ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

གནས་ཚུལ་འདི་དག་ཡོད་ཚེ་གཞུང་གི་ལས་གནས་ནས་འབུད་མི་ཆོག

སྤེལ་དུས 2021-09-07 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
       ༢༠༢༠ལོའི་ཟླ༡༢ཚེས་༢༨ཉིན་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་གཞུང་ཞབས་པ་ལས་གནས་ནས་འབུད་པའི་སྐོར་གྱི་གཏན་འབེབས་ལ་བཟོ་བཅོས་བྱས་རྗེས་ཁྱབ་བསྒྲགས་བྱས་པའི་ནང་དོན་གསལ་བོར་བཀོད་ཡོད་པ་དང་། གཞུང་ཞབས་པར་གཤམ་གསལ་གྱི་གནས་ཚུལ་འདི་དག་ཡོད་ཚེ་ལས་གནས་ནས་འབུད་པའི་དགོངས་ཞུ་ལ་ཆོག་མཆན་བཀོད་མི་ཆོག
       གཅིག རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་མ་མཐའི་ཞབས་ཞུའི་ལོ་ཚད་མ་ལོན་པ་དང་། གཉིས།རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་དམིགས་བསལ་ལས་གནས་དང་ཡང་ན་གོང་གསལ་ལས་གནས་ནས་བྲལ་ཡང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གསང་བའི་ལས་བྲལ་གྱི་དུས་ཚད་ལས་བརྒལ་མེད་པ། གསུམ། རྩིས་བཤེར་དང་ལེན་བྱེད་བཞིན་པའམ་ཡང་ན་གལ་ཆེའི་གཞུང་དོན་ད་དུང་ཐག་གཅོད་བྱས་ཚར་མེད་པར་མ་ཟད། མི་རང་ཉིད་ཀྱིས་མུ་མཐུད་དུ་ཐག་གཅོད་བྱ་དགོས་པའི་རིགས། བཞི། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་པའམ་ཡང་ན་ཉེས་བསགས་དོགས་གཞི་ཡོད་ཀྱང་ཁྲིམས་འཛིན་གོ་རིམ་མཇུག་བསྒྲིལ་མེད་པའི་རིགས། ལྔ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ལས་གནས་ནས་འབུད་མི་ཆོག་པར་གཏན་འབེབས་བྱས་པའི་རིགས།
       ད་དུང་གཏན་འབེབས་ནང་གཞུང་ཞབས་པ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་མཁན་གྱི་དེ་སྔའི་འགོ་ཁྲིད་ཁོངས་མི་དང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཡིན་པ་ན་ལས་གནས་དང་བྲལ་རྗེས་ལོ་༣རིང་དེ་སྔའི་གོ་གནས་ཁུར་ཁོངས་ས་ཁུལ་དང་ལས་སྒོའི་ཁྱབ་ཁོངས་ནང་གི་ཁེ་ལས་དང་། འབྲེལ་ཡོད་ལས་ཁུངས་སོགས་དང་ཡང་ན་ཁེ་གཉེར་རང་བཞིན་གྱི་རྩ་འཛུགས་སོགས་སུ་ལས་ཞུགས་བྱས་མི་ཆོག་པ་དང་། དེ་སྔའི་གོ་གནས་འཁུར་ཁོངས་ཀྱི་ལས་སྒོ་དང་འབྲེལ་བ་ཡོད་པའི་ཁེ་གཉེར་རང་བཞིན་གྱི་བྱེད་སྒོ་སྤེལ་མི་ཆོག དེ་ལས་གཞན་པའི་གཞུང་ཞབས་པ་ལས་གནས་དང་ཁ་བྲལ་རྗེས་ལོ་༢ནང་དེ་སྔོན་གྱི་ལས་ཀ་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་ཚན་པའམ་ཡང་ན་ཁེ་གཉེར་རང་བཞིན་གྱི་རྩ་འཛུགས་སོགས་སུ་ལས་ཞུགས་བྱས་མི་ཆོག་པ་དང་། དེ་སྔའི་ལས་ཀ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁེ་གཉེར་རང་བཞིན་གྱི་བྱེད་སྒོ་སྤེལ་མི་ཆོག 
རྩོམ་སྒྲིག་པ། སྣང་རྡོར།