ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སྐོམ་ཆུ་འདི་རིཊ་བཏུང་ན་རྒྱཊ་པ་ཆཊ་སླ།

སྤེལ་དུས 2022-04-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

         སྐོམ་ཆུ་འཐུང་སྐབས་མི་མང་ཆེ་བས་མངར་མོ་བཏུངས་ན་ཤ་རྒྱགས་པ་ཆགས་པའི་སེམས་ཁྲལ་བྱེད་སྲིད། འོན་ཀྱང་ཁོང་ཚོས་སྐོམ་ཆུའི་བྲོ་བ་ཞིམ་པོ་ཉམས་སུ་མྱོང་མ་ཐུབ་པར་མ་ཟད།  གལ་ཏེ་ཁྱེད་ལ་མངར་མེད་ཐན་སྐྱུར་སྐོམ་ཆུ་བཏུངས་ན་ལུས་ཤ་སྔར་བས་རྒྱགས་པ་ཆགས་ངེས་རེད་ཅེས་བརྗོད་ཚེ་ཁྱེད་ཀྱིས་དང་ལེན་བྱེད་ཕོད་དམ།  
         སྤྱི་ཟླ་3ཚེས་30ཉིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། བཟའ་བཏུང་ཁྲོད་ཀྱི་མངར་རྫས་ནི་ཀ་ར་མ་ཡིན་པར་ཨན་ཅི་སྐྱུར་རྫས་ཡིན་ཞིང་དེར་ནུས་ཚད་མི་ལྡན་ལ།  ཁྲོམ་རའི་སྟེང་གི་སྐོམ་ཆུ་མི་ཉུང་བ་ཞིག་ལ་མངར་ཆ་དང་ནུས་ཚད་གཉིས་ཀ་མེད་ཅེས་དྲིལ་བསྒྲགས་བྱེད་བཞིན་ཡོད། འོ་ན་སྐོམ་ཆུ་དེའི་རིགས་ནི་ བདེ་ཐང་གི་བཏུང་བྱ་ཡིན་ནམ། ལུས་ཤ་སྐམ་དུ་གཏོང་འདོད་མཁན་ཚོས་སྐོམ་ཆུ་འདིའི་རིགས་བཏུངས་ཚེ་སྐམ་དུ་འགྲོ་རྒྱུར་ཕན་པ་ཡོད་དམ། 
         དེའི་ཐད། པེ་ཅིང་ཞེ་ཧོ་སྨན་ཁང་འཚོ་བཅུད་ཚན་ཁག་གི་སྨན་པ་དཀའ་བཅུ་པས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱི་རྒྱལ་དུ་ཞིབ་འཇུག་རིགས་གཉིས་བྱས་ཡོད་དེ།  ཚང་མས་ཐཱན་སྐྱུར་འཐུང་བྱ་བཏུངས་ཤིང་། རིགས་གཅིག་གིས་མངར་མོ་འཐུང་བ་དང་རིགས་གཞན་ཞིག་གིས་མངར་རྒྱུ་མེད་པ་བཏུངས་ཡོད། ཕྱོགས་གཉིས་ཀའི་འཚོ་བའི་གོམས་གཤིས་གཅིག་པའི་འོག་མཇུག་མཐར་མངར་མེད་འཐུང་མཁན་དག་མངར་ཡོད་འཐུང་མཁན་ལས་ཤ་རྒྱགས་པ་ཆགས་པ་མ་ཟད་གཅིན་པ་མངར་འགྱུར་གྱི་ནད་ཕོག་ཚད་ཀྱང་སྔར་ལས་མང་བ་ཐོན་ཡོད་པ་རེད།  

         དོན་དངོས་ཐོག་དེ་ནི་སེམས་ཁམས་རིག་པ་ཞིག་ཡིན་ཏེ། རྒྱུ་མཚན་ནི་རང་ཉིད་ཀྱིས་འཐུང་བཞིན་པའི་སྐོམ་ཆུ་ནི་མངར་རྒྱུ་མེད་པ་ཡིན་པས་མང་ཙམ་འཐུང་ཡང་སྐྱོན་མེད་སྙམ་གྱི་ཡོད།  མངར་མེད་སྐོམ་ཆུའི་ནང་གི་མངར་རྒྱུའི་འདུས་ཚད་མངར་ལྡན་སྐོམ་ཆུ་ལས་དམའ་བ་ཡོད་མོད། ཡིན་ནའང་མངར་མེད་སྐོམ་ཆུའི་ནང་གི་གྲུབ་ཆ་གཞན་དག་གིས་ཁྱེད་ཀྱི་དང་ག་འདྲེན་ཐུབ་པ་དང་། འཚོ་བའི་ཐོག་འགྱུར་ལྡོག་བྱུང་མེད་ཀྱང་ལུས་ཤ་རྒྱགས་པ་ཆགས་ཚད་སྔར་བཞིན་མཐོ་པོ་རེད།  
         ད་ལྟའི་དབྱེ་འབྱེད་ཚད་གཞི་ནི། མངར་ཆ་དང་ཚ་ཚད་མེད་པའི་སྐོམ་ཆུ་ནི་ཚ་ཚད་དང་མངར་ཆ་ལྡན་པ་དག་ལས་བདེ་ཐང་དང་བདེ་འཇགས་ཡིན་སྙམ་གྱི་ཡོད་མོད། འོན་ཀྱང་དེ་དག་ང་ཚོའི་རང་བྱུང་འཐུང་ཆུ་དང་བསྡུར་ཚེ་སྔར་བཞིན་བདེ་ཐང་མིན།
         རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། སྐོམ་ཆུའི་ནང་ཚ་ཚད་དང་མངར་ཆ་མེད་སྙམ་ནས་གང་འདོད་དུ་འཐུང་མི་རུང་སྟེ། དེས་མི་རྣམས་ཀྱི་ཟས་ཀྱི་དང་ག་འདྲེན་ནས་ཤ་རྒྱགས་པ་ཆགས་སུ་འཇུག་གི་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།