ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

མྱུར་བགྲོད་མེ་འཁོར་དུ་སྡོད་སྐབས་འདིར་གཏན་ནས་ཐུག་མི་རུང་།

སྤེལ་དུས 2021-09-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
ཉེ་ཆར།
སྐྱེས་མ་ཞིག་མྱུར་བགྲོད་མེ་འཁོར་དུ་སྡོད་སྐབས་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་དེ་
པོད་ཕྲན་ཐོག་ཀུན་གྱི་དོ་སྣང་ཚ་ཤོས་བྱེད་ཡུལ་དུ་གྱུར་ཡོད།

མ་གཞི།
སྐྱེས་མ་དེས་རྐུབ་སྟེགས་ཀྱི་རྒྱབ་ཁེན་སྙོམ་སྒྲིག་བྱེད་བསམ་པར།
རྐུབ་སྟེགས་ཕྱི་གཞོགས་འོག་གི་རྐང་གནན་མནན་ནོར་ཐེབས་པས།
གྲལ་གཅིག་པའི་སྐུ་མགྲོན་ཡོངས་ཀྱི་རྐུབ་སྟེགས་ཚང་མ་ལོགས་གཅིག་ཏུ་
ཕྱོགས་པ་དང་། མི་མང་པོར་དངངས་སྐྲག་བཟོས་ཤིང་།
སྐྱེས་མ་རང་ཉིད་ཀྱང་ངོ་ཚ་ཆེན་པོ་སྐྱེས།

རྐང་གནན་ཆུང་ཆུང་དེ་དག་གིས
དོན་དངོས་སུ་མེ་འཁོར་རྐུབ་སྟེགས་ཀྱི་ཁ་ཕྱོགས་ཚོད་འཛིན་བྱེད་བཞིན་ཡོད།
1
རྐང་གནོན་དེ་ཡོད་དགོས་དོན་ཅི་ཡིན་ཞེ་ན།
དེ་ནི་མྱུར་བགྲོད་མེ་འཁོར་གྱི་
མགོ་གཉིས་ཅན་གྱི་ཇུས་འགོད་ནས་གླེང་དགོས།

མྱུར་བགྲོད་མེ་འཁོར་དེ་སྤྱིར་བཏང་འཁོར་སྒྲོམ་བརྒྱད་ལས་གྲུབ་ཅིང་། མེ་འཁོར་གྱི་སྣེ་གཉིས་ཀར་མགོ་བོ་རེ་ཡོད།
མེ་འཁོར་འཁོར་སྐྱོད་བྱེད་སྐབས་མགོ་གཉིས་དུས་གཅིག་ཏུ་སྤྱོད་མི་སྲིད་པར་གཅིག་ལས་སྤྱོད་ཀྱི་
མེད་ལ་གཞན་གཅིག་ངལ་གསོའི་ཚུལ་དུ་ཡོད།

མྱུར་བགྲོད་མེ་འཁོར་མཇུག་མཐའི་འབབ་ཚིགས་ལ་སླེབས་རྗེས། ཁ་ལོ་བ་སྣེ་གཞན་དེའི་འཁོར་མགོར་ཕྱིན་ན་
མེ་འཁོར་ལྡོག་ཕྱོགས་སུ་བགྲོད་ཐུབ་པ་དང་། སྐབས་དེར་ཁ་ལོ་བས་སྐྱེས་མས་མནན་པའི་
རྐང་གནོན་དེ་མནན་ན་རྐུབ་སྟེགས་ཡོངས་ལོགས་གཅིག་སུ་ཕྱོགས་པ་དང་།
དེ་ནས་རྐུབ་སྟེགས་ཐོག་གི་ལག་འཐེན་ཤུགས་ཀྱིས་འཐེན་ན་རྐུབ་སྟེགས་ཀྱི་ཁ་འཁོར་ཕྱོགས་ཡོངས་སུ་བརྗེ་ཐུབ།   
 

2
རྐུབ་སྟེགས་ཀྱི་རྒྱབ་ཁེན་ཇི་ལྟར་སྙོམ་སྒྲིག་བྱེད་དགོས་ཞེ་ན།

སྙོམ་སྒྲིག་མ་བྱས་གོང་།
རྗེས་སུ་ཡོད་པའི་འགྲུལ་པར་དྲན་སྐུལ་བྱེད་དགོས་པ་དང་།
སྙོམས་སྒྲིག་བྱེད་པའི་ཤུགས་ཚད་ཆུང་དགོས།


རིམ་པ་གཉིས་པའི་འདུག་སྟེགས་ཀྱི་སྙོམ་སྒྲིག་མཐེབ་གནོན་ལག་ཁེན་ཐོག་ཡོད་ཅིང་།
མདུན་ཕྱོགས་སུ་འཐེན་ཞོར་རྒྱབ་ཁེན་རྒྱབ་ཕྱོགས་སུ་འདེད་དགོས་ལ།
འོས་འཚམ་བྱུང་སྐབས་མཐེབ་གནོན་ལྷོད་དགོས།


འདུག་སྟེགས་རིམ་པ་དང་པོའི་སྙོམ་སྒྲིག་མཐེབ་གནོན་ནི་ལག་ཁེན་གྱི་ནང་ལོགས་སུ་ཡོད་ཅིང་།
སྒོར་དབྱིབས་ཅན་གྱི་ལྕགས་རིགས་མཐེབ་གནོན་མནན་ནས་
དལ་བུའི་ངང་ནས་རྒྱབ་ཁེན་རྒྱབ་ཕྱོགས་སུ་དེད་དེ།
འོས་འཚམ་བྱུང་སྐབས་
མཐེབ་གནོན་ལྷོད་པས་ཆོག
རྐུབ་སྟེགས་དང་ཁ་བྲལ་སྐབས་དུས་ཐོག་ཏུ་དྲང་པོར་བྱེད་དགོས།


ཚོང་དོན་འདུག་སྟེགས་ཀྱི་སྙོམ་སྒྲིག་ནུས་པ་དེ་བས་ཆེ།
དེ་ནི་ལག་ཁེན་ནང་ངོས་ཀྱི་མཐེབ་གནོན་གསལ་བཤད་ལ་གཞིགས་ནས་སྙོམ་སྒྲིག་ཆོག་ཅིང་།
སྡོད་ཆོག་ལ་ཉལ་ཡང་ཆོག་པ་མ་ཟད།
གོང་འོག་དང་སྔ་ཕྱི་ཡང་སྙོམ་སྒྲིག་ཕྲན་བུ་རེ་བྱེད་ཐུབ།
རྩོམ་སྒྲིག་པ། སྣང་རྡོར།