ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

དྭངས་གསལ་གཤེར་ཁུ་འདི་ལ་དོཊ་ཟོན་མ་བྱས་ཚེ་ཉེན་ཁ་ཆེ།

སྤེལ་དུས 2022-03-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       སྤྱི་ཟླ་3ཚེས་23ཉིན། སི་ཁྲོན་ལུའུ་ཀྲོའུ་གྲོང་ཁྱེར་ནཱ་ཞི་ཁུལ་དུ་(醇基燃料)ཁྲུན་ཅི་འབར་རྒྱུ་འཐུང་ནོར་ཤོར་བའི་དོན་རྐྱེན་བྱུང་སྟེ་མི་4རྐྱེན་ལམ་དུ་ཤོར།
       ཚེས་25ཉིན། སི་ཁྲོན་ལུའུ་ཀྲོའུ་ནཱ་ཞི་ཁུལ་དུ་དོན་རྐྱེན་བྱུང་བའི་བརྟག་དཔྱད་བརྒྱུད་རིམ་བརྡ་ཁྱབ་བཏང་ཡོད་དེ།

       སྤྱི་ཟླ3པའི་ཚེས21ཉིན། ཀྲང་ཆེ་གེ་མོས་ཧྥེང་ལེ་གྲོང་རྡལ་ཧྲི་ཐུང་གྲོང་ཚོའི་སྡེ་ཁུལ་ལྔ་པའི་ནུ་བོའི་ཁྱིམ་དུ་རང་གི་ཨ་མར་འདས་མཆོད་སྒྲུབ་སྐབས་ལུའོ་ཆེ་གེ་མོ་(ཕོ། ལོ46། ཧྥེང་ལེ་གྲོང་རྡལ་གྱི་མི)གདན་དྲངས་ནས་འདས་མཆོད་གཙོ་སྐྱོང་བྱེད་དུ་བཅུག སྤྱི་ཟླ་3པའི་ཚེས་20ཉིན་གྱི་ཆུ་ཚོད་18ཡས་མས་སུ། ལུའོ་ཆེ་གེ་མོས་ཧྥེང་ལེ་གྲོང་རྡལ་ནས་ཁྲོན་ཅི་འབར་རྒྱུ་ཟོམ་ལྔ་ཉོས་ཏེ་ཀྲང་ཆེ་གེ་མོའི་ནུ་བོའི་ཁྱིམ་གྱི་ཐབ་ཚང་དུ་སྐྱེལ་ནས་འབར་རྒྱུ་གྲ་སྒྲིག་བྱས་མོད་ཀྱང་། འོན་ཀྱང་དོ་དམ་བྱེད་མཁན་བཀོད་སྒྲིག་བྱས་མེད།
       སྤྱི་ཟླ3པའི་ཚེས21ཉིན་གྱི་དགུང་ཟས་གོང་། ཝང་ཆེ་གེ་མོ་(ཕོ། ལོ་43 ཧྥེང་ལེ་གྲོང་རྡལ་གྱི་མི།  )དང་ལིའང་ཆེ་གེ་མོ་(ཕོ། ལོ་34 ཧྥེང་ལེ་གྲོང་རྡལ་གྱི་མི)གཉིས་ཀྱིས་ཀྲང་ཆེ་གེ་མོའི་ནུ་བོའི་ཁྱིམ་གྱི་ཐབ་ཚང་ནང་ཉར་ཚགས་བྱས་པའི་ཁྲུན་ཅི་འབར་རྒྱུ་ཨ་རག་དང་ནོར་ཏེ་རྒྱ་མ་10དང་5ཅན་གྱི་འགྱིག་དམ་ནང་བླུགས་ནས་ཉིན་དགུང་དང་དགོང་མོ་མགྲོན་པོ་ཚོར་བཀྱག་པས་མགྲོན་པོར་ཅ་ཁྲོན་གྱི་དུག་ཕོག་ནས་མི་4རྐྱེན་ལམ་དུ་ཤོར་བ་དང་མི་13སྨན་ཁང་དུ་སྐྱེལ་ནས་བརྟག་དཔྱད་སྨན་བཅོས་བྱེད་བཞིན་ཡོད་ཅིང་། གནས་སྐབས་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད། 
       སྤྱི་བདེ་ལས་ཁུངས་ཀྱིས་ཉེས་བསགས་དོགས་ཡོད་པ་ལུའོ་ཆེ་གེ་མོར་ཉེས་དོན་བཙན་ཐབས་བྱ་ཐབས་བཟུང་བ་དང་གྱོད་གཞི་དེ་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡོད། མིག་སྔར་རྗེས་འཇུག་ལས་དོན་ཁག་སྒྲུབ་བཞིན་པའི་སྒང་རེད།
རྩོམ་སྒྲིག་པ། སྣང་རྡོར།