ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

དགེ་བཤེས་ལྷ་རམས་པའི་མཚན་གནས་གསོལ་བའི་སྔོན་རྒྱུགས་བཏང་ཟིན་པ།

སྤེལ་དུས 2021-09-23 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

      རང་སྐྱོང་ལྗོངས་ཀྱི་2022ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་སྦྱོང་དགེ་འདུན་པ་དགེ་བཤེས་ལྷ་རམས་པའི་མཚན་གནས་གསོལ་བའི་དབྱར་དུས་སྔོན་རྒྱུགས་གཏོང་བའི་བྱེད་སྒོ་ཚེས་14ནས་ཚེས་21ཉིན་བར་ལྷ་སའི་སེ་ར་དགོན་དུ་སྤེལ་བ་རེད།

      རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཕེབས་པ་རེད།
      ད་ཐེངས་ཀྱི་བྱེད་སྒོར་ལྷ་ས་གྲོང་ཁྱེར་གྱི་སེ་ར་དགོན་དང་། དགའ་ལྡན་དགོན། འབྲས་སྤུངས་དགོན། རྭ་སྟོད་དགོན་བཅས་དང་། གཞིས་རྩེ་གྲོང་ཁྱེར་གྱི་བཀྲ་ཤིས་ལྷུན་པོ་དགོན། ལྷོ་ཁ་གྲོང་ཁྱེར་གྱི་བཀྲ་ཤིས་དུ་ཁ་དགོན། ཆབ་མདོ་གྲོང་ཁྱེར་གྱི་བྱམས་པ་གླིང་། དཔའ་ཤོད་དགོན། དབྱེན་འདུམ་དགོན། བྱམས་ཁང་དགོན། ཀི་ཀུ་ཁུ་བྱུག་དགོན། ནག་ཆུ་གྲོང་ཁྱེར་གྱི་རབ་བརྟན་དགོན། ཡུན་ནན་བདེ་ཆེན་ཀྲོའུ་ཡི་དོན་གྲུབ་གླིང་བཅས་ཀྱི་རྒྱུགས་སྤྲོད་དགེ་འདུན་པ་13དང་། དཔྱད་བསྡུར་ཨུ་ལྷན་གྱི་ཁོངས་མི་30 རྒྱུགས་རོགས་དགེ་འདུན་པ་560ལྷག་ཙམ་བཅས་དབྱར་དུས་སྔོན་རྒྱུགས་བྱེད་སྒོར་ཞུགས་པ་རེད། རྒྱུགས་སྤྲོད་དགེ་འདུན་པ་13གྱིས་གཞུང་པོད་ལྔའི་རྟཌ་གསལ་དང་། རིག་གནས་ཤེས་བྱ་དང་སྐབས་དོན་ཆབ་སྲིད་ཡིག་རྒྱུགས་ཀྱི་བརྒྱུད་རིམ་ནང་དོན་རྒྱུགས་འཕྲོད་ནས་2022ལོ་འཁོར་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་གསོལ་བ་དང་དམ་འཇོག་རྟཌ་གསལ་གཏོང་བའི་ཐོབ་ཐང་དང་ཨང་རིམ་བརྩོན་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོར།