ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཁ་པར་དུ་གློག20%ལས་མེད་སྐབས་བརྡ་གཏོང་དོན་ཅི་ཡིན་ནམ།

སྤེལ་དུས 2021-08-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
       ད་ཆ་ལག་ཁྱེར་ཁ་པར་སྤྱོད་དགོས་པའི་ཐེངས་གྲངས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་སྟེ། སྤྲོ་གསེང་དང་། གཞུང་དོན་སྒྲུབ་པ། རྒྱུན་གཏན་གྱི་འབྲེལ་འདྲིས་བཅས་ཚང་མ་ཁ་པར་དང་ཁ་འབྲལ་ཐབས་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། ལག་ཁྱེར་ཁ་པར་གྱི་གློག་གི་འདང་མིན་ནི་ཧ་ཅང་འགངས་ཆེན་ཞིག་ཏུ་གྱུར་ཡོད། 

       གློག་གིས་འདང་གི་མེད་པའི་སྒྲ་ནི་རྣ་བར་གཟན་པ་ཞིག་རེད་དེ། གྲོགས་པོ་མང་པོ་ཞིག་ལ་འདི་འདྲའི་དྲི་བ་ཞིག་ཡོད་ངེས། ཁ་པར་དུ་གློག་20%ལས་མེད་སྐབས་གློག་གསོག་དགོས་ཅེས་བརྡ་དོན་ཅི་ཡིན་ནམ།
       ཐེངས་གཅིག་གློག་སྨན།
       ཐེངས་གཅིག་གློག་སྨན་ལ་གློག་གསོག་མི་ཐུབ་པའི་གློག་སྨན་ཡང་ཟེར། གློག་སྨན་ནང་དུ་རྫས་འགྱུར་འགྱུར་འབྱུང་བྱུང་སྟེ།རྫས་འགྱུར་ནུས་དེ་གློག་ནུས་སུ་འཕོ་འགྱུར་བྱེད་པ་ཡིན། ནམ་རྒྱུན་རྒྱང་འཛིན་ཡོ་ཆས་དང་། རྩེད་ཆས། རྣ་ཉན་བཅས་ལ་དུས་བཅད་ལྟར་གློག་སྨན་བརྗེ་དགོས་ཀྱི་ཡོད་པ་རེད།
       སྐྱོན་ཆ། གློག་སྨན་ལ་གློག་གཏོང་ཐེངས་གཅིག་གིས་གློག་ཚར་ཞིང་། དེའི་རྗེས་སུ་བེད་སྤྱོད་བྱེད་མི་ཐུབ་པ་རེད། 
       ཐེངས་གཉིས་གློག་སྨན།
       ཐེངས་གཉིས་གློག་སྨན་ནི་གློག་གསོག་ཐུབ་པའི་གློག་སྨན་ཡིན་ལ། དེ་ནི་ཐེངས་གཅིག་གློག་སྨན་ལས་ལྡོག་པ་སྟེ། དེས་རྫས་འགྱུར་ནུས་གློག་ནུས་སུ་སྒྱུར་པ་དང་། གློག་ཟད་རྗེས་ཡང་གློག་གསོག་ཆས་ལ་བརྟེན་ནས་གློག་གསོག་ཆོག་པ་ཡིན། ང་ཚོས་རྒྱུན་སྤྱོད་བཞིན་པའི་ཁ་པར་དང་གློག་ཀླད། པར་ཆས་སོགས་སུ་ཕལ་ཆེར་ཐེངས་གཉིས་གློག་སྨན་སྤྱོད་བཞིན་པ་ཡིན།
       སྐྱོན་ཆ། གློག་གསོག་ཐུབ་པའི་ཐེངས་གཉིས་གློག་སྨན་ལའང་བཀོལ་སྤྱོད་ཀྱི་དུས་ཡུན་ཞིག་ཡོད་དེ། དེའི་གློག་ཚད་དུས་ཚོད་དང་བསྟུན་ནས་ཟད་ཇེ་མགྱོགས་སུ་འགྲོ་བ་ཡིན། འདི་ནི་ཁ་པར་རྙིང་བ་ཁ་པར་གསར་བ་དང་བསྡུར་ན་གློག་ཟད་མགྱོགས་པའི་རྒྱུ་མཚན་ཡིན།
       ཁ་པར་དུ་གློག་20%ལས་མེད་དུས་བརྡ་གཏོང་བའི་རྒྱུ་མཚན་ཅི། 
       གློག་སྨན་རིམ་བཞིན་ཉམས་པ་ནི་ལྡོག་ཐབས་བྲལ་བ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་བྱེད་ཐབས་ཁ་ཤས་ལ་བརྟེན་ནས་གློག་སྨན་ཉམས་པའི་མགྱོགས་ཚད་ཇེ་དལ་དུ་གཏོང་ཆོག་པ་ཡིན། གློག20%ལས་མེད་སྐབས་བརྡ་གཏོང་བ་ནི་གློག་སྨན་གྱིས་རང་ཉིད་སྲུང་སྐྱོབ་བྱེད་བཞིན་པའི་བྱེད་སྟངས་ཤིག་ཡིན་ཞེས་བརྗོད་ཆོག


       གློག་20%ལས་ཀྱང་ཉུང་དུས་མུ་མཐུད་ཁ་པར་བཀོལ་ན། གློག་སྨན་གྱི་གྲུང་གཤིས་ཇེ་དམའ་རུ་འགྲོ་བ་དང་། གློག་སྨན་གྱི་བཀོལ་ཡུན་ལ་ཡང་ཤུགས་རྐྱེན་ཐེབས་སྲིད། 
       གློག་5%ལས་ཀྱང་ཉུང་དུས་མུ་མཐུད་དུ་ཁ་པར་བེད་སྤྱོད་བྱས་ན། གློག་སྨན་གྱི་གློག་གཏོང་ཚད་ཚད་ལས་བརྒལ་སྲིད་པ་དང་། གློག་སྨན་ནང་གི་གློག་གནོན་ཇེ་དམའ་རུ་འགྲོ་བས། ལག་ཁྱེར་ཁ་པར་གྱི་ཁ་འབྱེད་མི་ཐུབ་པ་དང་གློག་གསོག་མི་ཐུབ་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད་པ་ཡིན། 
       ཡང་དག་པའི་གློག་གསོག་ཐབས།
       ཚད་ལྡན་གྱི་གློག་གསོག་ཆས་བཀོལ་བ། 
       ཁ་པར་རང་གི་གློག་གསོག་ཆས་(原装充电设备)ནི་བཟང་ཤོས་ཡིན། རང་གི་གློག་གསོག་ཆས་ལ་སྐྱོན་བྱུང་ནའང་སྤུས་ཞན་གྱི་གློག་གསོག་ཆས་སྤྱོད་མི་རུང་། གློག་གསོག་གི་སྐུད་པ་མཐུད་སའི་གློག་སྣོད་(插线板)ཀྱང་ཚད་ལྡན་བཀོལ་ན་འགྲིག་སྟེ། རྐྱེན་ངན་འབྱུང་བར་སྔོན་འགོག་བྱེད་དགོས།
       ཡུན་རིང་པོར་གློག་གསོག་ཞོར་དུ་ཁ་པར་མི་རྩེ་བ།
       རྩེ་ཞོར་གློག་གསོག་ཞོར་བྱས་ན་ལག་ཁྱེར་ཁ་པར་ལ་ཚ་བ་རྒྱས་པ་སྟེ། དེ་ལྟར་དུས་ཡུན་རིང་བོ་ཞིག་འགོར་ཚེ་ལག་ཁྱེར་ཁ་པར་གྱི་དྲོད་ཚད་མྱུར་དུ་ཇེ་མཐོར་འགྲོ་བ་རེད། རྒྱུན་དུ་དེ་ལྟར་བྱས་ན་ལག་ཁྱེར་ཁ་པར་གྱི་གློག་སྨན་གྱི་སྤྱོད་ཡུན་ཡང་ཇེ་ཐུང་དུ་འགྲོ་བ་དང་། ཚབས་ཆེ་བའི་སྐབས་སུ་ད་དུང་བདེ་འཇགས་ཀྱི་དོན་རྐྱེན་ཡང་འབྱུང་སྲིད་པ་ཡིན། 
       ཚང་མར་དྲན་སྐུལ་བྱ་རྒྱུར། དོན་དག་གལ་ཆེན་ཞིག་ཡོད་པས་ངེས་པར་དུ་གློག་གསོག་ཞོར་དུ་ལག་ཁྱེར་ཁ་པར་སྤྱོད་དུས། ཁ་པར་གྱི་དྲོད་ཚད་རྒྱུན་ལྡན་མིན་པ་ཤེས་ཚེ།འཕྲལ་དུ་ཁ་པར་སྤྱོད་མཚམས་འཇོག་དགོས།
       གློག་གསོག་པར་ཁོར་ཡུག་འཚམ་པོ་དགོས་པ། 
       ཁ་པར་གྱི་ལིས་གློག་སྨན་ལ་འཚམ་ཤོས་ཀྱི་ཁོར་ཡུག་ནི་སྤྱིར་བཏང་དུ་ཏུའུ་0-35ཡིན། དྲོད་ཚད་དམའ་བའི་ཁོར་ཡུག་ཏུ་ལག་ཁྱེར་ཁ་པར་གློག་སྨན་གྱི་སྲུང་སྐྱོང་ལམ་སྲོལ་གྱིས་གློག་གསོག་པ་ཇེ་དལ་དུ་གཏོང་སྲིད་པ་དང་། དྲོད་ཚད་མཐོ་བའི་ཁོར་ཡུག་ཏུ་ལིས་གློག་སྨན་བརྟན་པོ་མིན། 
       ཚང་མར་བསམ་འཆར་ཞིག་བཏོན་ན། ཚང་མས་གང་ཐུབ་ཀྱིས་རླུང་འགྲོ་ཡོད་ལ་ཚ་བ་འབུད་བདེ་བའི་ཁོར་ཡུག་ནས་ཁ་པར་ལ་གློག་གསོག་ན་ལེགས། 
       གཞན་ཡང་གློག་གསོག་སྐབས་ལག་ཁྱེར་ཁ་པར་གྱི་ཕྱི་ཤུབ་བླངས་དགོས། ཡང་ན་ཡང་ཞིང་སྲབ་པའི་ཕྱི་ཤུབ་འདེམས་དགོས། སྤྱིར་སྤོས་འགྱིག་དང་ཀོ་ཆས་ལས་བཟོས་པའི་ཕྱི་ཤུབ་ནི་ཀུའེ་སྤྱིན་དང་ལྕགས་རིགས་ཀྱིས་བཟོས་པ་ལས་བཟང་།
རྩོམ་སྒྲིག་པ། སྣང་རྡོར།