ལི་ཁེ་ཆང་ནས་སློབ་གསོའི་འདྲ་མཉམ་ནི་གལ་ཆེ་ཤོས་ཡིན་པ་གསུངས་འདུག
སྤེལ་དུས 2021-03-15
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སྤྱི་ཟླ་3པའི་ཚེས་11ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པས་བཏོན་པའི་སློབ་གསོའི་ཐད་ཀྱི་དྲི་བར་ལན་བསྐྱོན་སྐབས། ད་ལོ་ང་ཚོས་སེམས་ཐག་གཙང་བཅད་ཀྱིས་རྫོང་དང་ཤང་གི་དགེ་རྒན་རྣམས་ལ་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་ནས། ཁོང་ཚོ་ལས་གནས་ཐོག་སྡོད་ཞོར་དུ་སློབ་རིམ་མཐོ་རུ་གཏོང་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་། ལས་ཐོབ་དཔྱད་བསྡུར་བྱེད་སྐབས་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་སྐོར་སོགས་གསུངས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།