ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

འཛམ་གླིང་གི་ཟིན་ཐོ་བསྐྲུན་པའི་ཡུལ་ཤུལ་གྱི་ཚོན་མེད་ཐང་ཀ་དང་སྦྲ་ནག

སྤེལ་དུས 2019-07-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

འཛམ་གླིང་གི་ཟིན་ཐོ་བསྐྲུན་པའི་ཚོན་མེད་ཐང་ཀ་དང་སྦྲ་ནག

          གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། འཛམ་གླིང་སྟེང་གི་ཆེས་རིང་བའི་ཚོན་མེད་ཐང་ཀ་དང་ཆེས་ཆེ་བའི་སྦྲ་ནག་གཉིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཚོ་སྔོན་ཡུལ་ཤུལ་ནས་བྱུང་སྟེ་འཛམ་གླིང་གི་ཟིན་ཐོ་བསྐྲུན་པ་དང་། སྤྱི་ཟླ7པའི་ཚེས13དང་ཚེས15ཉིན་འཛམ་གླིང་ཟིན་ཐོ་བདེན་དཔང་ར་སྤྲོད་ལས་ཁུངས(བསྡུས་མིངWRCA)ཀྱིས་འཛམ་གླིང་གི་ཟིན་ཐོ་བསྐྲུན་པའི་དཔང་ཡིག་སྤྲད་པ་རེད།
          རྒྱུས་ལོན་བྱས་པ་ལྟར་ན། འཛམ་གླིང་ཟིན་ཐོ་བདེན་དཔང་ར་སྤྲོད་ལས་ཁུངས་ཀྱིས་ཡུལ་དངོས་སུ་ཚད་ལེན་ཞིབ་བཤེར་བྱས་པ་བརྒྱུད། རིང་ཚད་ལ་ལི་སྨི20000ཡོད་པའི་ཚོན་མེད་ཐང་ཀ་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་ལོ་རྒྱུས་ཞེས་པ་འཛམ་གླིང་སྟེང་གི་ཆེས་རིང་བའི་ཚོན་མེད་ཐང་ཀ་རུ་ངོས་འཛིན་བྱས་པ་དང་། དེ་ནི་ལོ་བཞི་རིང་གི་འབད་བརྩོན་བརྒྱུད་2019ལོའི་ཟླ4པར་ལེགས་གྲུབ་བྱུང་བ་ཞིག་ཡིན། ཐང་གའི་ནང་དོན་གཙོ་བོ་ནི་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་བརྒྱུད་མྱོང་བའི་དུས་རབས་ཀྱི་གཏམ་རྒྱུད་རྒྱབ་ལྗོངས་སུ་བྱས་ནས་རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོ་རྣམ་གཉིས་གཉེན་འབྲེལ་བྱས་པའི་བརྒྱུད་རིམ་ཞིབ་ཕྲ་བཀོད་ཡོད་ཅིང་། དེ་ནི་ད་བར་ཐང་གའི་ནང་མི་སྣ་དང་། རི་ཆུ། བཟོ་སྐྲུན། སྲོག་ཆགས་དང་རྩི་ཤིང་སོགས་ཀྱི་པར་རིས་ཆེས་མང་བའི་ཐང་ག་ཞིག་ཡིན།

          གཞན་ཡང་། མཚོ་སྔོན་ཞིང་ཆེན་ནང་ཆེན་ནས་ནོར་ནག་གི་རྩིད་པས་ལག་བཟོ་བྱས་པའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ1838.37དང་མཐོ་ཚད་ལ་སྨི6ཡོད་པའི་སྦྲ་ནག་དེ་ཉིད་ཀྱང་འཛམ་གླིང་སྟེང་གི་ཆེས་ཆེ་བའི་སྦྲ་ནག་ལ་ངོས་འཛིན་བྱས། སྦྲ་ནག་དེ་ནང་ཆེན་རྫོང་གི་ཁྱིམ་ཚང་བདུན་གྱི་མི60ཡིས་ནོར་ནག་གི་རྩིད་པ་རྒྱ་མ5000སྤྱད་ནས་ལོ3ལ་ལག་བཟོ་བྱས་ཤིང་། སྦྲ་ནག་དེའི་ནང་དུ་མི700ཤོང་ཐུབ་པ་རེད།