ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བོད་ཀྱི་སློབ་གྲྭ་འདི་དངོས་གཞིའི་ཚན་ཁག་ལ་སྒྱུར་འདུག

སྤེལ་དུས 2021-09-22 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

          གསར་འགོད་པས་ཉིན་ཤས་གོང་འཚོགས་པའི་ལྷ་སའི་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་ཆེད་ཚན་ཚན་ཁག་དངོས་གཞིའི་ཚན་ཁག་ལ་སྒྱུར་བའི་ཞིང་ཆེན་རིམ་པའི་དཔྱད་དཔོག་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུས་བཏོན་པའི་དངོས་གཞིའི་ཚན་ཁག་གི་སློབ་གྲྭ་དཀྱུས་མ་འཛུགས་རྒྱུའི་སྐབས་ཕྲལ་གཏན་འབེབས་ལྟར། ལྷ་སའི་དགེ་འོས་ཆེད་ཚན་སློབ་གྲྭའི་ད་ཡོད་ཀྱི་འཕེལ་རྒྱས་ཆུ་ཚད་དེ་དངོས་གཞིའི་ཚན་ཁག་སློབ་གྲྭ་འཛུགས་པའི་ཚད་གཞིར་བསླེབས་ཡོད་པ་རེད།

          དུས་ཁག་དང་པོར་སློབ་གྲྭས་དངོས་གཞིའི་ཚན་ཁག་གི་ཆེད་ལས་ལྔ་རེ་ཞུ་བྱ་རྩིས་ཡོད་པ་སྟེ། རྒྱ་སྐད་རྩོམ་རིག་དང་། རྩིས་རིག་དང་བཀོལ་སྤྱོད་རྩིས་རིག སློབ་གྲྭར་མ་ཕྱིན་གོང་གི་སློབ་གསོ། ལུས་རྩལ་སློབ་གསོ། བསམ་བློ་ཆབ་སྲིད་བཅས་ཡིན་པ་རེད།
          ༢༠༢༥ལོར་སླེབས་སྐབས། སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་༡༥ཟིན་རྒྱུ་དང་། ཁྱོན་བསྡོམས་དགེ་རྒན་མི་གྲངས་༣༣༥ཟིན་པར་བྱ་རྒྱུ་ཡིན་ཞིང་། དེའི་ནང་མཐོ་རིམ་གོ་མིང་གི་དགེ་རྒན་༡༣༥དང་། འབུམ་རམས་སློབ་གནས་ཀྱི་དགེ་རྒན་༡༠ཟིན་པར་བྱ་རྒྱུ་རེད།

          ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་དགེ་འོས་ཆེད་ཚན་སློབ་གྲྭ་སློབ་གཉེར་བྱས་ནས་ལོ་༤༦རིང་། ཁྱོན་བོད་རང་སྐྱོང་ལྗོངས་སུ་རིགས་ཁག་གི་ཤེས་ལྡན་མི་སྣ་ཁྲི་༤ལྷག་གསོ་སྐྱོང་བྱས་ཡོད་པ་དང་། དེའི་ནང་ཉིན་གང་ལམ་ལུགས་ཀྱི་དགེ་འོས་སློབ་ཐོན་སློབ་མ་ཁྲི་༢ལྷག་རྫོང་དང་ཤང་ཁག་གི་སློབ་གྲྭ་ཆུང་འབྲིང་དང་། བུ་བཅོལ་ཁང་དུ་དགེ་རྒན་བྱས་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། འབྱུང་ཁམས། མཐའ་བརྟན་བཅས་ལས་དོན་ཁག་ལ་ལེགས་སྐྱེས་ཆེན་པོ་འབུལ་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།