ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

དགེ་རྒན་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ།

སྤེལ་དུས 2021-09-10 ཡོང་ཁུངས། སེམས་ཀྱི་ཞིང་ཁམས།། རྩོམ་པ་པོ།

          དེ་རིང་ནི་༢༠༢༡ལོའི་ཟླ་༩ཚེས་༡༠དང་ལུགས་རྙིང་གི་ཟླ་༨ཚེས་༤ཡིན་ལ། ང་ཚོས་དགེ་རྒན་དུས་ཆེན་ཐེངས་སོ་བདུན་པ་སླེབས་པར་དགའ་བསུ་ཞུ། 

          དགེ་རྒན་ནི་མིའི་རིགས་ཀྱི་བླ་ན་མེད་པའི་བཟོ་བཀོད་པ་དང་གཟི་བརྗིད་ལྡན་པའི་ལས་རིགས་ཤིག་ཀྱང་ཡིན། འོན་ཀྱང“དགེ་རྒན”གྱི་གཟི་བརྗིད་རྒྱབ་ཏུ་དཀའ་ངལ་དང་ངལ་དུབ་ཡང་མང་པོ་ཡོད། དགེ་རྒན་གྱི་ལས་རིགས་འདི་ནི་གཟི་བརྗིད་ལྡན་པའི་ལས་རིགས་ཤིག་ཡིན་ལ། ལས་རིགས་འདིའི་ཁྲོད་དུ་དཀའ་སྤྱད་དང་རྔུལ་ཆུ་མང་པོ་ཡོད། དགེ་རྒན་དུས་ཆེན་གྱི་ཉིན་འདིར་ང་ཚོས་གནམ་འོག་གི་དགེ་རྒན་རྣམས་ལ་ཁྱེད་རྣམ་པས་སྐུ་ལས་ཁག་སོང་ཞེས་ཞུ་འདོད། 

          དགེ་རྒན་དུས་ཆེན་ནི་བཀའ་དྲིན་རྗེས་སུ་དྲན་པའི་དུས་ཆེན་ཞིག་ཡིན། 
          ང་ཚོས་དུས་རྒྱུན་ཕ་མའི་བརྩེ་བ་ནི་རྒྱ་མཚོ་ལས་གཏིང་ཟབ་ཅིང་རི་རབ་ལས་དཔངས་མཐོ་བར་བཤད། དགེ་རྒན་གྱི་བཀའ་དྲིན་ཡང་དེ་བཞིན་ཧ་ཅང་རླབས་ཆེ་སྟེ། ཕ་མས་ང་ཚོར་ཚེ་སྲོག་གནང་སྟེ་གསོ་སྐྱོང་བྱས་ནས་ནར་སོན་པ་དང་། ང་ཚོའི་མི་ཚེའི་ལམ་བུའི་ཐོག་གི་དགེ་རྒན་དང་པོ་དེ་ཡིན། དགེ་རྒན་ནི་ང་ཚོའི་མི་ཚེའི་ལམ་བུའི་ཐོག་གི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་ལ། དུས་དང་རྣམ་པ་ཀུན་ཏུ་ང་ཚོ་དྲང་བའི་ལམ་དུ་སྐྱོད་པར་ཁྲིད་སྟོན་བྱེད་ཀྱིན་ཡོད། 

          དེ་རིང་ནི་དགེ་རྒན་དུས་ཆེན་རེད། དགེ་རྒན་ཚང་མར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག གནམ་འོག་གི་དགེ་རྒན་རྣམས་ཀྱི་སྐུ་ལུས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བར་སྨོན་འདུན་ཞུ། ང་ཚོས་མཉམ་དུ་གནམ་འོག་གི་དགེ་རྒན་ཚང་མར་བཀྲ་ཤིས་སྨོན་འདུན་ཞུས་ཏེ། སྨོན་ཚིག་འདི་ཉེ་འགྲམ་གྱི་དགེ་རྒན་དང་གྲོགས་པོ་ཚོར་བརྒྱུད་སྐུར་བྱས་ཏེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་སྐུལ་སློང་བྱ་རྒྱུ། 
རྩོམ་སྒྲིག་པ། སྣང་རྡོར།