དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

འོས་འགན་སློབ་གསོའི་སྤུས་ཚད་ལ་གདེང་འཇོག་བྱེད་ཐབས་བཏོན་འདུག

སྤེལ་དུས 2021-03-25 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
             ཉེ་ཆར་སློབ་གསོ་པུའུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་སྒྲིག་ཁོངས་གཞུང་དོན་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། མི་སྤྱི་པུའུ་སོགས་སྡེ་ཚན་དྲུག་གིས《འོས་འགན་སློབ་གསོའི་སྤུས་ཚད་གདེང་འཇོག་བྱེད་ཐབས་སྐོར་གྱི་ཕྱོགས་སྟོན》མཉམ་འབྲེལ་ཐོག་བཀྲམ་ནས་ཚན་རིག་དང་མི་མཐུན་པའི་སློབ་གསོའི་གདེང་འཇོག་གི་སྟོན་ཕྱོགས་ཏན་ཏིག་བསྒྱུར་ནས་འོས་འགན་སློབ་གསོའི་སློབ་ཁྲིད་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་འོས་འགན་སློབ་གསོའི་ནང་དོན་འཕེལ་རྒྱས་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་བཏང་ཐོག་སློབ་གསོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་རེད།

           སློབ་མའི་འཕེལ་རྒྱས་ཀྱི་སྤུས་ཚད་གདེང་འཇོག་དེ་འགག་རྩའི་ལྷུ་ཚིགས་སུ་བརྩིས་པ།
           “《གདེང་འཇོག་བྱེད་ཐབས་སྐོར་གྱི་ཕྱོགས་སྟོན》གྱི་རྩ་བ་གཅིག་ནི། སློབ་མའི་འཕེལ་རྒྱས་ཀྱི་སྤུས་ཚད་གདེང་འཇོག་དེ་འོས་འགན་སློབ་གསོ་ཧྲིལ་པོའི་སྤུས་ཚད་གདེང་འཇོག་གི་འགག་རྩའི་ལྷུ་ཚིགས་སུ་བརྩིས་ཏེ། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་དམར་ཐིག་ཅིག་ལ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱ་རྒྱུ་དེ་རེད” སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་ལུའི་གཡུས་ཀང་གིས་དེའི་ནང་སློབ་མའི་འཕེལ་རྒྱས་ཀྱི་སྤུས་ཚད་གདེང་འཇོག་ནང་གཙོ་བོ་སློབ་མའི་ཀུན་སྤྱོད་འཕེལ་རྒྱས་དང་། སྦྱོང་ཚན་འཕེལ་རྒྱས། ལུས་སེམས་འཕེལ་རྒྱས། མཛེས་དཔྱད་བྱང་ཚད། ངལ་རྩོལ་དང་སྤྱི་ཚོགས་ལག་ལེན་སོགས་ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་ནང་དོན་ཚུད་པ་དེའི་དམིགས་ཡུལ་ནི་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིས། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཚེ་གང་གི་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཡང་དག་པའི་རིན་ཐང་གི་ལྟ་བ་དང་དགོས་ངེས་ཀྱི་གཤིས་རྒྱུད། འགག་རྩའི་ནུས་པ་བཅས་སྐྱེད་སྲིང་བྱ་ཆེད་རེད་ཅེས་ངོ་སྤྲོད་བྱས་པ་རེད། 
           སློབ་གསོའི་སྤུས་ཚད་དེ་མཐར་གཏུགས་ན་གསོ་སྐྱོང་བྱ་ཡུལ་གྱི་འཕེལ་རྒྱས་ཀྱི་སྤུས་ཚད་ནས་མངོན་གྱི་ཡོད། “སྔོན་ཆད་ཀྱི་སློབ་གསོ་དོ་དམ་དང་ལག་ལེན་ཁྲོད་ང་ཚོས་སློབ་ཚན་དང་སློབ་གཞི་སོགས་ལྷུ་ཚིགས་ལ་དོ་ཁུར་བྱེད་མང་མོད། འོན་ཀྱང་སློབ་གསོའི་ལས་དོན་གྱི་འབྲས་བུ་དང་སློབ་མའི་འཕེལ་རྒྱས་ཀྱི་སྤུས་ཚད་ལ་དོ་ཁུར་བྱེད་ཚད་འདང་གི་མེད་ལ་གཏོང་ཆ་གཏོང་ཤུགས་དང་ཐོན་པའི་ཕན་འབྲས་ལའང་དོ་ཁུར་བྱེད་ཚད་འདང་གི་མེད”པེ་ཅིང་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་ཏུང་ཆིས་ད་ཐེངས་ཀྱི《གདེང་འཇོག་བྱེད་ཐབས་སྐོར་གྱི་ཕྱོགས་སྟོན》གྱིས་སློབ་མའི་དངོས་ཡོད་ཀྱི་འཕེལ་རྒྱས་གནས་ཚུལ་དེ་སློབ་གསོའི་ཕན་འབྲས་ཞིབ་དཔྱད་བྱེད་པའི་རྩ་བའི་སྟོན་རྟགས་སུ་བརྩིས་པ་དེས་རྫོང་ཁོངས་རིམ་ངོས་དང་། སློབ་གྲྭའི་རིམ་ངོས། སློབ་མའི་རིམ་ངོས་བཅས་ཀྱི་སྟོན་རྟགས་ཚང་མར་ངེས་པར་དུ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་ནས་སློབ་མར་ཐོབ་ཚོར་ཡོང་བ་བྱ་རྒྱུའི་བླང་བྱ་བཏོན་ཡོད་ཅེས་བཤད་པ་རེད།
           སློབ་གནས་འཕར་ཚད་ཁོ་ནར་བརྟེན་ནས་སློབ་གྲྭ་དང་། སློབ་སྤྱི། དགེ་རྒན་བཅས་ལ་གདེང་འཇོག་བྱེད་མི་རུང་བ།
           ད་ཐེངས་ཡོངས་བསྒྲགས་བྱས་པའི《གདེང་འཇོག་བྱེད་ཐབས་སྐོར་གྱི་ཕྱོགས་སྟོན》ནི་སློབ་གསོ་པུའུ་སོགས་སྡེ་ཚན་དྲུག་གིས་ཐུན་མོང་ཐོག་བཀྲམ་པ་དེ་ཐོག་ནས་གདེང་འཇོག་གི་སྟོན་རྟགས་ནང་དོན་དང་། སྒྲིག་འཛུགས་ལག་བསྟར། གྲུབ་འབྲས་བཀོལ་སྤྱོད་བཅས་ནི་སློབ་གསོའི་ཁོངས་གཏོགས་ནང་ཁུལ་གྱི་ལས་དོན་ཙམ་མིན་པར་ས་གནས་ཏང་ཨུད་དང་སྲིད་གཞུང་གི་སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་པ་མཚོན་ཡོད།

           “དེང་སྐབས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་སུ་སྐར་གྲངས་དང་སློབ་གནས་འཕར་བ་ཁོ་ནར་ཕྱོགས་ཏེ་སློབ་གསོའི་ཁོངས་གཏོགས་ནང་ཁུལ་དུ་སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་མི་ཞུ་བ་དང་སློབ་ཁྲིད་ཀྱི་རྒྱུན་སྲོལ་དོན་འཁྱོལ་མི་བྱེད་པའི་རྒྱུ་རྐྱེན་ཡོད་ལ་ས་གནས་ཀྱི་ཏང་ཨུད་དང་སྲིད་གཞུང་ཉུང་ཤས་ཀྱིས་སྲིད་སྐྱོང་བྱས་རྗེས་ལྟ་བ་དང་སྤུས་ཚད་ལྟ་བའི་ཐད་ཀྱི་ཕྱོགས་རེ་བའི་སློབ་གསོ་གཏོང་བ་མ་ཟད། ད་དུང་སྤྱི་ཚོགས་ཐོག་སློབ་རྒྱུས་དང་ཡོན་ཚད་ཁོ་ནར་ལྟ་བའི་སྟོན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་ཡོད”ཅེས་ཀྲེ་ཅང་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཁྲེན་ཧྥུང་གིས་བཤད་པ་རེད། དེར་བརྟེན《གདེང་འཇོག་བྱེད་ཐབས་སྐོར་གྱི་ཕྱོགས་སྟོན》གྱིས་དཔྱད་ཞིབ་ཀྱི་གཙོ་གནད་ཞིབ་ཚགས་སུ་བཏང་བ་དཔེར་ན། སྐར་གྲངས་དང་སློབ་གནས་འཕར་བ་ཁོ་ནར་བརྟེན་རིགས་ལ་དམིགས་ནས“སློབ་གྲྭར་སློབ་གནས་འཕར་བའི་སྟོན་རྟགས་མི་སྤྲོད་པ་དང་། སློབ་གནས་འཕར་ཚད་ཁོ་ནར་བརྟེན་ནས་སློབ་གྲྭ་དང་། སློབ་སྤྱི། དགེ་རྒན་བཅས་ལ་གདེང་འཇོག་བྱེད་མི་རུང་བ”བཏོན་པ་དང་། དགེ་རྒན་གྱི་ཁུར་པོ་ལྕི་བའི་གནད་དོན་ལ་དམིགས་ནས“སློབ་གྲྭར་ཕྱོགས་པའི་རིགས་ཁག་གི་ཞིབ་མཆན་དང་། ཞིབ་བཤེར་རྩིས་ལེན། འཛུགས་གཏོད་དཔྱད་བསྡུར་སོགས་ཀྱི་བྱེད་སྒོར་ཚོད་འཛིན་ནན་པོ་བྱས་ཏེ། རིགས་ཁག་གི‘སློབ་གླིང་དུ་སྐྱོད་པའི’བྱེད་སྒོ་ཚད་ལྡན་དུ་བཏང་ནས་སློབ་སྤྱི་དང་དགེ་རྒན་གྱི་སློབ་གསོ་མིན་པའི་སློབ་ཁྲིད་ཀྱི་ལས་འགན་ཁུར་པོ་ཡང་དུ་གཏོང་དགོས་པ”བཏོན་པ་རེད།
           ས་གནས་ཀྱིས་ཏང་ཨུད་དང་སྲིད་གཞུང་དང་། སློབ་གྲྭ དགེ་རྒན་བཅས་ཀྱིས་འབད་བརྩོན་བྱེད་ཚད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཤན་འབྱེད་བྱས་པ།
           “འོས་འགན་སློབ་གསོའི་སྤུས་ཚད་གདེང་འཇོག་ལག་བསྟར་གྱི་ལས་དོན་ཐད་གདེང་འཇོག་བྱེད་སྟངས་དང་བྱེད་ཐབས་ལེགས་སུ་གཏོང་བར་སྣང་ཆེན་བྱས་ཏེ་གདེང་འཇོག་ལས་དོན་གྱི་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་གྱི་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས” ལུའི་ཡུས་ཀང་གིས《གདེང་འཇོག་བྱེད་ཐབས་སྐོར་གྱི་ཕྱོགས་སྟོན》གྱི་གྲུབ་འབྲས་གདེང་འཇོག་དང་གནས་འཕར་གྱི་གདེང་འཇོག་ཟུང་འབྲེལ་ལ་དོ་སྣང་ཆེན་པོ་བྱས་ཏེ། སློབ་མའི་འཕེལ་རྒྱས་དང་། སློབ་ཁྲིད་སློབ་གཉེར། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་བཅས་འཕེལ་རྒྱས་ཀྱི་ཚད་ལོན་ཚད་གཞིར་དོ་ཁུར་དང་དེའི་འཕེལ་རྒྱས་ཀྱི་ཆུ་ཚད་དང་ལས་འགན་གྱི་ཆུ་ཚད་ཀྱི་ཡར་རྒྱས་ཚད་གཞིར་དོ་ཁུར་བྱས་ཏེ། ས་གནས་ཀྱིས་ཏང་ཨུད་དང་སྲིད་གཞུང་དང་། སློབ་གྲྭ དགེ་རྒན་བཅས་ཀྱི་འབད་བརྩོན་བྱེད་ཚད་ལའང་ཚན་རིག་དང་མཐུན་པའི་ཤན་འབྱེད་བྱེད་དགོས་པ་དང་། ཕྱོགས་བསྡུས་ཀྱི་གདེང་འཇོག་དང་ཁྱད་ལྡན་གྱི་གདེང་འཇོག་ཟུང་འབྲེལ་ལ་སྣང་ཆེན་བྱས་ཏེ་རྫོང་ཁོངས་དང་། སློབ་གྲྭའི་ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་གི་ཕན་འབྲས་ཧྲིལ་པོ་དང་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་དོ་ཁུར་བྱེད་པ་དང་དུས་མཚུངས་ཧེ་བག་རང་བཞིན་དང་སྣ་མང་རང་བཞིན་ལའང་སྣང་ཆེན་བྱས་ཏེ། སློབ་གྲྭ་དང་སློབ་མ་ཚང་མར་དོ་ཁུར་བྱས་ཐོག་སློབ་གྲྭའི་ཁྱད་ཆོས་འཕེལ་རྒྱས་དང་སློབ་མའི་རང་གཤིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ངོ་སྤྲོད་བྱས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།