ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བྱ་སྤྱོད་འདི་རིགས་ལ་ཆེས་མཐོ་བ་སྒོར་ཁྲི10ཡི་ཆད་པ་གཅོད་རྒྱུ་རེད།

སྤེལ་དུས 2022-04-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཚེས29ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་ཉོ་ཚོང་བྱེད་པའི་བྱ་སྤྱོད་རྩ་བ་ནས་ཇེ་ཉུང་དུ་གཏོང་ཆེད། སྤྱི་བདེ་པུའུ་ཡིས་གསར་དུ་བཟོས་པའི《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་སྐར་མ་འཐེན་པའི་དོ་དམ་བྱ་ཐབས》ཞེས་པའི་ནང་སྐར་མ་ཉོ་ཚོང་དང་དེ་བཞིན་མི་གཞན་སྒྲིག་འཛུགས་བྱས་ཏེ། སྐར་མ་ཉོ་ཚོང་དང་དཔལ་འབྱོར་གྱི་ཁེ་ཕན་རག་ཐབས་བྱེད་པའི་བྱ་སྤྱོད་ལ་དེ་མཚུངས་ཀྱི་འགན་འཁྲི་གཏན་འབེབས་བྱས་ཡོད། བྱ་ཐབས་དེ་ཟླ4པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། བྱ་ཐབས་གཞིར་བཟུང་སྟེ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་མི་གཞན་ལ་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆད་པ་དང་སྐར་མ་འཐེན་དུ་འཇུག་པ་མ་ཟད། དཔལ་འབྱོར་གྱི་ཁེ་ཕན་སྤྲད་ཚེ་མཐོ་ཤོས་ལ་སྒོར་ཁྲི5ཡི་ཆད་པ་གཅོད་རྒྱུ་ཡིན་པ་དང་། དུས་མཚུངས་སུ་དེ་སྔའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། དངོས་ཡོད་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ཚབ་བྱས་ནས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆད་པ་དང་སྐར་མ་འཐེན་དུ་བཅུག་ནས་དཔལ་འབྱོར་གྱི་ཁེ་ཕན་རག་ཐབས་བྱས་ཚེ། མཐོ་ཤོས་ལ་སྒོར་ཁྲི5ཡི་ཆད་པ་གཅོད་རྒྱུ་ཡིན་པ་དང་ཐེངས་གཅིག་ལ་སྐར་མ12འཐེན་རྒྱུ། མི་གཞན་སྒྲིག་འཛུགས་བྱས་ནས་སྐར་མ་ཉོ་ཚོང་དང་དཔལ་འབྱོར་གྱི་ཁེ་ཕན་རག་ཐབས་བྱས་ཚེ་མཐོ་ཤོས་ལ་སྒོར་ཁྲི10ཡི་ཆད་པ་གཅོད་རྒྱུ་རེད།

རྩོམ་སྒྲིག་པ། སྣང་རྡོར།