དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ད་ནས་མོ་ཊར་སྡོད་མཁན་ཚང་མས་ཉེན་ཐག་འཆིང་དགོས་འདུག

སྤེལ་དུས 2021-03-24 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་སྲིད་སྤྱི་ཁབ་ཁང་གི་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་སྤྱི་བདེ་པུའི་པུའུ་ཀྲང་གཞོན་པ་ལིའུ་ཀྲའོ་ཡིས། སླད་ཕྱིན་མོ་ཊའི་རྐུབ་སྟེགས་རྒྱབ་མར་སྡོད་མཁན་ཚོས་ཀྱང་ཉེན་ཐག་འཆིང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་ཡང་། མོ་ཊར་སྡོད་མཁན་ཚང་མས་ཉེན་ཐག་འཆིང་དགོས།
         སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་བརྟག་དཔྱད་ལས་མངོན་པར་གཞིགས་ན།
         ཉེན་ཐག་མ་བཅིངས་པ་དེ་ནི་གཞུང་ལམ་འགྲིལ་འགྲུལ་གྱི་བྱུར་ཉེས་ལ་མི་ཤི་བའི་རྒྱུ་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་། དེ་མྱུར་ཚད་ལས་བརྒལ་ནས་མོ་ཊ་བཏང་བའམ་ར་བཟི་ནས་མོ་ཊ་བཏང་བའི་ཉེན་ཁ་དང་འདྲ་པོ་ཡོད། ཁ་ལོ་བ་དང་ཁ་ལོ་བའི་འཁྲིས་སུ་སྡོད་མཁན་མང་ཆེ་བར་མོ་ཊར་འཛུལ་མ་ཐག་ཉེན་ཐག་འཆིང་པའི་གོམས་སྲོལ་ཡག་པོ་ཞིག་འཇགས་ཡོད། ཡིན་ནའང་མོ་ཊའི་རྐུབ་སྟེགས་རྒྱབ་མར་སྡོད་མཁན་ཚོས་ཉེན་ཐག་འཆིང་བའི་གལ་ཆེའི་རང་བཞིན་རྟག་ཏུ་སྣང་མེད་དུ་གཏོང་གི་ཡོད།

         འགྲིམ་འགྲུལ་བྱུར་ཉེས་ཐོན་སྐབས། མོ་ཊའི་རྐུབ་སྟེགས་རྒྱབ་མར་སྡོད་མཁན་གྱིས་གལ་སྲིད་ཉེན་ཐག་མ་བཅིངས་ཚེ། དེར་བདེ་འཇགས་དབུགས་སྒང་གི་སྲུང་སྐྱོང་མེད་པས་མདུན་གྱི་རྐུབ་བཀྱག་དང་། ཐོག མདུན་ཤེལ་སོགས་ལ་བརྡབ་སྲིད་པ་དང་། ཐ་ན་མོ་ཊའི་ཕྱིར་ཐོར་ནས་རང་ཉིད་ཙམ་མ་ཟད་མདུན་དུ་སྡོད་མཁན་གྱི་ཚེ་སྲོག་གི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད།

         གྲངས་གཞི་ལས་ར་སྤྲོད་བྱུང་དོན། བྱུར་ཉེས་ཐོན་སྐབས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་དང་འགྲུལ་པས་ཉེན་ཐག་མ་བཅིངས་པའི་འཆི་ཚད་དེ་ཉེན་ཐག་བཅིངས་པ་ལས་ལྡབ་37.7གྱིས་མཐོ་བ་ཡོད་པ་དང་། བྱུར་ཉེས་ཐོན་སྐབས་མོ་ཊའི་ཕྱིར་ཐོར་མཁན་75%རྨས་སྐྱོན་ཕོག་ཚབས་ཆེ་བས་རྐྱེན་ལམ་དུ་ཤོར་གྱི་ཡོད། འོན་ཀྱང་ཉེན་ཐག་བཅིངས་ཡོད་ཚེ་བདེ་འཇགས་སྲུང་སྐྱོང་གི་ནུས་པ་དེ་བས་ཆེ་བ་ཐོན་ངེས་རེད།
         ཉེན་ཐག་ཇི་ལྟར་འཆིང་དགོས་སམ།
         དར་མ།   
         ཉེན་ཐག་ཕྲག་པའི་དཀྱིལ་ནས་འཆིང་དགོས། ཉེན་ཐག་འཆིང་དུས་མཐོ་དྲགས་ན་མཇིང་པར་རྨ་བཟོ་ཉེན་ཡོད་པ་དང་དམའ་དྲགས་ན་བུད་འགྲོ་བས་དེར་ཡིད་གཟབ་བྱེད་དགོས།

         ཉེན་ཐག་འཆིང་སྐབས་ཕྲག་སྟེང་ནས་བརྒྱབ་པའི་ཐག་པ་དེ་ངེས་པར་དུ་བྲང་གཞུང་བརྒྱུད་ནས་འཆིང་དགོས་པ་དང་། སྐེད་པའི་ཐག་པ་དེ་དཔྱི་མགོར་དམ་པོར་འཆིང་དགོས། དེ་ལྟར་བྱས་ན་བྱུར་ཉེས་ཐོན་དུས་རུས་པས་སྲུང་སྐྱོང་ཐུབ་པའི་དབང་གིས་ནང་ཁྲོལ་ལ་གནོད་ཚེ་ཕོག་གི་མེད།
         བྱིས་པ།    
         བྱིས་པར་ངེས་པར་དུ་བྱིས་པའི་བདེ་འཇགས་རྐུབ་བཀྱག་སྒར་དགོས། གལ་སྲིད་ཕྲུ་གུར་བྱིས་པའི་བདེ་འཇགས་རྐུབ་བཀྱག་བསྒར་ན་འཚམ་པོ་མེད་ཚེ། བྱིས་པའི་རྐུབ་གདན་མཐོ་རུ་བཏང་ནས་ཉེན་ཐག་བཅིངས་ན་འགྲིག

         གལ་སྲིད་བྱིས་པར་ཉེན་ཐག་ཐད་ཀར་བཅིངས་ཚེ། སྲུང་སྐྱོང་གི་ནུས་པ་མི་ཐོན་པ་མ་ཟད། ད་དུང་ཤུགས་རྐྱེན་ངན་པའང་ཐོན་ཉེན་ཡོད། གང་ལགས་ཤེ་ན། ཁོ་ཚོའི་གཟུགས་ཚད་དེ་དར་མ་ལས་དམའ་བ་ཡོད། དེར་བརྟེན་ཉེན་ཐག་དེ་ཁོ་ཚོའི་མཇིང་པར་འཁེལ་སྲིད་པས། ཛ་དྲག་ཆེ་བའི་གནས་ཚུལ་འོག་ཁོ་ཚོའི་སྲོག་ལ་ཉེན་ཁ་བཟོ་ཡི་ཡོད།
         སྦྲུམ་མ།   
         སྦྲུམ་མར་ཆ་མཚོན་ན། སྦྲུམ་མར་སྲུང་སྐྱོང་ཡག་པོ་བྱེད་པ་ནི་སྦྲུམ་བུར་སྲུང་སྐྱོང་བྱས་པ་དང་གཉིས་སུ་མ་མཆིས། དེར་བརྟེན་སྦྲུམ་མ་མོ་ཊར་སྡོད་སྐབས་ངེས་པར་དུ་ཉེན་ཟོན་ཐག་པ་ཡག་པོ་འཆིང་དགོས།

         ཡིན་ནའང་ངེས་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ལ། སྐེད་པའི་ཐག་པ་འབུར་དུ་ཐོན་པའི་གྲོད་ཁོག་ནས་འཆིང་མི་རུང་། དེ་འདྲ་བྱས་ན་སྦྲུམ་བུར་ཤུགས་རྐྱེན་ཐེབས་ངེས་རེད།
རྩོམ་སྒྲིག་པ། སྣང་རྡོར།