བྱིས་པའི་རྒྱང་སྒྲིབ་སྔོན་འགོག་ཆེད་ཨུ་ལྷན་འདི་འཛུཊ་རྒྱུ་རེད་འདུག
སྤེལ་དུས 2021-03-15
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུད་གཞུང་ཕྱོགས་དྲ་ཚིགས་ཐོག་སྤྱི་ཚེས་9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་སོགས་གཞོན་ནུ་ལོ་ཆུང་དང་བྱིས་པའི་མཐོང་ནུས་བདེ་ཐང་ལས་དོན་གྱི་དོ་དམ་ཐབས་ཇུས་ཆུ་ཚད་མཐོ་རུ་གཏོང་བ་དང་། བྱིས་པ་དང་གཞོན་ནུ་ལོ་ཆུང་ཚོའི་མཐོང་ནུས་བདེ་ཐང་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་མཐོང་ནུས་བདེ་ཐང་དོ་དམ་གྱི་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་ཞིག་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།
ཨུ་ཡོན་ལྷན་ཁང་འདིའི་ལས་འགན་གཙོ་བོ་ནི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་མཐོང་ནུས་བདེ་ཐང་དོ་དམ་ལས་དོན་ཐད་བློ་འདྲི་ཞབས་ཞུ་མཁོ་འདོན་དང་ཆེད་ལས་མཛུབ་སྟོན་བྱ་རྒྱུ། མཐོང་ནུས་བདེ་ཐང་ལ་ཕན་པའི་ལག་རྩལ་དང་དཔེ་མཚོན་ཅན་གྱི་ཉམས་མྱོང་ཐད་འཚོལ་ཞིབ་དང་གསར་རྙེད། མཚམས་སྦྱོར་བཅས་བྱ་རྒྱུ་དང་། རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་རྒྱུན་ཤེས་ཚན་རིག་ཁྱབ་གདལ་གཏོང་རྒྱུ་སོགས་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།