ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

མཉམ་དུ་ཟ་མི་རུང་བའི་ཟས་རིགས་ཁག་གཅིག

སྤེལ་དུས 2022-03-28 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

       རྒྱུན་དུ་མིའི་ལུས་ཁམས་ལ་མཁོ་བའི་འཚོ་བཅུད་ཕལ་ཆེ་བ་བཟའ་བཏུང་ཁྲོད་ནས་ཡོང་གི་ཡོད།  ཟས་རིགས་ཁག་གཅིག་མཉམ་དུ་བཟས་ན། འཚོ་བཅུད་ཀྱི་རིན་ཐང་དེ་བས་ཆེ་བ་ཡོད། འོན་ཀྱང་ཟས་རིགས་ཁག་གཅིག་གི་ངོ་བོ་དང་ནུས་པ་ལ་སོགས་མི་འདྲ་བའི་དབང་གིས་ཕན་ཚུན་མཉམ་བསྲེས་བྱས་ན་འཚོ་བཅུད་ཀྱི་རིན་ཐང་ཤོར་བ་མ་ཟད། མི་ལུས་ཀྱི་བདེ་ཐང་ལའང་གནོད་སྲིད།
       སྲན་ཁུ་དང་སྒོ་ང་མི་འཕྲོད།   
       སྒོ་ངའི་ནང་གི་ཚི་ཅན་སྤྲི་དཀར་དང་སྲན་ཁུའི་གཤེར་མའི་སྤྲི་དཀར་གཉིས་མཉམ་དུ་འདྲེས་ན་དེ་གཉིས་ཀའི་འཚོ་བཅུད་ཤོར་འགྲོ།
       འབྲས་ཐུག་དང་འོ་རྩམ་མི་འཕྲོད།  
       འོ་རྩམ་ནང་འཚོ་རྒྱུ་ཀ་པ་འཛོམས་པོ་ཡོད། འོན་ཀྱང་འབྲས་ཐུག་སྐོལ་ཟིན་པའི་གྲུབ་ཆ་ནི་ཕིང་རྩམ་གྱི་ངོ་བོར་གྱུར་བས། དེ་གཉིས་འདྲེས་ན་འཚོ་བཅུད་ཤོར་སྲིད།
       སྲན་ཁུ་དང་བུ་རམ་མི་འཕྲོད། 
       བུ་རམ་ནང་དུ་སྐྱེ་ལྡན་སྐྱུར་རྒྱུ་འབོར་ཆེན་འདུས་ཡོད་པ་དེ་སྲན་ཁུའི་ནང་གི་སྤྲི་དཀར་དང་འདྲེས་ན་དྭངས་སྙིགས་འབྱེད་སླ་བ་དང་སྤྲི་དཀར་གྱི་འཚོ་བཅུད་ཆུང་དུ་གཏོང་གི་ཡོད་པས་དེ་གཉིས་མི་འཕྲོད།
       འོ་མ་དང་ཤིང་འབྲས་ཁུ་བ་མི་འཕྲོད།
       འོ་མའི་ནང་སྤྲི་དཀར་གྱི་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཤིང་འབྲས་ནང་གི་སྐྱུར་རྩི་དང་འདྲེས་ན་འོ་མའི་སྤྲི་དཀར་ཧྲེང་ནས་འཇུ་དཀའ་བས་དེ་གཉིས་མི་འཕྲོད་པ་ཡིན་ནོ།
རྩོམ་སྒྲིག་པ། སྣང་རྡོར།