ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ལག་ཤེས་རྒྱུན་འཛིན་བྱས་པའི་ཡིད་འོང་གི་བོད་གྲི

སྤེལ་དུས 2019-06-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
       ཡིད་འོང་གི་བོད་གྲིའི་བཟོ་རྩལ་ནི་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཅིག་རེད། ཡིད་འོང་གི་བོད་གྲི་གཅིག་བཟོ་བའི་སྲོལ་རྒྱུན་ལས་རིམ་ཆ་ཚང་ལ་ཟླ་བ་གཅིག་ཙམ་འགོར་གྱི་ཡོད། གྲི་རྡུང་བཟོ་བྱེད་པའི་བརྒྱུད་རིམ་ནང་གྲི་ངོས་སུ་འཇའ་ཚོན་དང་། མེ་ལྕེ། ཆུ་རིས་སོགས་ཀྱི་རི་མོ་བརྐོ་སྲོལ་ཡོད།
       འདི་ལོ་ལོ་50ལ་སླེབས་པའི་ནེའུ་ཆུང་ནི་ཡིད་འོང་གི་བོད་གྲིའི་རྒྱུན་འཛིན་པ་དྲུག་པ་དེ་ཡིན་ཞིང་། ཁོང་གིས་ཡིད་འོང་གི་བོད་གྲིའི་རྒྱུ་ཆ་འཚོལ་བསྡུ་བྱེད་པ་ནས་ངར་ལྡུད་ཀྱི་དྲོད་ཚད་འཚམ་སྒྲིག་དང་། དཔེ་དབྱིབས་རྡུང་བཟོ། ཁྲ་རིས་བཟོ་བ་སོགས་གྲི་རྡུང་བཟོའི་བརྒྱུད་རིམ་ཧྲིལ་པོ་རང་རྐྱ་འཕེར་བའི་ངང་ལེགས་གྲུབ་ཐུབ་ཀྱི་ཡོད། ཁྱད་འཕགས་ཀྱི་ས་གཤིས་ཁོར་ཡུག་དང་བཟོ་བོ་མི་རབས་རེ་རེའི་བརྒྱུད་སྤྲོད་ལས་ཡིད་འོང་གི་བོད་གྲི་རྡུང་བཟོའི་ལག་རྩལ་མངོན་ཡོད་ལ་ཡུལ་ཕྱོགས་གཅིག་གི་རིག་གནས་རྒྱུན་འཛིན་ཡང་ཐུབ་ཅིང་།

འདི་ནི་ནེའུ་ཆུང་གིས་རང་ཉིད་ཀྱིས་བཟོས་པའི་ཡིད་འོང་གི་བོད་གྲི་ངོམ་སྟོན་བྱེད་བཞིན་པ།

འདི་ནི་ནེའུ་ཆུང་གིས་གནས་དེ་གའི་བཙོ་སྦྱངས་བྱས་ཟིན་པའི་ལྕགས་རྡོར་ལྟ་ཞིབ་བྱེད་བཞིན་པ།

འདི་ནི་ནེའུ་ཆུང་གིས་ཡིད་འོང་གི་བོད་གྲི་བཟོ་བཞིན་པ།

རྩོམ་སྒྲིག་པ། སྣང་རྡོ།