དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

གནམ་གྲུའི་པ་སེ་སྐོར་གྱི་གཏན་འབེབས་གསར་པ།

སྤེལ་དུས 2021-03-18 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
        “དམངས་སྤྱོད་མཁའ་འགྲུལ་གྱི་པ་སེ་ཕྱིར་སློག་དལ་བའི་གནད་དོན་ཐག་གཅོད་བྱ་ཆེད། གཏན་འབེབས་ལས་མཁའ་འགྲུལ་ཀུང་སི་དང་མཁའ་འགྲུལ་ཕྱིར་འཚོང་ལས་ཚབ་པས་ལས་ཀའི་ཉིན་7ཚུན་དངུལ་ཕྱིར་སློག་པའི་ལས་རིམ་སྒྲུབ་ཐུབ་པ་བྱ་རྒྱུ་རེད། ཞུ་གཏུག་ཐག་གཅོད་ཕྱོགས་ནས། ཞུ་གཏུག་བྱེད་པའི་ཁེ་ལས་ཚང་མས་ལས་ཀའི་ཉིན་10ཚུན་ཐག་གཅོད་བྱ་ཐུབ་དགོས།”ཞེས་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་སུའི་སུ་ཀྲང་ཡུའུ་པུའེ་ཡིས་ཚེས་15ཉིན་《སྤྱི་པའི་མཁའ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུ་དོ་དམ་གཏན་འབེབས།》གསལ་འགྲེལ་བྱེད་སྐབས་སུ་དེ་ལྟར་བཤད། 
        《སྤྱི་པའི་མཁའ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུ་དོ་དམ་གཏན་འབེབས།》ཉེ་སྔོན་དངོས་སུ་སྤེལ་བ་དང་། དེ་ནི་ད་ལོའི་ཟླ་9ཚེས་1ཉིན་ལག་བསྟར་བྱ་རྒྱུ་རེད། ཉིན་དེར་འཚོགས་པའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་རྒྱུན་ལྡན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ། ཡུའུ་པེའུ་ཡིས་ཐེངས་འདིར་སྤེལ་བའི་གཏན་འབེབས་ཀྱིས་དེ་སྔོན་ཡོད་པའི་རྩ་དོན་ལ་ཁྱོན་ཡོངས་ནས་བསྒྱུར་བཅོས་ཆེན་པོ་བྱས་ཡོད། ཐེངས་འདིར་བཟོ་བཅོས་བྱེད་པའི་གཙོ་གནད་ནི་མཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལ་དམིགས་པ་ཡིན། འགྲུལ་པར་པ་སེ་ཕྱིར་འཚོང་དང་། ཕྱིར་སློག་དུས་སྒྱུར་བ། ཚད་བརྒལ་བཙོངས་པ་སོགས་ཐད་རྩོད་གཞི་འབྱུང་སླ་བའི་འགག་རྩའི་ཐད་ནས་བླང་བྱ་ཁ་གསལ་བཏོན་པ་དང་། ཡུལ་སྐོར་བའི་ཤེས་རྟོགས་དབང་ཆ་དང་བདམས་གསེས་དབང་ཆ། གྱོང་གུན་གསབ་ལེན་དབང་ཆ་སོགས་སྔར་བས་ཡག་པོ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་འདོད། 
        ཡུའུ་པེའུ་ཡིས་ཕྱིན་ཆད་དམངས་སྤྱོད་ཅུས་ཀྱིས་གཅིག་གྱུར་ངང་འབྲེལ་ཡོད་ཡིག་ཆ་འཆར་འགོད་གཏན་འབེབས་དང་རྩ་དོན་བཟོ་བཅོས་བྱས་ནས། སྔར་ལས་དམངས་སྤྱོད་མཁའ་འགྲུལ་ཞབས་ཞུ་སྤུས་ཚད་དོ་དམ་མ་ལག་ལེགས་བཅོས་གཏོང་སྟེ། དམངས་སྤྱོད་མཁའ་འགྲུལ་གྱི་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་བསྟན།
རྩོམ་སྒྲིག་པ། སྣང་རྡོར།