དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཕ་ཡུལ་ལ་ལོག་ན་ཉིན7ནང་ཚུན་དུ་ཉིང་སྐྱུར་བཤེར་འཇལ་བྱ་དགོས།

སྤེལ་དུས 2021-01-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཚེས20ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་ཚོད་འཛིན་ཅུས་ཀྱི་ལྟ་ཞིབ་ཆེད་དོན་མི་སྣ་ཝང་པིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཡོངས་ས་གནས་ཁག་ཏུ་ཤང་གིས་མ་དཔེ་ལེན་པ་དང་། རྫོང་གིས་བཤེར་འཇལ་ཚད་ལེན་བྱས་ཏེ། བཤེར་འཇལ་ཚད་ལེན་ལས་ཁུངས་ཀྱིས་མ་དཔེ་འབྱོར་རྗེས་ཀྱི་ཆུ་ཚོད12ནང་བཤེར་འཇལ་ཚད་ལེན་མཇུག་འབྲས་ཐོན་པར་བྱེད་དགོས། གལ་སྲིད་ངེས་པར་དུ་ཕྱིར་ཕ་ཡུལ་ལ་ལོག་དགོས་ཚེ། ཕ་ཡུལ་དུ་ལོག་མཁན་ཚོར་ཉིན7ནང་ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཅན་གྱི་དཔག་ཡིག་ཡོད་ན་ད་གཟོད་ཕ་ཡུལ་དུ་ལོག་ཆོག དུས་མཚུངས་སུ་ཕ་ཡུལ་དུ་ལོག་མཁན་དེ་དག་ཕ་ཡུལ་ལ་ལོག་རྗེས་ས་གནས་དེ་གའི་གཞི་རིམ་སྲིད་གཞུང་གིས་དྲ་མིག་ཅན་གྱི་དོ་དམ་བྱེད་དགོས་ལ། དེ་དང་ཆབས་ཅིག་ལོགས་བཀར་བྱེད་ཡུལ་དང་བཤེར་འཇལ་ཚད་ལེན་གྱི་གྲ་སྒྲིག་ཡག་པོ་བྱས་ཏེ། གལ་སྲིད་རིམས་ནད་ཐོན་ཚེ་མགྱོགས་མྱུར་ངང་ཐག་གཅོད་བྱེད་ཐུབ་པ་བྱ་དགོས་ཞེས་བསྟན། 

            ལས་ཀའི་ཇུས་གཞི་ནང་བརྗོད་པའི་ཕ་ཡུལ་དུ་ལོག་མཁན་ཞེས་པ་ནི་ས་ཆ་གཞན་ནས་གྲོང་གསེབ་ས་ཁུལ་དུ་ཕྱིར་ལོག་མཁན་གྱི་མི་སྣར་ཟེར།     
            དེའི་ནང་གཙོ་བོ་འདི་དག་ཚུད་ཡོད་དེ།
            གཅིག་ནི་ཞིང་ཆེན་ལས་བརྒལ་ནས་ཕ་ཡུལ་དུ་ལོག་མཁན་ཚོ།
            གཉིས་ནི་ཞིང་ཆེན་དེའི་ནང་གི་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་གྲོང་ཁྱེར་ནས་ཕ་ཡུལ་དུ་ལོག་མཁན་ཚོ།(ཉེན་ཁ་ཆེ་འབྲིང་ས་ཁུལ་ནང་གི་མི་ཚོ་སྤྱིར་བཏང་འགྲོ་འོང་བྱེད་མི་རུང་།) 
            གསུམ་ནི་ཞིང་ཆེན་ནང་ཁུལ་གྱི་ནང་འདྲེན་འཁྱགས་ཉར་སྐྱེལ་འདྲེན་བཟའ་བཅའི་ལས་གཉེར་མི་སྣ་དང་།    གྲུ་ཁ་ནས་ནང་འདྲེན་དངོས་ཟོག་ལ་ཐད་ཀར་ཐུག་རེག་བྱས་པའི་ལས་གཉེར་མི་སྣ།    ལོགས་བཀར་བྱེད་ཡུལ་གྱི་ལས་དོན་མི་སྣ།    འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཀྱི་ལས་གཉེར་མི་སྣ་བཅས་སོ། །
            ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཀྱི་དཔང་ཡིག་བཟུང་ནས་ཕ་ཡུལ་དུ་ལོག་པ་ནི་ནམ་ཞིག་ནས་མགོ་རྩོམ་དགོས།
            ཟླ་དང་པོའི་ཚེས28ཉིན་དཔྱིད་གསར་སྐྱེལ་འདྲེན་མགོ་ཚུགས་པ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་ཟླ3པོའི་ཚེས8ཉིན་དཔྱིད་གསར་སྐྱེལ་འདྲེན་མཇུག་འགྲིལ་རྗེས་མཚམས་འཇོག་རྒྱུ་ཡིན་པ་རེད།     
            ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཀྱི་དཔང་ཡིག་བཟུང་ནས་ཕ་ཡུལ་དུ་ལོག་ན་ལོགས་བཀར་བྱ་དགོས་སམ།    
            ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཀྱི་དཔང་ཡིག་ཡོད་པ་དག་ཕ་ཡུལ་དུ་ལོག་རྗེས་ལོགས་སུ་བཀར་མི་དགོས་མོད། འོན་ཀྱང་ཉིན14ཡི་རིང་རང་ཁྱིམ་དུ་བསྡད་དེ་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱས་ནས་གཟུགས་པོའི་དྲོད་ཚད་དང་ནད་རྟགས་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་།    ཕྱི་རོལ་དུ་འགྲོ་མི་དགོས་ཚེ་མི་འགྲོ་བ་དང་འདུ་འཛོམས་མི་བྱེད་པ། ངེས་པར་དུ་ཕྱིར་བསྐྱོད་དགོས་ཚེ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པ་མ་ཟད།
            ཕ་ཡུལ་དུ་ལོག་རྗེས་ཀྱི་ཉིན7པ་དང་ཉིན14པ་སོ་སོར་ཉིང་སྐྱུར་བཤེར་འཇལ་ཚད་ལེན་བྱེད་དགོས།
རྩོམ་སྒྲིག་པ། སྣང་རྡོར།