ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

སྟག་ལྤགས་ཀྱི་གུར་ཆེན།

སྤེལ་དུས 2019-06-05 ཡོང་ཁུངས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་ལས། རྩོམ་པ་པོ།

པར་ལེན་མཁན་སྣང་རྡོར།
       ལི་ཐང་རྫོང་གི་ལོ་རྒྱུས་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆའི་ཚོད་དཔག་ལྟར་ན། གུར་ཆེན་འདི་ནི་སྦྱིན་བདག་ཆེན་པོ་བསྟན་བཛིན་ཆོས་རྒྱལ་གྱིས་ལི་ཐང་དགོན་པ་བྱམས་ཆེན་ཆོས་འཁོར་གླིང་ལུ་ཕུལ་བ་ཡིན་ཞིང་། ཆོས་ལུགས་དང་ཆབ་སྲིད་ཀྱི་དོན་སྙིང་ཆེན་པོ་ཡོད། བསྟན་འཛིན་ཆོས་རྒྱལ་ནི་མིང་རྒྱལ་རབས་ཀྱི་མཇུག་དང་ཆིང་རྒྱལ་རབས་ཀྱི་འགོར་ཝུ་ལ་ཐེ་སོག་པོའི་ཧོ་སོ་ཐེ་སྡེའི་འགོ་གཙོ་སྟེ་གུ་ཤི་ཧན་ཡིན། ༡༦༣༨ལོར་གུ་ཤི་ཧན་ལྷ་སར་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པར་མཇལ་དུ་སོང་བ་དང་། གུ་ཤི་བསྟན་འཛིན་ཆོས་རྒྱལ་ཞེས་པའི་མཚན་མིང་ཐོབ་པ་རེད། གུར་འདིར་གནམ་ས་ཟིལ་དུ་གནོན་ཐུབ་པའི་ནུས་མཐུ་ཡོད་པར་གྲགས་ཤིང་དུས་མཚུངས་སུ་ཐོབ་གོ་ས་དང་རྒྱུ་དབང་ཤུགས་ཀྱི་མཚོན་རྟགས་ཀྱང་ཡིན་ནོ།། གཅིག་ནས་གཅིག་བརྒྱུད་དུ་མར་བྱས་རྗེས་འབུམ་ཡག་རྒྱལ་པོར་ཐོབ་པ་རེད། ཐན་པ་བྱུང་དུས་འབུམ་ཡག་རྩྭ་ཐང་དུ་གུར་ཆེན་ཕུབ་སྟེ་ཆར་སློང་བྱེད་སྲོལ་ཡོད་ལ། དུས་རྒྱུན་ཆོས་འདོན་དང་སྨོན་ལམ་སོགས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་བར་བེད་སྤྱོད་བྱེད་ཀྱི་ཡོད་པ་ཡིན།
     གྲུབ་ཆ་རྟོག་དཔྱོད། 
     མཚོ་འགྲོན་ཤན་པའི་སྟག་ལྤགས་ཀྱི་གུར་ཆེན་ཏོག་གོར་མ་ལ་སྟག་ལྤགས་བསྡོམས་འབོར་༡༠༨ཡོད། སྤྱི་ཁོག་ནི་ཟླ་གམ་དབྱིབས་ཀྱི་གུར་གཅལ་གཉིས་དང་གྲུ་བཞི་ཅན་གྱི་གུར་ངོས་བཞི་སྟེ་ཁག་དྲུག་ལས་སོག་གུར་ཞིག་གྲུབ་ཡོད། དེའི་ཐོག་ལ་མཚོ་འགྲོན་ཤན་ནས་མཛེས་རྒྱན་དུ་བཀོད་པ་དང་། གུར་གྱི་ཁོག་གཞི་ནི་སྟག་ལྤགས་གཙོ་བོར་བྱས་ཐོག་བར་དུ་གཟིག་ལྤགས་དང་སྲམ་ལྤགས། རྔ་མོང་གི་པགས་པ་སོགས་ཡོད་ཅིང་སྲིང་རས་དམར་པོས་ནང་ཤན་བརྒྱབ་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།