ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སློབ་ཕྱིའི་གསོ་སྦྱོང་ཐད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།

སྤེལ་དུས 2021-09-26 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
         ཚེས་23ཉིན་སློབ་གསོ་པུས་གསར་འགྱུར་བརྡ་སྦྱོར་ཚོགས་འདུ་འཚོགས་ནས་ངོ་སྤྲོད་བྱས་དོན། “གཉིས་འཕྲིའི”ཆ་ལག་ཚང་བའི་སྲིད་ཇུས་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་འགྲན་བསྡུར་དོ་དམ་བྱེད་ཐབས་ཞིབ་འཇུག་དང་བཟོ་བཅོས་བརྒྱབ་ནས“རྒྱལ་སྤྱིའི”དར་ཆ་བསྒྲེངས་པའི་འགྲན་བསྡུར་སྣ་ཚོགས་བཅོས་སྒྲིག་བྱ་རྒྱུ་དང་། “གཉེར་སྐྱོང་མིན་པའི་ལས་རིགས་ལ་བསྒྱུར་བའི”བརྒྱུད་རིམ་འཐུས་ཚང་དུ་གཏོང་བ། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་ཚད་གཞི་ཞིབ་འཇུག་དང་འཆར་ཟིན་འགོད་པ། སློབ་ཕྱིའི་གསོ་སྦྱོང་དོ་དམ་སྲོལ་ཡིག་གི་ཁྲིམས་འཛུགས་འཕེལ་རིམ་མགྱོགས་སུ་བཏང་སྟེ་རིག་ཚན་མིན་པའི་གསོ་སྦྱོང་སྒྲིག་གཞིའི་དོ་དམ་མཉམ་དུ་འཇུག་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས“གཅིག་གཏད་གཅིག”དང་།“མཐོ་རིམ་ཁྱིམ་ལས།”“སྒེར་གྱི་སློབ་ཁྲིད”“ཁྱིམ་སྡོད་དགེ་རྒན”སོགས་མངོན་མེད་གཞན་འགྱུར་གྱི་སྒྲིག་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། 
རྩོམ་སྒྲིག་པ། སྣང་རྡོར།