ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཡར་ཀླུང་རིག་གནས་དུས་ཆེན་གཏོང་འགོ་ཚུགས་པ།

སྤེལ་དུས 2019-08-19 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
 
    འདི་ནི་2019ལོའི་ཀྲུང་གོའི་བོད་ཀྱི་ཡར་ཀླུང་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཚན་ཚོགས་འཚོག་ཡུལ་ཡིན་པ།
    ཟླ་8ཚེས་15ཉིན་གྱི་དགོང་མོར། “བོད་མིའི་འབྱུང་ཁུངས·བོད་ཀྱི་ལས་དབང—མཛེས་སྡུག་ལྡན་པའི་དུས་རབས་ཕྱོགས་སུ་སྐྱོད·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འབད་པས་སྐྲུན”བརྗོད་དོན་གཙོ་བོར་བྱས་པའི་2019ལོའི་ཀྲུང་གོའི་བོད་ཀྱི་ཡར་ཀླུང་རིག་གནས་དུས་ཆེན་ལྷོ་ཁའི་རྩེད་ཐང་གྲོང་རྡལ་དུ་གྲ་རྒྱས་ངང་གཏོང་འགོ་ཚུགས་པ་རེད། ད་ཐེངས་ཀྱི་རིག་གནས་དུས་ཆེན་ནི་ལྷོ་ཁ་གྲོང་ཁྱེར་དང་ཧུའུ་པེ་ཞིང་ཆེན་གྱིས་མཉམ་དུ་གཉེར་བ་ཞིག་ཡིན་ཞིང་། ལྷོ་ཁར་ཚོགས་ར་གཙོ་བོ་དང་ཧུའུ་པེར་ཡན་ལག་ཚོགས་ར་བཙུགས་ཡོད། དུས་ཆེན་རིང་། ཡུལ་སྐོར་རིག་གནས་འཕེལ་རྒྱས་གླེང་སྟེགས་དང་། ས་མཐོའི་ཁྱད་ལྡན་ཚོང་འདུས། མང་ཚོགས་ཀྱི་སྒྱུ་རྩལ་འཁྲབ་སྟོན་སོགས་ལྷོ་ཁའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཁག་17དང་དེ་བཞིན་ལྷོ་ཁའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་དང་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་སོགས་ཧུའུ་པེའི་ཡན་ལག་ཚོགས་རའི་བྱེད་སྒོ་མང་དག་ཅིག་ཀྱང་སྤེལ་རྒྱུ་རེད།
རྩོམ་སྒྲིག་པ།སྣང་རྡོར།