ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

གཏུམ་སྤྱོད་སྤེལ་མཁན་སློབ་མ་12ལ་ཆད་པ་བཅད་འདུག

སྤེལ་དུས 2022-04-07 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

    ཟླ་4ཚེས་3ཉིན། ཨན་ཧུའེ་ཡི་དབྱིང་ཧྲང་རྫོང་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་དྲ་ཐོག་ཏུ་“སློབ་མ་མང་པོ་ཞིག་གིས་སློབ་མ་གཅིག་རྡུང་བར་ངན་སྐུལ་བྱེད་པའི”བརྙན་ལམ་ཁྱབ་བཞིན་པ་དེ་དང་འབྲེལ་ཡོད་བརྙན་ལམ་ནི་ངོ་མ་རེད་ཅེས་ལན་བཏབ།
    སྤྱི་བདེ་ལས་ཁུངས་ཀྱིས་ཀུའུ་ཁྲེན་གྲོང་རྡལ་ལྟེ་བའི་སློབ་གྲྭའི་ལོ་རིམ་བདུན་པའི་གཏུམ་སྤྱོད་སྤེལ་མཁན་སློབ་མ་ལེའང་ཆེ་གེ་མོ་སོགས་མི་12ལ་ཁྲིམས་ལྟར་ཆད་པ་བཅད་པ་རེད། 
    དེའི་ནང་ཁྲེན་ཆེ་གེ་མོ(ལོ་14)ལ་སྲིད་འཛིན་བཀག་ཉར་ཉིན་10བྱས་པ་དང་། དེ་མིན་མི་11ད་དུང་ལོ་14མ་ལོན་པས་ཁྲིམས་ལྟར་ཉེས་ཆད་མ་བཅད་མོད། དེའི་ལྟ་སྐྱོང་པར་བསླབ་བྱ་བརྒྱབ་པ་དང་དེ་དག་གིས་ལྟ་སྐྱོང་བྱ་ཡུལ་ལ་དོ་དམ་སློབ་གཅུན་ནན་པོ་བྱེད་དགོས་པའི་འགན་དཀྲིས་ཡོད།
   རྫོང་དེའི་སློབ་གསོ་ལས་དོན་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། ཀུའུ་ཁྲེན་གྲོང་རྡལ་གྱི་ལྟེ་བའི་སློབ་གྲྭའི་སློབ་སྤྱི་ལི་ཆེ་གེ་མོར་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། སློབ་སྤྱི་གཞོན་པ་ཝང་ཆེ་གེ་མོར་སྐྱོན་ཐོ་འགོད་པའི་ཆད་པ་བཅད་པ་དང་། དེའི་སློབ་སྤྱི་གཞོན་པའི་གོ་གནས་མེད་པར་བཟོས་པ། དོན་དག་དེ་དང་འབྲེལ་བ་ཡོད་པའི་འཛིན་གྲྭའི་ཀྲུའུ་རེན་ཀྲེང་ཆེ་གེ་མོར་སྐྱོན་ཐོ་འགོད་པའི་ཆད་པ་བཅད་པ། ཀུའུ་ཁྲེན་གྲོང་རྡལ་གྱི་ལྟེ་བའི་སློབ་གྲྭར་རྫོང་ཡོངས་སུ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་རེད། 
རྩོམ་སྒྲིག་པ། སྣང་རྡོར།