ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

རོང་པའི་གཞས་དང་ཞབས་བྲོའི་འབྱུང་ཁུངས་སྐོར་གླེང་བ།

སྤེལ་དུས 2019-01-08 ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། རྩོམ་པ་པོ། བསོད་ནམས་རྡོ་རྗེ།

        གནའ་སྔ་མོ་གནའ་སྔ་མོ་ནས་མིའི་རིགས་ཆགས་པ་ནས་བཟུང་། ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་ཆད་པའི་གངས་ཅན་བོད་ཀྱི་མི་རིགས་འདི་འཕེལ་རྒྱས་ཕྱིན་པ་ནི་ཀུན་གྱི་འདོད། སྐབས་དེའི་མིའི་འཚོ་བ་ཡང་མཉམ་སྡོད་མིན་པ་ཁེར་རྐྱང་དུ་སྡོད་པ་ལས། ཟན་བཟོ་དང་གྱོན་གོས་སོགས་ཡག་པོ་ཞིག་གྱོན་མི་ཐུབ། དེ་ནས་རིམ་བཞིན་བཟས་དང་གོས་སོགས་ངོ་ཚ་ཁྲེལ་དང་ལྡན་པར་གྱུར་ནས། རིམ་བཞིན་འདུ་འཛོམས་དང་མཉམ་སྡོད་ཀྱི་འཚོ་བར་ཁ་ཕྱོགས་ནས་རིམ་བཞིན་གྲོང་ཚོ་དང་གཏན་སྡོད་ཀྱི་འཚོ་བར་རོལ་བ་མ་ཟད། གྲོང་ཚོ་དང་གྲོང་ཚོ་མཉམ་དུ་འཛོམས་ནས་སྐད་བརྡའི་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་རྒྱུན་མཐུད་སྐད་གདངས་ཀྱི་གོ་བརྡ་སྤྲོད་པའི་གཞས་དང་ཚ་གླུ་དར་ནས། ཕན་ཚུན་ངོ་སྤྲོད་དང་དགའ་བདེའི་འཚོ་བར་རོལ་བའི་མགོ་ཚུགས་པ་མ་ཟད། དེ་ནས་རིམ་བཞིན་ངལ་རྩོལ་གྱི་བྱེད་སྒོ་དང་འབྲེལ་ནས། གནའ་སྔ་མོའི་བཤད་རྒྱུན་ལྟར་ཤེས་རབ་བློ་གྲོས་ལྡན་པའི་ཅུང་དཀར་ཨ་བོ་དང་མཁའ་འགྲོ་ཡིད་ཀྱི་ལྷ་མོ་གཉིས་ཀྱིས་མིའི་རིགས་ཀྱི་སེམས་ལ་བདེ་བ་འབྱིན་པའི་ཆེད་དུ། ཁོང་རྣམ་གཉིས་ཀྱི་རྩྭ་ར་པད་མ་སྟོབས་ལྡན་རྩྭ་སྟོད་སྤང་མེ་ཏོག་སྣ་ཚོགས་ཀྱི་ཁེངས་པ། རྩྭ་སྨད་རྒྱ་མཚོའི་ནང་དུ་འདབ་ཆགས་སྣ་ཚོགས་ཀྱི་ལྡིང་བ། བར་རི་གངས་དཀར་དང་ནགས་རིས་གཡོགས་པ། ནང་དུ་སེམས་ཅན་སྣ་མིན་སྣ་ཚོགས་གྲངས་ལས་འདས་པ། ཁོང་རྣམ་གཉིས་སྤང་དུ་བཞུགས་པའི་ཉིན་ཞིག་བྱ་འཇོལ་མོས་སྐད་ཅིག་རྒྱབ་པས། ཁོང་རྣམ་གཉིས་ཀྱིས་གཞས་ཀྱི་སྐད་དེ་བྱ་འཇོལ་མོའི་སྐད་དང་འདྲ་བ་ཞིག་དགོས་དགོངས་ནས་དེར་གཞིར་བཞག དེ་ནས་ཡང་སྤང་བྱ་ཞིག་སྤང་སྟེང་དུ་དགའ་སྤྲོའི་གོམ་སྟབས་ཉམས་འགྱུར་ལྡན་པ་ཞིག་གཟིགས་པས་ཞབས་བྲོ་ཡང་དེ་འདྲ་བ་ཞིག་དགོས་དགོངས་ནས། སྐད་ཀྱི་གདངས་དང་རྐང་པའི་ཞབས་བྲོ་ནི་ལེགས་སྒྲུབ་བྱུང་། ཡིན་ན་ཡང་ལག་པའི་སྟང་སྟབས་མེད་པས་མུ་མཐུད་ཐུགས་བསམ་བཞེས་སྐབས། གློ་བུར་དུ་འབྲོང་ཞིག་སྤང་སྟེང་དུ་དགའ་སྤྲོའི་ངང་རྒྱུག་འགྲོ་བ་གཟིགས་པས། མཇུག་མ་གནམ་ལ་གཟིངས་པ་རྔམ་བརྗིད་ལྡན་པ་དེས་ལག་པའི་གཡུག་སྟངས་ཀྱང་ལྷན་ཅིག་ཏུ་དྲན། དེ་ནས་རིམ་བཞིན་སྐད་དང་ཞབས་བྲོ ལག་པའི་གཡུག་སྟངས་སོགས་ཆ་ཚང་། ཡང་ཞབས་བྲོ་གང་འདྲ་རྒྱག་དགོས་མིན་མ་ཤེས་པས་མུ་མཐུད་ཐུགས་བསམ་བཞེས་སྐབས། སྤང་སྟེང་དུ་སེམས་ཅན་ཞིག་ཤི་ནས་བྱ་རྒོད་མང་པོས་ཤ་ཟ་བ་གཟིགས་པས། དེ་ལ་བལྟས་ནས་མཉམ་འཛོམས་ཀྱིས་འཁྲབ་དགོས་པ་ཤེས། དེ་ནས་རིམ་བཞིན་དར་བ་ཡིན། གཞས་ཚིག་གི་རྩ་བ་ནི་སྲིད་པ་ཆགས་དུས་ནས་ཡོད་པ་མ་ཟད། གནམ་ཉི་ཟླ་སྐར་གསུམ། གཙོས་རི་རྒྱལ་ལྷུན་པོ་དང་མཐའ་ཡས་རྒྱ་མཚོ་གཙང་ཆུ་སྔོན་པོ། ཡུལ་ཁག་སོ་སོའི་རིམ་གྱིས་དར་བ་ཡིན།

        ཡུལ་ཁག་སོ་སོའི་སྐད་ལུགས་དང་མི་ཡི་ལས་ཀ་བྱེད་སྟངས་ཡུལ་ལ་བསྡད་ནས། ཡུལ་ལྷ་དགའ་མིན་དང་རོང་པའི་གཞས་ཀྱི་འབྱུང་ཁུངས་ནི་རོང་པའི་གཞས་ལ་བྲོ་དང་བྱམས་གླུ་གཉིས་མཁའ་འགྲོ་ཡིད་ཀྱི་ལྷ་མོས་གནང་བས། རོང་པའི་ཡུལ་ལྷ་ཆེན་པོ་སྤང་ཁྲི་དགའ་བ་དཔག་ཏུ་མེད་པ་བྱུང་ནས། ཡུལ་དེར་གཞས་དེ་གཉིས་དར་ཁྱབ་ཆེན་པོ་བྱུང་ཡོད་པ་མ་ཟད། སྤང་ཁྲི་ཆེན་པོའི་ཁ་སྤྲོད་ཡོད་པའི་ཡུལ་ཚོ་ཡོད་དོ་ཅོག་གིས་བྲོ་དང་བྱམས་གླུ་བཏང་སྲོལ་ཡོད་ལ། ཁྱབ་ཁོངས་ནི་ཤར་ཕྱོགས་མཚུར་ཕུ་ལ་ཡར་ནང་། ལྷོ་ནུབ་མཚམས་ནས་ཉེ་རིང་སྒང་རིང་ཡར། རྒྱབ་ནུབ་བྱང་རྩ་གན་ཤང་རི་རྒྱབ་ལ་མར་ནང་ཚང་མས་གཏོང་བའི་རོང་པའི་བྲོ་དང་བྱམས་གླུ་ནི་ས་ཁྱབ་རྡོ་ཁྱབ་ཡིན་ནོ།