ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ནད་དུག་ཕལ་ཆེར་གྱོན་ཆས་བརྒྱུད་འགོས་པ་ཡིན་པ་དང་ཨོ་སྨི་ཁེ་རུང་་་

སྤེལ་དུས 2022-04-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
         ཉེ་ཆར་ཏ་ལེན་དང་། ཁྲང་ཧྲུའུ་ས་ཆ་གཉིས་ཀྱིས་གདགས་གཤིས་ཅན་སྙན་ཞུར་ཕུལ་ཡོད་པ་མ་ཟད། དེ་གའི་འབྲེལ་ཡོད་ཀྱི་ལྷོ་ཁོ་རེ་ཡ་ནས་ནང་འདྲེན་བྱས་པའི་གྱོན་ཆས་ཕྱི་ཐུམ་ནང་ངོས་དང་ཕྱི་ངོས་སམ་གྱོན་ཆས་སྟེང་ནས་ཉིང་སྐྱུར་གདགས་གཤིས་བརྟག་ཐུབ་ཡོད། བརྡ་ཁྱབ་ཁྲོད་ནང་འདྲེན་དངོས་པོར་རེག་ཐུག་བྱས་ནས་ནད་དུག་འགོ་སྲིད་པ་བསྟན་འདུག
         ཨོ་སྨི་ཁེ་རུང་གྲང་ཕྲེང་ཁོར་ཡུག་ལས་བརྒལ་བ་ཡིན་ནམ།
         ལྷོ་ཁོ་རེ་ཡ་ནས་ཡོང་བའི་གྱོན་ཆས་ཁོ་ན་མ་ཡིན་པར། ཉེ་ཆར་པེ་ཅིང་ཐུང་ཀྲོའུ་དང་། ཧྲུན་དབྱི་ཡི་ངང་ལག་ཁྲོམ་སྟེགས་ཁོར་ཡུག་ནས་ཀྱང་གདགས་གཤིས་བརྟག་དཔྱད་ཐུབ་ཡོད་པ་མ་ཟད། དེ་ནི་གྲང་ཕྲེང་མིན་པ་རེད།

         གྲང་ཕྲེང་ཁོར་ཡུག་མིན་པའི་ཁྲོད་ཨོ་སྨི་ཁེ་རུང་དུས་ཡུན་ཅི་ཙམ་གསོན་ཐུབ་བམ།
         དང་ཐོག་མའི་དུག་སྡོང་དང་བསྡུར་ན། ངོ་འགྱུར་ནད་དུག་གསར་པའི་ཁོར་ཡུག་ཁྲོད་ཀྱི་གཏན་འཇགས་རང་བཞིན་ལ་ཡང་འགྱུར་ལྡོག་བྱུང་སྲིད།
         ལྗར་པན་ཅིན་ཏུའུ་རྒྱལ་འཛུགས་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ཚོད་ལྟ་ཁང་དུ་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར། དུས་འགོའི་ཏོག་གསར་ངོ་འགྱུར་ནད་དུག་གཞན་དང་བསྡུར་ན། ཨོ་སྨི་ཁེ་རུང་འགྱིག་ཤོག་ཕྱི་ངོས་སམ་མིའི་སྐྱི་མོའི་སྟེང་དུ་དུས་ཡུན་དེ་བས་རིང་བ་གསོན་ཐུབ་ཀྱི་ཡོད། སྐྱེ་དངོས་རིག་པའི་ཞིབ་འཇུག་གི་དྲ་ཚིགས་bioRxivཡི་མཇུག་འབྲས་ལྟར་ན། ཞིབ་འཇུག་མི་སྣས་ཏོག་གསར་ནད་དུག་དེ་རྒྱུན་ལྡན་དྲོད་ཚད་འོག་འགྱིག་ཤོག་ཕྱི་ངོས་ཀྱི་ཆ་སྙོམས་གསོན་གནས་ཐུབ་པའི་དུས་ཚོད་ཁག་སོ་སོ་སྟེ། ཐོག་མའི་ནད་དུག་ཆུ་ཚོད་56དང་། ཏེར་ཐ་ནད་དུག་ཆུ་ཚོད་114 ཨོ་སྨི་ཁེ་རུང་ནད་དུག་ཆུ་ཚོད་193.5བཅས་ཡིན་ཞིང་། དེ་ལས་ཨོ་སྨི་ཁེ་རུང་འགྱིག་ཤོག་ཕྱི་ངོས་སུ་གསོན་གནས་ཐུབ་པའི་དུས་ཚོད་ཉིན་8ཙམ་ཡིན་པ་མངོན་ཡོད། དེ་མིན་མི་ལུས་ཀྱི་སྐྱི་མོའི་དཔེ་དབྱིབས་ཀྱི་ཕྱི་ངོས་སུ་གསོན་གནས་ཐུབ་པའི་དུས་ཚོད་ཀྱང་ཨོ་སྨི་ཁེ་རུང་ཆེས་རིང་ཤོས་ཡིན་པ་རེད། 
         ཧྲན་ཏུང་གིས་ནང་འདྲེན་དངོས་ཟོག་དུག་སེལ་ཉར་འཇོག་ཉིན་10བྱས་རྗེས་ཉིང་སྐྱུར་སྲིབ་གཤིས་ཡིན་ཚེ་ད་གཟོད་ཕྱི་ལ་སྐྱེལ་ཆོག་གི་ཡོད།  
         ཟླ་4ཚེས་2ཉིན་གྱི་ཕྱི་དྲོ། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་སྤྱིའི་མཁའ་འགྲུལ་གནམ་གྲུར་འཕུར་ཐེངས་གཅིག་ལ་གོ་རིམ་གཅིག་དང་། བྱེད་ཐབས་གཅིག དུག་སེལ་ཐེངས་གཅིག ལྟ་ཞིབ་ཐེངས་གཅིག ཕྱོགས་བསྡོམས་ཐེངས་གཅིག་བཅས་ལག་བསྟར་བྱས་ནས། ཕྱི་ནས་ཡོང་བའི་དངོས་ཟོག་ལ་དུག་སེལ་ཉར་འཇོག་ཉིན་10བྱས་རྗེས་ཉིང་སྐྱུར་འཐེན་བཤེར་དང་བརྟག་དཔྱད་བྱས་ཏེ། སྲིབ་གཤིས་ཡིན་ཚེ་ད་གཟོད་ཕྱི་ལ་སྐྱེལ་ཆོག་པ་བསྟན་ཡོད།

         དེ་མིན་མི་སྒེར་གྱི་ངོས་ནས། འགོག་སྲུང་ལེགས་པོ་བྱེད་པ་དང་། དུག་སེལ་དང་ལག་པ་བཀྲུ་བ་ནི་སྔར་བཞིན་བྱེད་ཐབས་ཡག་པོ་ཞིག་ཡིན། རུའེ་ཅིན་སྨན་ཁང་གི་ནད་ཐོག་ནད་དུག་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲང་ཤིན་ཤིན་གྱིས། ཧྲང་ཧའེ་རླུང་འཕྲིན་བརྙན་འཕྲིན་ཁང་གི་ལེ་ཚན་ཞིག་གི་ནང་ང་ཚོས་ཀྱང་སེམས་ཁྲལ་ཆེན་པོ་བྱེད་མི་དགོས། འགོག་སྲུང་བྱེད་དགོས་པར་ད་དུང་འགོག་སྲུང་བྱེད་དགོས། གལ་ཏེ་ཁྱིམ་ཚང་ལ་ཆ་རྐྱེན་ལྡན་ཚེ། མྱུར་སྐྱེལ་དངོས་པོ་ལེན་སྐབས་དུག་སེལ་གཤེར་ཁུ་གཏོར་ནས་དུག་སེལ་བྱེད་དགོས། གལ་ཏེ་དེ་ལྟར་སྒྲུབ་མི་ཐུབ་ཚེ། ང་ཚོའི་རང་སྟེང་གི་འགོག་སྲུང་ལ་བླང་བྱ་དེ་བས་ཚད་མཐོན་པོ་བཏོན་ཏེ། ཐོག་མར་གད་སྙིགས་ཁུག་མའི་ནང་བླུག་དགོས་པ་དང་གང་སར་དབྱུག་མི་ཆོག ང་ཚོ་མི་སྒེར་ལ་མཚོན་ན་ལག་པ་བཀྲུ་རྒྱུ་ནི་ཧ་ཅང་གལ་ཆེ་ཞེས་གསུངས་ཡོད།