ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཐེམ་ཆེན་རི་བོའི་འདབས་རོལ་དུ་དུང་སེམས་ཀྱི་མཆོད་དབྱངས་ངག་ལ་བཀུགས་སོང་།

སྤེལ་དུས 2019-08-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་གྲུབ་ཚེ་རིང་།

          སྟོན་ཟླ་བརྒྱད་པའི་དུས་ཚིགས་ཀྱི་འགྲོས་དང་བསྡོངས་ནས་བོད་ཁུལ་གྱི་ས་ཆ་མང་ཆེ་ཤོས་སུ་རང་ས་གནས་སམ་ཡུལ་བབ་དང་མཐུན་པའི་དམངས་ཁྲོད་ཀྱི་དུས་ཆེན་སྣ་ཚོགས་ལ་རོལ་མགོ་ཚུགས་ཤིང་། ལྷག་པར་དུ་ལྷ་མཚོའི་འབྱུང་ཡུལ་དང་རྟ་མཆོག་གི་ཡུལ་གྲུ་རུ་འབོད་པའི་མདོ་སྨད་བོང་སྟག་ས་ཆར་མཚོན་ནའང་གནའ་ནས་ད་རག་བར་རྒན་གཞོན་རྣམས་ཀྱིས་དྲུག་པའི་གླུ་རོལ་གྱི་དུས་ཆེན་སྐབས་སུ་ཕྱོགས་བཞི་མཚམས་བརྒྱད་ནས་མ་བོས་མགྲོན་པོ་བཞིན་དུ་བྲག་དཀར་ཐེམ་ཆེན་འདབས་རོལ་འདིར་འཛོམས་ཏེ་ཕན་ཚུན་ལ་གླུ་ལེན་གར་རྩེད་དང་། རྟ་རྒྱུགས། མདའ་འཕེན་སོགས་ཀྱི་དགའ་མགུའི་སྤྲོ་བསང་ལ་རོལ་བཞིན་ཡོད།

          འདི་ལས་ཨ་མདོའི་དམངས་ཁྲོད་དུ་ཆེས་དར་ཁྱབ་ཆེ་བའི་ལ་གཞས་སམ་རི་གླུ་ལྟ་བུར་མཚོན་ནའང་ཆེས་མེད་དུ་མི་རུང་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་ཆགས་ཡོད་ཅིང་། དུས་ཆེན་གྱི་ཉིན་ཁ་ཤས་ནང་ཐེམ་ཆེན་རྫོང་གཙོས་ས་ཆ་སོ་སོ་ནས་ལོངས་པའི་གཞོན་ནུ་ཕོ་མོ་རྣམས་ཀྱིས་ཕན་ཚུན་ལ་ལ་གཞས་ལེན་པ་དང་སྙིང་གཏམ་བརྗོད་པ་སོགས་དགའ་བའི་དཔལ་ལ་རོལ་བ་རེད།

          ཡིན་ནའང་། དུས་རབས་དང་སྤྱི་ཚོགས་ཁོར་ཡུག་གི་འགྱུར་ལྡོག་དང་བསྟུན་ནས་བོད་ཀྱི་དམངས་ཁྲོད་རིག་གནས་གང་མང་ཞིག་ཉམས་དམས་སུ་སོང་དང་འགྲོ་བཞིན་པ་མ་ཟད། ལྷག་པར་དུ་ལ་གཞས་ལྟ་བུ་སྔོན་ཆད་དར་ཁྱབ་ཤིན་ཏུ་ཆེ་བའི་ངག་ཐོག་རིག་གནས་འདི་ཉིད་ལ་མཚོན་ནའང་ཉམས་པ་སོར་ཆུད་དང་མ་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། འདི་ནི་ཀྲུང་གོ་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་70ལོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གཏིང་ཟབ་ཏུ་སྤེལ་བའི་རིག་རྩལ་ཡུལ་སྐོར་བྱ་འགུལ་གཞི་བྱས་པའི་ལ་གཞས་འགྲན་ཚོགས་ཆེས་དོན་སྙིང་ལྡན་པ་ཞིག་ཀྱང་རེད།

          ལ་གཞས་ནི་གནའ་སྔ་མོ་ནས་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་བའི་ངག་ཐོག་རྩོམ་རིག་གམ་ཡང་ན་ཆེས་ཐོག་མའི་སྙན་ངག་གི་འབྱུང་ཁུངས་ལྟ་བུ་ཡིན་ལ། ཨ་མདོའི་ས་ཆར་དར་ཁྱབ་ཤིན་ཏུ་ཆེ་བའི་ལ་གཞས་ནི་གཞོན་ནུ་ཕོ་མོ་ཟུང་གིས་རང་གི་ནང་སེམས་ཀྱི་བརྩེ་དུངས་དང་དགའ་སྐྱོ་ཆགས་སྡང་ཚིག་གི་ཕྲེང་བར་བརྒྱུས་ནས་གཙོ་བོ་ངག་གི་དབྱངས་རྟ་ལ་དྲངས་ནས་དྲི་བ་དྲིས་ལན་གྱི་ཚུལ་ལམ། ཡང་ན་དཔེ་དང་དཔེ་ཅན་གྱི་ཚུལ་གྱིས་ཁ་གསལ་ཞིང་གོ་བདེ་བའི་ལམ་ནས་ཕ་རོལ་བའི་སྙན་ལམ་དུ་འཇོག་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད།