱག་པ་སོགས་ཡ་མ་ཟུང་དུ་རྒྱག་མཁན་མང་པོ་མཐོང་།

         ཆེད་མཁས་པས་“ཁ་རས་མགྲིན་པར་འདེད་སྐབས་ཁ་རས་ནང་ངོས་ལ་སྦགས་བཙོག་ཐེབས་ཉེན་ཆེ། ང་ཚོ་ཁ་ལག་ཟ་སྐབས་ཀྱང་ཁ་རས་ཨོག་མཚམས་ལ་འདེད་པར་དགའ་མོད། བྱ་སྤྱོད་འདིས་ཟ་མ་དང་ལག་པ་སོགས་ལའང་སྦགས་བཙོག་བཟོ་ཉེན་ཆེ”ཞེས་སྟབས་བདེ་བའི་ཆེད་དུ་ཁ་རས་མ་ནེ་འགོར་གྱོན་ན་རིམས་ནད་འགོ་བའི་ཉེན་ཁ་བཟོ་ཉེན་ཆེ་ཚུལ་བསྟན། 

         ཆེད་མཁས་པ་ན་རེ། ཁ་རས་དྭངས་གསལ་ཅན་གྱིས་ནད་དུག་འགོག་མི་ཐུབ་པས་གཡམ་རྒྱུག་མ་བྱེད།
         ཆེད་མཁས་པས་སྨད་སྤྱོད་ཁ་རས་ཚད་ལྡན་གྱི་དབུགས་རྒྱུ་ཞིང་ནད་དུག་འགོག་པའི་ནུས་པ་དེ་གཙོ་བོ་ཁ་རས་བཟོ་བའི་རྒྱུ་ཆ་དང་འབྲེལ་བ་ཡོད། ཉིན་འདི་དག་ལ་དྲ་ཐོག་གི་དྭངས་གསལ་ཁ་རས་ཞེས་པ་ཞིག་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་པ་དང་། ཚོང་པ་ཁ་ཤས་ཀྱིས་གྲགས་ཅན་མི་སྣ་ལ་བརྟེན་ནས་ཚོང་སྐུལ་བྱེད་བཞིན་འདུག འོན་ཀྱང་ཁ་རས་འདི་རིགས་ཀྱི་རྒྱུ་ཆ་འགྱིག་ཡིན་པས་དབུགས་རྒྱུ་མི་ཐུབ་པ་མ་ཟད་དུག་རྡུལ་ཕྲ་མོ་འཚག་པའི་བྱེད་ནུས་ཀྱང་མེད།
         རིམས་འགོག་ཆེད་མཁས་པས་“བདེ་ཐང་ཡིན་པའི་སྐྱེ་བོ་ཕལ་བས་མི་མང་འཛོམས་སར་ཐེངས་གཅིག་རང་བཞིན་གྱི་ཁ་རས་རྒྱག་དགོས”ཞེས་སྲིང་བལ་གྱི་ཁ་རས་དང་རང་བཟོས་ཁ་རས་སོགས་རྒྱག་མི་རུང་ཚུལ་བསྟན།

         ཚད་ལྡན་གྱི་སྨན་སྤྱོད་ཁ་རས་འཚག་གཤིས་ཚོད་ལྟ་བྱེད་དགོས། གལ་ཏེ་དམ་པོར་མ་བརྒྱབ་ཚེ་བདེ་འཇགས་རང་བཞིན་ལ་ཤུགས་རྐྱེན་ཐེབས་སྲིད།“དབུགས་ལེན་སྐབས་ཁ་རས་ནང་དུ་རྡིབ་པ་དང་དབུགས་གཏོང་སྐབས་ཁ་རས་ཆེ་རུ་འགྱུར་ན་ཁྱོད་ཀྱི་ཁ་རས་ཀྱི་འཚག་གཤིས་ལེགས་པོ་ཡོད་པ་མཚོན། སྣ་བའི་རྩིབས་སུ་དབུགས་ཤོར་སྐབས་དུས་ལྟར་ལེགས་སྒྲིག་བྱེད་དགོས།”ཞེས་པ་ལྟར་ང་ཚོས་རང་གི་ཁ་རས་རྒྱག་སྟངས་ཡང་དག་ཡིན་མིན་ཚོད་ལྟ་བྱས་ཆོག

རྩོམ་སྒྲིག་པ། སྣང་རྡོར།