དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཁྱིམ་ཚང་སློབ་གསོར་རྣམ་པ་གང་རུང་གི་ཁྱིམ་ཚང་གཏུམ་སྤྱོད་ཡོད་མི་ཆོག

སྤེལ་དུས 2021-01-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          སྤྱི་ཚེས་20ཉིན། ཁྱིམ་ཚང་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་ཏུ་ཕུལ་བ་དང་། འཆར་ཟིན་ནང་ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མཁན་གཞན་དག་གིས་ཁྱིམ་ཚང་སློབ་གསོ་གཏོང་བའི་བརྒྱུད་རིམ་ཁྲོད་ནར་མ་སོན་པའི་མིའི་ཕོ་མོའི་དབྱེ་བ་དང་གཟུགས་པོའི་གནས་ཚུལ་སོགས་ཀྱི་ཐད་ནས་མཐོང་ཆུང་ཁྱད་གསོད་བྱ་མི་རུང་ལ། རྣམ་པ་གང་རུང་གི་ཁྱིམ་ཚང་གི་གཏུམ་སྤྱོད་ཡོད་མི་ཉན་པ། ནར་མ་སོན་པའི་མིར་བཙན་སྐུལ་དང་བསླུ་བྲིད། ངན་སྐུལ། རྒྱ་ཡན་དུ་གཏོང་བ། རྟེན་པ་བཅས་ཀྱིས་ཁྲིམས་འགལ་ལུགས་འགལ་དང་སྤྱི་ཚོགས་ཐུན་མོང་གི་ཀུན་སྤྱོད་ལ་གནོད་པའི་བྱེད་སྒོ་གང་རུང་ཞིག་ཀྱང་སྤེལ་དུ་འཇུག་མི་ཆོག་ཅེས་བཏོན་ཡོད།
          འཆར་ཟིན་ནང་སྤྱི་བདེ་ལས་ཁུངས་དང་མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ཁྱིམ་ཚང་སློབ་གསོར་ཐེ་ཇུས་བྱེད་ཚུལ་དང་བྱེད་ཐབས་གཙོ་བོ་གསལ་པོར་བསྟན་ཡོད་པ་མ་ཟད། བཙད་ཤེད་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ལག་ལེན་དོན་འཁྱོལ་བྱེད་ཚུལ་ཐད་གཏན་འབེབས་བྱས་ཡོད།
          གཞན་ཡང་། འཆར་ཟིན་ནང་། ཁྱིམ་ཚང་སློབ་གསོ་ནི་ཁྱིམ་ཚང་ནང་ཁུལ་གྱི་ལས་དོན་ཙམ་ཡིན་པ་མ་ཟད་སྤྱི་པའི་བདེ་སྐྱིད་ལའང་རག་ལས་པ་ཞིག་ཡིན་ཞེས་ནན་སྟོན་བྱས་ཡོད། ཁྱིམ་ཚང་སློབ་གསོའི་འཆར་ཟིན་ནང་། ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་བྱད་མཁན་གཞན་ནི་ཁྱིམ་ཚང་སློབ་གསོའི་འགན་འཁྲི་ལག་ལེན་བསྟར་མཁན་གྱི་བྱེད་པོ་ཡིན། སྲིད་གཞུང་དང་སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་ཁྱིམ་ཚང་སློབ་གསོ་ལ་རྒྱབ་སྐྱོར་བྱས་ཏེ་ཁྱིམ་ཚང་སློབ་གསོར་ཡར་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དགོས་ངེས་ཀྱི་སྐབས་སུ་རྒྱལ་ཁབ་ནས་ཀྱང་ཁྱིམ་ཚང་སློབ་གསོ་ལ་ཐེ་ཇུས་བྱེད་དགོས་ཞེས་བསྟན་ཡོད། འཆར་ཟིན་ནང་། སྤྱི་བདེ་ལས་ཁུངས་དང་མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ཁྱིམ་ཚང་སློབ་གསོར་ཐེ་ཇུས་བྱེད་ཚུལ་དང་བྱེད་ཐབས་གཙོ་བོ་གཏན་འབེབས་བྱས་ཡོད་པ་མ་ཟད། བཙན་ཤེད་ཀྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ལག་ལེན་དོན་འཁྱོལ་བྱེད་ཚུལ་ཐད་གཏན་འབེབས་བྱས་ཡོད།
          དེ་དང་ཆབས་གཅིག་ཏུ། ད་དུང་འཆར་ཟིན་ནང་། ཕ་མའམ་ལྟ་སྐྱོང་བྱེད་མཁན་གཞན་དག་ལ་ནར་མ་སོན་པའི་མིར་ཁྱིམ་ཚང་སློབ་གསོ་གཏོང་བའི་དབང་ཆ་དང་འོས་འགན་ཡོད། ནར་མ་སོན་པའི་མིའི་ཕ་མ་གནས་ཡུལ་གཅིག་ཏུ་མེད་པའམ་ཡང་ན་བཟའ་ཚང་ཁ་བྲལ་ཡིན་ཕྱིན། ཕྱོགས་གང་རུང་ཞིག་གིས་ཀྱང་ཁྱིམ་ཚང་སློབ་གསོའི་འགན་འཁྲི་ལག་ལེན་བསྟར་རྒྱུ་དང་ལེན་མི་བྱེད་པའམ་ཁྲལ་སེལ་བྱ་མི་ཆོག འོན་ཀྱང་མི་དམངས་ཁྲིམས་ཁང་གིས་མི་ལུས་བདེ་འཇགས་སྲུང་སྐྱོབ་བཀའ་རྒྱའི་ཁྲིམས་གཅོད་ཡོད་པའམ་ཐུག་འཕྲད་བྱེད་མཚམས་བཞག་པ་ཕུད་པ་ཡིན་ཞེས་བསྟན་ཡོད།
རྩོམ་སྒྲིག་པ། སྣང་རྡོར།