ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཤིག་བརྐོས་ལག་རྩལ་ཁྲོད་ནས་ཕུལ་བྱུང་རང་གཤིས་མངོན་། སྲོལ་རྒྱུན་རྒྱུན་འཛིན་ཆེད་དུ་བརྩོན་པ་ལྷོད་མེད་བྱེད།

སྤེལ་དུས 2019-09-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བོད་བཟོའི་ཤིང་བརྐོས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་པད་མ་དགྲ་འདུལ་གྱི་སྐོར་བཀོད་པ།
     “གྲ་ནང་གི་ཤིག་བརྐོས(ཤིག་གི་སྣང་བརྙན་ཡང་བརྐོ་ཐུབ་པའི་དོན)ལག་རྩལ་ལས་བརྐོ་བྱ་གང་དེའི་གཟུགས་བརྙན་གསོན་ཉམས་དོད་པོས་བརྐོ་ཐུབ་ཀྱི་ཡོད། གྲ་ནང་གི་ཤིག་བརྐོས་བརྩམས་ཆོས་མཐོང་མྱོང་བའི་མི་ཚང་མ་གང་དེའི་གསོན་ཉམས་དོད་པ་དང་། མངོན་སུམ་འཁྲུལ་མེད། མ་ལུས་ཀུན་འདུས་ཀྱི་ནང་དོན་བཅས་ལས་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་གི་ཡོད། པད་མ་དགྲ་འདུལ་ནི་གནའ་བོའི་ལག་རྩལ་འདི་རྒྱུན་འཛིན་བྱེད་མཁན་གྱི་ལག་རྩལ་པ་རྩེ་གྲའི་གྲས་ཤིག་རེད། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བོད་བཟོའི་ཤིང་བརྐོས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་ངོས་ནས། ཁོང་གིས་གཟི་བརྗིད་ཚོར་བ་ཙམ་མ་ཟད། འགན་འཁྲི་དེ་བས་ཀྱང་སེམས་གཏིང་དུ་བཅངས་ཡོད། གྲ་ནང་གི་ཤིག་བརྐོས་ལག་རྩལ་ཁོང་དུ་ཆུད་པ་ནས་བཟུང་། པད་མ་དགྲ་འདུལ་གྱིས་གྲ་ནང་གི་ཤིག་བརྐོས་ལག་རྩལ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱ་རྒྱུ་དེ་རང་ཉིད་ཀྱི་འདོར་ཐབས་མེད་པའི་འགན་འཁྲིར་བརྩིས་ནས་བརྩོན་པ་ཆུ་མོའི་རྒྱུན་བཞིན་བྱེད་ཀྱི་ཡོད”
     བུ་སྤུན་གྱིས་རྒྱུན་འཛིན་བྱས།
     ཤོད་རྒྱུན་ལ་ལོ་ངོ་300ལྷག་ཙམ་གྱི་སྔ་རོལ་ན། ཡར་ལྷ་ཤམ་ཆུའི་འགྲམ་དུ་ཧ་སྒང་གཞིས་ཀ་ཞིག་ཡོད་པ་དང་། དེའི་གཞི་ཁྱོན་ཆེ་ལ་ཁང་པ་ཆེ་ཆུང་ཚང་མར་འབྲུག་དང་རྨ་བྱ་སོགས་ལེགས་པར་བརྐོས་དཀྲོལ་བྱས་པ་ཧ་ཅང་མཛེས་པོ་ཡོད་པས། ཤིང་བརྐོས་རྒྱག་མཁན་མང་པོ་བརྐོས་རྒྱག་རྩལ་སྦྱོང་བར་ཡོང་གི་ཡོད། འོན་ཀྱང་གཞིས་ཀའི་གཉེར་པ་གཤིབ་བདེ་པོ་མེད་སྟབས། རྟག་ཏུ་ཤིང་བརྐོས་རྒྱག་མཁན་ལ་ཁག་པོ་བཟོ་གི་ཡོད། ཐེངས་ཤིག་གཉེར་པས་ཤིང་བརྐོས་རྒྱག་མཁན་ཞིག་བློ་ལ་མི་བབས་པས། ཁག་པོ་བཟོ་དགོས་སྙམ་ནས་འདི་ལྟར་འཆད་པ་སྟེ། “རང་ལ་འཇོན་ཐང་ངོ་མ་ཡོད་ན། ཤིག་བརྐོས་བརྒྱབ་ནས་སྟོན་དང་། གལ་སྲིད་ལྟ་མཁན་ཚོས་ཤིག་ངོ་མར་མཐོང་ན། ངས་གཞིས་ཀའི་མཛོད་ཁང་གི་ལྡེ་མིག་ཁྱེད་ལ་རྩིས་སྤྲད་ཆོག གལ་སྲིད་རང་ཤོར་ན། ངས་རང་གི་ལག་པ་གཅོད་ཀྱི་ཡིན”ཞེས་སྨྲས། ཤིང་བརྐོས་རྒྱག་མཁན་དེས་གཉེར་པའི་བྱེད་སྟངས་ལ་གཏན་ནས་མ་འདོད་པར། འབྲུ་རྡོག་གཅིག་བཙལ་ཏེ་ཤིག་འདྲ་པོ་ཞིག་བརྐོས་བརྒྱབ་ནས་གཞིས་བདག་གི་ལྕོག་ཙེའི་སྟེང་དུ་བཞག གཞིས་བདག་ལོག་རྗེས་ལྕོག་ཙེའི་སྟེང་དུ་ཤིག་ཡོད་པ་མཐོང་བས། འཕྲལ་མར་གཉེར་པ་བཙལ་ནས་ཕྱིས་བདར་ཡག་པོ་བརྒྱབ་མེད་པའི་བཀའ་བཀྱོན་བཏང་། མཐར་ཤིང་བརྐོས་རྒྱག་མཁན་རྣམ་པར་རྒྱལ་བ་དང་། ཤིག་བརྐོས་ཀྱང་དུས་དེ་ནས་བཟུང་དར་ཡོད། གཏམ་རྒྱུད་དེ་ལས་རྩལ་ནུས་བྱང་ཆུབ་པོ་ཡོད་པ་མངོན་ཐུབ།
     གྲ་ནང་ཤིག་བརྐོས་ཀྱི་རྒྱུན་འཛིན་པ་མི་རབས་དྲུག་པ་ནི་པད་མ་དགྲ་འདུལ་ཡིན་ཞིང་། པད་མ་དགྲ་འདུལ་གྱི་ཕ་ཡུལ་ནི་གྲ་ནང་རྫོང་གྲ་ཕྱི་ཤང་ས་མཚམས་གྲོང་ཚོ་ནས་རེད། “བརྐོས་དཀྲོལ་ལག་རྩལ་གྱི་རྒྱུན་མི་ཆད་པར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས” ས་མཚམས་གྲོང་ཚོར་བརྐོས་རྒྱག་མཁན་མང་པོ་ཡོད་པ་དང་། མང་ཆེ་བ་ནི་ཕ་ཤུལ་བུས་འཛིན་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་མཁན་ཤ་སྟག་རེད། འོན་ཀྱང་པད་མ་དགྲ་འདུལ་གྱི་དགེ་རྒན་ནི་གཅེན་པོ་དབང་ཕྱུག་རེད། “གཅེན་པོའི་ལག་རྩལ་སྨིན་གྲོལ་གླིང་དགོན་ནས་སྦྱང་པ་རེད”པད་མ་དགྲ་འདུལ་གྱི་སྐད་ཆའི་ནང་ནས་གཅེན་པོའི་ས་ནས་ལག་ཤེས་སྦྱངས་པ་དེ་ནི་སྤོབས་པ་ཆེན་པོ་ཡིན་པའི་སྣང་བ་ཞིག་སྟེར་གྱི་འདུག
     1981ལོར་ལོ་12ལ་སླེབས་པ་ནས་བཟུང་། ལག་རྩལ་སྦྱོང་འགོ་ཚུགས་པའི་པད་མ་དགྲ་འདུལ་གྱི་ངོས་ནས་བརྗོད་ན། དཀའ་སྡུག་ཅན་གྱི་འདས་ཟིན་པའི་གནས་ཚུལ་ཞིག་རེད་ལ། དྲན་འཆར་ལེགས་པོ་ཞིག་དེ་བས་ཀྱང་རེད། ཁོང་གིས“སྐབས་དེ་དུས་བརྐོས་ཞིབ་ཚགས་པོ་མ་བྱུང་བའི་དབང་གིས་ལག་པར་རྟག་ཏུ་རྨ་ཆགས་པ་དང་། རྨ་དྲག་གྲབས་ཡོད་དུས་ཡང་བསྐྱར་རྨ་གསར་པ་ཆགས་འདུག ལག་པར་རྨ་ཉུང་དུ་འགྲོ་སྐབས་ལག་རྩལ་ཡང་རིམ་གྱིས་ཁོང་དུ་ཆུད་པ་མཚོན་ཐུབ”ཅེས་བཤད།
     “ལག་རྩལ་བྱང་ཆུབ་པོ་ཡོང་བར་ལས་སླ་པོ་གཏན་ནས་མེད” ལག་རྩལ་མཐོ་རུ་འགྲོ་ཆེད། པད་མ་དགྲ་འདུལ་གྱིས་གང་སར་དགེ་རྒན་བསྟེན་པར་འགྲོ་གི་ཡོད། “ཤིག་བརྐོས་རྒྱག་རྒྱུ་ལས་སླ་རུང་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་ནི་ང་ཚོའི་ངོས་ནས་བརྗོད་ན་དཀའ་ལས་ཁག་པོ་རེད། ཤིག་བརྐོས་བརྐོ་བར་མཁྱེན་དཔྱོད་ཟབ་ཅིང་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཡོད་དགོས། རྒྱུན་དུ་དཀའ་སྤྱད་སྙིང་རུས་བྱས་ཚེ་གཞི་ནས་འབྲས་བུ་ཐོན་ཐུབ། རྩལ་ནུས་སྦྱོང་དགོས་ལ་སྲོལ་རྒྱུན་རིག་གནས་སློབ་སྦྱོང་ཡང་བྱེད་དགོས”ཞེས་པད་མ་དགྲ་འདུལ་གྱིས་བཤད།
     ལྷ་སར་ཤིག་བརྐོས་བཟོ་གྲྭ་བཙུགས།
     མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་ཅི་ཡང་མེད། 1994ལོར། པད་མ་དགྲ་འདུལ་གྱིས་རང་ཉིད་ཀྱི་ལག་རྩལ་བྱང་ཆུབ་པོ་ཡོང་དགོས་ན་ལྷ་སར་ལས་གཏོད་བྱེད་པར་འགྲོ་རྒྱུའི་སེམས་ཐག་བཅད། “ལྷ་སར་འགྲོ་དགོས་དོན་ནི་གཅིག་ནས་ལྷ་སའི་ཁྲོམ་ར་ཆེ་བ་དང་གོ་སྐབས་མང་བ་དང་། གཉིས་ནས་ལྷ་སར་ཡོད་པའི་ལས་རིགས་གཅིག་པའི་ས་ནས་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་ལག་རྩལ་གོང་མཐོར་གཏོང་དགོས་བསམ་བྱུང”ཞེས་བཤད། ལོ་ན་གཞོན་ལ་སེམས་ཤུགས་ཆེ་བའི་ཁོང་གིས་ལྷ་སར་ཡོད་པའི་སྒྱུ་རྩལ་པ་ཚོ་དང་རྩལ་ནུས་འགྲན་བསྡུར་བྱས་ཏེ་ཤིང་བརྐོས་ལས་རིགས་ཁྲོད་སྐད་གྲགས་ཆོད་པ་བྱེད་འདོད་ཡོད།
     “ལས་གཏོད་བྱེད་པར་དཀའ་ངལ་ཧ་ཅང་ཆེན་པོ་འདུག” ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཉང་བྲན་ཨ་མའི་བོད་བཟོའི་ཁྱིམ་ཆས་བཟོ་གྲྭ་བཙུགས་པའི་སྐོར་ཕྱིར་དྲན་བྱེད་བཞིན་དུ་པད་མ་དགྲ་འདུལ་གྱིས་དེ་ལྟར་བཤད།
     “ཁྱིམ་ཆས་བཟོ་གྲྭ་དར་རྒྱས་ཆེ་བའི་སྐབས་སུ་ལས་བཟོ་ཉི་ཤུ་སུམ་ཅུ་ཙམ་ཡོད” རང་ཉིད་ཀྱི་ཕྱུག་འགྱུར་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་མང་ཚོགས་ཁག་གཅིག་གི་ལས་ཞུགས་འབབ་འཕར་གྱི་གནད་དོན་ཡང་ཐག་གཅོད་ཐུབ་པས། སྐབས་ཤིག་རིང་པད་མ་དགྲ་འདུལ་ལ་སྤོབས་སེམས་ཆེན་པོ་སྐྱེས། ཡིན་ནའང་དུས་ཡུན་རིང་པོ་སོང་རྗེས་ཁོང་གིས་དེ་ལྟར་འཕེལ་རྒྱས་བཏང་ན་གྲུབ་འབྲས་ཐོན་མི་སྲིད་པ་སྙམ་ཡོད། “དོན་དངོས་ཐོག་སྐབས་དེ་དུས་ཁེ་ལས་འཕེལ་རྒྱས་ཡག་པོ་བྱུང་མེད་པ་དང་། ཤིང་བརྐོས་རྒྱུན་འཛིན་ཡང་ཡག་པོ་བྱུང་མེད་པས། ཐེ་ཚོམ་ཆེན་པོ་སྐྱེས་བྱུང”ཞེས་ཁོང་གིས་བཤད།
     པད་མ་དགྲ་འདུལ་གྱིས་ཁེ་ལས་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་དང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོང་གིས་གྲ་ནང་གི་ཤིག་བརྐོས་ལག་རྩལ་རྒྱུན་འཛིན་ལ་དོ་ཁུར་དེ་བས་མང་བ་བྱེད་ཀྱི་ཡོད།
     “ཤིང་བརྐོས་བྱ་བ་ནི་ཞིབ་ཚགས་པའི་བྱ་བ་ཞིག་ཡིན། དང་ཐོག་རྒྱུ་ཆ་འདེམས་པ་དང་། རི་མོ་བསམ་བཀོད་བྱེད་པ། རི་མོ་འབྲི་བ་བཅས་ནས་བརྐོས་རྒྱག་པ་དང་། འཇམ་ཤ་འདོན་པ། ཚོན་གཏོང་བ་བཅས་བར་གྱི་སྨྱུག་རིས་རེ་རེ་དང་བརྐོས་རྒྱག་པའི་བརྒྱུད་རིམ་ནང་ནོར་འཁྲུལ་ཕྲན་ཙམ་ཡང་ཤོར་མི་རུང་། གལ་སྲིད་ནོར་འཁྲུལ་ཤོར་བའམ་ཡང་ན་གོམ་པ་གཅིག་ཡག་པོ་མ་བྱུང་ཚེ། བརྩམས་ཆོས་ཡག་པོ་ཞིག་ཐོན་མི་ཐུབ། བརྩམས་ཆོས་ཡག་པོ་ཞིག་བཟོ་བར་བརྐོས་རྒྱག་མཁན་གྱིས་སྙིང་རུས་ཆེན་པོས་དཀའ་བ་སྤྱོད་དགོས་པ་མ་ཟད། ད་དུང་བརྐོས་རྒྱག་མཁན་གྱིས་ཡག་ཐོག་ཡག་བརྩེགས་ཀྱི་བསམ་པའང་འཆང་དགོས། དེ་ལས་ལྷག་པར་གཞན་ལས་ལྷག་པའི་བློ་གྲོས་ལྡན་དགོས་ལ། རྒྱུན་སྲིང་ལྷོད་མེད་ཀྱི་སྙིང་རུས་ཀྱང་ལྡན་དགོས”ཞེས་པད་མ་དགྲ་འདུལ་གྱིས་བཤད།
     “ཤིག་བརྐོས་ཡག་པོ་རྒྱག་པར་དེའི་ལས་རིམ་རྙོག་འཛིང་ཆེ་ལ་རེ་བའང་ཧ་ཅང་ནན་པོ་ཡོད། དང་ཐོག་རྒྱུ་ཆ་མི་འདྲ་བའི་ཁྱད་ཆོས་གཞིར་བཟུང་། འབུར་དུ་ཐོན་པའི་ཇུས་གཞི་བསམ་བཀོད་བྱེད་དགོས། དེ་ལྟར་ཤོད་སྐབས་ལས་སླ་པོ་ཡོད་ཀྱང་ལག་ལེན་དངོས་སུ་དཀའ་ཚེགས་ཆེན་པོ་ཡོད། ཤིག་བརྐོས་རྒྱག་པར་ལོ་བཅུ་ཙམ་གྱི་ཉམས་མྱོང་མེད་ན་འགྲིག་ཐབས་མེད། རི་མོ་འབྲི་བ་དང་བརྐོས་རྒྱག་པ་སོགས་ཀྱི་ལག་ཤེས་ལ་རྒྱུས་མངའ་ངེས་ཅན་ཡོད་དགོས། རིག་པ་གསལ་ན་ཤིག་བརྐོས་བརྩམས་ཆོས་རང་བཞིན་གྱིས་ཡག་པོ་ཞིག་ཡོང་རྒྱུ་ངེས་གཏན་རེད་ཅེས་པད་མ་དགྲ་འདུལ་གྱིས་བརྗོད།
     ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས།
     “རྒྱུན་འཛིན་བྱེད་དཀའ་བའི་རྒྱུ་མཚན་ནི་ལག་ཤེས་འདི་སྦྱོང་མཁན་ཉུང་བ་དང་། ཤེས་ལྡན་པ་གསོ་སྐྱོང་མང་པོ་བྱེད་མི་ཐུབ་པས་རེད” ཕ་ཡུལ་ལ་སེམས་ཆགས་པའམ་ཡང་ན་གྲ་ནང་གི་ཤིག་བརྐོས་རྒྱུན་འཛིན་ལ་སེམས་ཁྲལ་བྱུང་བའི་དབང་གིས། 2012ལོར་པད་མ་དགྲ་འདུལ་ཕ་ཡུལ་དུ་ཕྱིར་ལོག་ནས་ལས་གཏོད་བྱེད་འགོ་ཚུགས་པ་དང་། དེ་ནས་གྲ་ནང་རྫོང་གྲོང་དུ་བོད་བཟོའི་ཤིག་བརྐོས་བཟོ་གྲྭ་ཞིག་བཙུགས།
     “ད་ཐེངས་ལས་གཏོད་བྱས་པ་དེ་གོང་དང་མི་འདྲ་བར་གྲ་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་དགའ་བསུ་ཆེན་པོ་ཐོབ་ནས་སྲིད་ཇུས་དང་མ་དངུལ་ཐད་ནས་རྒྱབ་སྐྱོར་དང་རོགས་རམ་མང་པོ་གནང་བྱུང”ཞེས་བརྗོད་བཞིན་ལས་གཏོད་ཐེངས་གཉིས་པ་བྱེད་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། པད་མ་དགྲ་འདུལ་གྱི་རྣམ་འགྱུར་ནས་ཁོང་བློ་ཡིད་ཚིམ་པོ་བྱུང་བ་རྟོགས་ཐུབ།
     ད་ཆ་བོད་བཟོའི་ཤིག་བརྐོས་བཟོ་གྲྭ་དེ་གྲ་ནང་ཤིག་བརྐོས་བཟོ་ལས་གླིང་དུ་འཕེལ་རྒྱས་བྱུང་བ་དང་། བཟོ་ཁང་རྣམ་པའི་ཐོན་སྐྱེད་བྱེད་སྟངས་ནས་བཟོ་ལས་ཅན་གྱི་ཐོན་སྐྱེད་བྱེད་སྟངས་སུ་འགྱུར་ལྡོག་སོང་ཡོད། དེས་མ་ཚད་གྲ་ནང་རྫོང་ལས་རིགས་སློབ་གསོའི་ལྟེ་གནས་དང་མཉམ་ལས་བྱས་ཏེ“ཁེ་ལས་དང་། སློབ་གྲྭ རྟེན་གཞི་བཅས་ཟུང་འབྲེལ”གྱི་འཕེལ་རྒྱས་ལམ་བུ་ཞིག་བཏོད་ཡོད།
     “ད་ཆ་བཟོ་ལས་གླིང་དུ་ལས་མི་60ལྷག་ཙམ་ཡོད་པ་དེ་ནི་ཐོག་མའི་ལྡབ་གཉིས་ཡིན་པ་དང་། ལས་མི་ཚང་མ་ངའི་དགེ་ཕྲུག་ཡིན”ཞེས་པད་མ་དགྲ་འདུལ་གྱིས་གསར་འགོད་པར་དགའ་སྤྲོ་ཆེན་པོས་བཤད།
     འདི་ལོ་ལོ་36ལ་སླེབས་པའི་བཀྲ་ཤིས་ཉི་མས་གྲ་ནང་ཤིག་བརྐོས་ལག་རྩལ་སྦྱངས་ནས་ལོ་བཅུ་སོང་ཡོད། “དེ་སྔ་ནང་མིའི་ས་ནས་སྦྱོང་སྐབས་གྲ་ནང་ཤིག་བརྐོས་ལ་ངོ་མཚར་དེ་འདྲ་ཡོད་པ་རྟོགས་མ་བྱུང་། རྒན་པད་མ་དགྲ་འདུལ་དང་མཉམ་དུ་གྲ་ནང་རྫོང་དུ་བཟོ་གྲྭ་གཉེར་བ་དང་ཁོང་དགེ་རྒན་ལ་བརྟེན་རྗེས་གཞི་ནས་མཐོང་རྒྱ་ཆེ་རུ་ཕྱིན་སོང་ལ། བློ་ཁོག་དང་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་སོང”དགེ་རྒན་བརྟེན་པའི་སྐོར་བརྗོད་སྐབས་བཀྲ་ཤིས་ཉི་མར་མྱོང་ཚོར་ཟབ་མོ་བྱུང་ཡོད།
     བཀྲ་ཤིས་ཉི་མས་གསར་འགོད་པར། རྒན་པད་མ་དགྲ་འདུལ་གྱིས་ང་ཚོར་རྟག་ཏུ་གྲ་ནང་ཤིག་བརྐོས་ཀྱི་གཏམ་རྒྱུད་དང་སྲོལ་རྒྱུན་རིག་གནས་ཀྱི་གཏམ་རྒྱུད་མང་པོ་བརྗོད་ཀྱི་ཡོད། གཞན་ཡང་ཤིག་བརྐོས་རྒྱག་པའི་བརྒྱུད་རིམ་ནང་། རྒན་པད་མ་དགྲ་འདུལ་གྱིས་ང་ཚོར་རྒྱུ་ཆ་འདེམས་སྟངས་དང་རྒྱུ་ཆའི་ཁྱད་ཆོས་ལ་གཞིགས་ནས། བརྩམས་ཆོས་རྩེ་གྲ་གང་འདྲ་བྱས་ཏེ་བརྐོ་དགོས་མིན་ཐད་བློ་སྒོ་འབྱེད་ཀྱི་ཡོད་ཅེས་བཤད།
     པད་མ་དགྲ་འདུལ་གྱིས་གསར་འགོད་པར“ཤིག་བརྐོས་ཀྱི་བརྩམས་ཆོས་རྩེ་གྲ་ནི‘ལངས་གཟུགས་ཀྱི་རི་མོ་དང་སྒྲ་མེད་ཀྱི་སྙན་ངག’ལྟ་བུ་རེད། བརྩམས་ཆོས་འདི་འདྲ་ཞིག་བརྐོ་དགོས་ན། ངེས་པར་དུ་སྲོལ་རྒྱུན་གྱི་རིག་གནས་ཁྲོད་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས”ཞེས་བཤད།
     ད་ཆ་དགེ་ཕྲུག་འཁྲིད་པ་དང་རང་ཉིད་ཀྱི་ཁེ་ལས་ཀྱི་ལས་ཀ་བྱེད་པ་ཕུད། པད་མ་དགྲ་འདུལ་གྱི་སེམས་ནུས་ཚང་མ་གྲ་ནང་ཤིག་བརྐོས་ཀྱི་ཅ་ལག་རྙིང་པ་འཚོལ་བ་དང་གྲ་ནང་ཤིག་བརྐོས་བཟོ་བའི་རྒྱུ་ཆ་ཡག་པོ་འདེམས་པའི་ཐོག་བཞག་ཡོད། “ད་ཆ་ཅ་ལག་ཡག་པོ་མང་པོ་ལྷག་མི་འདུག གལ་ཏེ་ད་དུང་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་མ་བྱས་ན། སླད་ཕྱིན་གཏན་ནས་མཐོང་རྒྱུ་མེད་པར་འགྱུར་སྲིད”ཅེས་གྲ་ནང་ཤིག་བརྐོས་ཀྱི་རྒྱུན་འཛིན་སྐོར་བརྗོད་སྐབས་པད་མ་དགྲ་འདུལ་གྱིས་དེ་ལྟར་བརྗོད།

རིན་ཐང་གཞལ་དུ་མེད་པའི་གཟེངས་བསྟོད།

ལག་རྩལ་ཁྱད་དུ་འཕགས་པའི་ཤིག་བརྐོས།

ཤིག་བརྐོས་རྒྱུན་འཛིན་བྱེད་པའི་ཕོ་རབས།

དགེ་ཕྲུག་ཆད་མེད་སྐྱོང་བའི་བྱས་རྗེས།
རྩོམ་སྒྲིག་པ།སྣང་རྡོར།