ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཁྱིམ་བདག་གི་ཆ་འཕྲིན་བསྡུ་ལེན་གཏན་འགོག་བྱ་རྒྱུ་རེད།

སྤེལ་དུས 2022-04-06 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
         གསར་འགོད་པས་སློབ་གསོ་པུའི་དྲ་ཚིགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་སློབ་གསོ་པུའུ་གཞུང་དོན་ཐིང་གིས《སློབ་གྲྭ་འབྲིང་ཆུང་དཀྱུས་མའི་སློབ་བསྡུའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་བསྡུའི་སློབ་ཞུགས་ལས་དོན་བཀོད་སྒྲིག་བྱས་པ་རེད།
         བརྡ་ཐོའི་ནང་བླང་བྱ་བཏོན་དོན།
         སློབ་ཞུགས་གོང་གི་སློབ་གསོ་མྱོང་རིམ་དང་། འཆར་ལྡན་བུ་བཙའི་དཔང་ཡིག རྒྱུན་ལྡན་གྱི་སློབ་ཞུགས་ལོ་ཚད་ལས་བརྒལ་བའི་དཔང་ཡིག་སོགས་དོན་མེད་ར་སྤྲོད་ཡིག་རིགས་ཁྱོན་ཡོངས་ནས་གཙང་བཤེར་དང་མེད་པར་བཟོ་དགོས།
         སློབ་མའི་ཁྱིམ་བདག་གི་ལས་གནས་དང་ཡོང་འབབ་ཀྱི་ཆ་འཕྲིན་བསྡུ་ལེན་བྱ་རྒྱུ་གཏན་འགོག་བྱེད་དགོས་པ་དང་། APPརིགས་སྣ་ཚོགས་སྤྱད་དེ་གང་འདོད་དུ་སློབ་མའི་འབྲེལ་ཡོད་ཆ་འཕྲིན་ཡང་ཡང་འཚོལ་བསྡུ་བྱེད་མི་ཆོག
         སྒྲིག་སྲོལ་དང་མི་མཐུན་པའི་བུ་ཕྲུག་ཁྲིད་ནས་གནས་སྤོ་བྱས་པའི་བུ་ཕྲུག་གི་སློབ་ཞུགས་དཔང་ཡིག་དང་དེའི་དུས་བཀག་བླང་བྱ་ཁྱོན་ཡོངས་ནས་གཙང་བཤེར་དང་མེད་པར་བཟོ་དགོས་པ་ལས། ཐེམ་ཐོ་ཡོད་སའི་ས་གནས་སུ་ལྟ་སྐྱོང་བྱེད་མཁན་མེད་པའི་དཔང་ཡིག་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་མི་ཆོག
རྩོམ་སྒྲིག་པ། སྣང་རྡོར།