དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

རང་རྒྱལ་དུ་སྐར་མ་རེར་སྐྲན་ནད་ཕོག་མཁན་8འབྱུང་བཞིན་ཡོད་པ།

སྤེལ་དུས 2021-04-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         སྐྲན་ནད་ནི་མིའི་རིགས་ཀྱི་བདེ་ཐང་ལ་འཇིགས་སྣང་བཟོ་མཁན་ལག་དམར་གཙོ་བོ་ཞིག་ཏུ་གྱུར་ཡོད། 

         ཉིན་ཤས་གོང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྤྱི་ལོ་2020ལོའི་གོ་ལ་ཧྲིལ་པོའི་སྐྲན་ནད་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོར་སྐྲན་ནད་ཕོག་ཡོད་པའི་མི་བྱེ་བ་གཅིག་དང་ས་ཡ་དགུ་དང་ཉིས་འབུམ་དགུ་ཁྲི་ཇེ་མང་དུ་ཕྱིན་ཡོད་པ་དང་། དེའི་ནང་ནས་མི་ས་ཡ་བཞི་དང་ལྔ་འབུམ་བདུན་ཁྲི་རང་རྒྱལ་གྱི་ཡིན་ཞིང་། གོ་ལ་ཧྲིལ་པོའི་ནད་པའི་མི་གྲངས་ཀྱི་23.7%ཟིན་ཡོད། དེའི་ཐོག་ནས་རང་རྒྱལ་དུ་དུས་ཚོད་སྐར་མ་གཅིག་རེའི་ནང་མི་8ལ་སྐྲན་ནད་ཕོག་པ་མཚོན་གྱི་ཡོད།
         གྲངས་གཞི་ལས་མངོན་པ་ལྟར་ན། སྤྱི་ལོ་2020ལོར་གོ་ལ་ཧྲིལ་པོར་སྐྲན་ནད་ཕོག་པའི་དབང་གིས་ཚེ་ལས་འདས་པའི་མི་བྱེ་བ་གཅིག་ཙམ་ཡོད་པ་དང་། གོ་ལ་ཧྲིལ་པོའི་1/5ལ་སྐྲན་ནད་ཕོག་གི་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་པ་ལྟར་ན། མི་1/3གི་སྐྲན་ནད་སྔོན་འགོག་བྱེད་ཐུབ་པ་དང་། མི་1/3གི་སྐྲན་ནད་ནི་སྔ་དུས་ནས་བརྟག་དཔྱད་བྱུང་ཚེ་རྩ་བ་ནས་སྨན་བཅོས་ཐུབ་ཀྱི་ཡོད་པ། མི་1/3གི་སྐྲན་ནད་སྨན་བཅོས་ལ་བརྟེན་ནས་འཚོ་ཡུན་ཇེ་རིང་དུ་གཏོང་བ་དང་སྡུག་བསྔལ་ཇེ་ཆུང་དུ་གཏོང་ཐུབ་ཀྱི་ཡོད། 


         རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། སྐྲན་ནད་ལ་སྔ་དུས་སུ་ནད་རྟགས་ཕལ་ཆེར་མེད་པས། ངེས་པར་དུ་དུས་བཅད་ལྟར་གཟུགས་པོར་བརྟག་དཔྱད་བྱེད་དགོས་པ་དང་། ནད་རྟགས་ཐོན་དུས་ད་གཟོད་སྨན་ཁང་དུ་བསྟེན་སྐབས་སྐྲན་ནད་ཕལ་ཆེར་དུས་དཀྱིལ་ལམ་དུས་མཇུག་ཏུ་སླེབས་ཡོད་སྲིད། ཟས་ཀྱི་འགྱུར་ལྡོག་དང་ལས་ཀའི་གནོན་ཤུགས་ཇེ་ཆེར་སོང་བས་ཕོ་བའི་འདོན་སྒོའི་ནར་སྲིན་སོགས་ཀྱིས་ཕོ་བའི་སྐྲན་ནད་ཀྱི་ནད་པའི་ཁྲོད་ན་གཞོན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

         སྐྲན་ནད་ཕོག་ཡོད་པ་ཤེས་དུས་ཕལ་ཆེ་བ་དུས་དཀྱིལ་ལམ་དུས་མཇུག་ཏུ་སླེབས་དོན་ཐད་རིགས་གཅིག་མཁས་པས་སྨན་བཅོས་བྱེད་པར་སྐྲག་ནས་ནད་གསང་བ་སྟེ། སྐྲན་ནད་ཕོག་མ་ཐག་པའི་ནད་རྟགས་མི་ཉུང་བ་ཞིག་སྤྱིར་བཏང་གི་ནད་ཀྱི་ནད་རྟགས་དང་འདྲ་བས་དེ་སྣང་མེད་དུ་འཇོག་སླ་བ་དང་། གཞན་ཡང་གཟུགས་པོར་བརྟག་དཔྱད་དང་བརྟག་དཔྱད་བྱེད་ཐབས་འགྲིག་གི་མེད་པ་དང་འབྲེལ་བ་ཡོད་པ་རེད།

         རིགས་གཅིག་མཁས་པས་གྲོས་འགོ་བཏོན་པར། མི་ཚོགས་ངེས་ཅན་ལ་དུས་བཅད་ལྟར་ཞིབ་བཤེར་བྱེད་དགོས་པ་སྟེ། ནུ་མའི་འབྲས་སྐྲན་གྱི་ཉེན་ཁ་ཆེ་བའི་མི་ཚོགས་ལ་ལོ་ལྟར་Bསྒྲ་རླབས་བརྟག་དཔྱད་ཐེངས་རེ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། གློ་བའི་སྐྲན་ནད་ཀྱི་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ལོ་རེར་ཚད་དམའ་བའི་དུང་འཁྱིལ་CTཐེངས་རེ་བྱས་ན་འགྱེད་འཕྲོ་ཧ་ཅང་ཆུང་ལ། དེའི་འགྱེད་འཕྲོ་ནི་ཐ་ན་ང་ཚོའི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་འཕྲད་སྲིད་པའི་འགྱེད་འཕྲོ་ལས་ཀྱང་ཆུང་བས་ཧ་ཅང་བདེ་འཇགས་ཡིན། ཕོ་ཤེལ་དང་རྒྱུ་མའི་ཤེལ་གྱི་བརྟག་དཔྱད་བྱེད་པར་དཀའ་ངལ་ཅུང་ཆེ་མོད། འོན་ཀྱང་ཕོ་བའི་འབྲས་སྐྲན་དང་རྒྱུ་མའི་འབྲས་སྐྲན་གྱི་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ངེས་པར་དུ་ལོ་རེར་བརྟག་དཔྱད་ཐེངས་རེ་བྱེད་དགོས་སོ།
རྩོམ་སྒྲིག་པ། སྣང་རྡོར།