ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

གཟི་འོད་འབར་བའི་གཟུགས་མེད་རིག་གནས་ཤུལ་བཞག་འདི་ཚོ་མཇལ་ཨེ་མྱོང་།

སྤེལ་དུས 2019-10-21 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།


     ཀྲུང་གོ་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་འདུ་ཚོགས་ཀྱི་དཀར་མཛེས་ཡན་ལག་ཚོགས་རའི་འགོ་ཚུགས་མཛད་སྒོ་མཇུག་རྫོགས་རྗེས། འགོ་ཁྲིད་དང་ཕྱོགས་ཡོང་གི་མགྲོན་པོ། རྒྱ་ཆེའི་ལྟད་མོ་བ་དག་གིས་ཐེངས་འདིའི་གཟུགས་མེད་རིག་གནས་ཤུལ་བཞག་འདུ་ཚོགས་སྐབས་བདུན་པའི་དཀར་མཛེས་ཡན་ལག་ཚོགས་ར་དར་མདོ་ཟློས་གར་ཁང་དུ་སྤེལ་བའི་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོའི་ལག་ཤེས་པ་དག་གི་ལག་རྩལ་ལས་ཐོན་པའི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པའི་ཀརྨ་སྒར་བྲིས། ཧོར་པོའི་བཟོ་རྩལ། རྒྱལ་རོང་གི་འཚེབ་དྲུབ། གསེར་རྟའི་རྡོ་རྐོས་སྒྱུ་རྩལ། རྫི་བོའི་ལག་རྩལ་ཐོན་རྫས། ཕྱག་ཕྲེང་གི་ཤིང་ཕོར་ལག་རྩལ། རྟའུ་ཡི་མར་རྒྱན་མཆོད་པ་སོགས་འགྲེམ་སྟོན་བྱེད་བཞིན་པའི་འགྲེམ་སྟོན་ཐོན་རྫས་དག་ལ་ཡུལ་དངོས་སུ་ལྟ་སྐོར་དུ་ཕེབས་ཡོད་པ་རེད།

     མཁྱེན་ལིའི་སྐུ་ནི་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་པོས་གསར་གཏོད་གནང་། དེ་ནས་རིམ་པར་བརྒྱུད་དེ་ད་ལྟའི་སྐྱ་ལོད་ཉི་མའི་བར་དུ་བར་མ་ཆད་པར་བྱུང་། མཁྱེན་ལིའི་ཁྱད་ཆོས་གཙོ་བོ་ནི་གསེར་དངུལ་ཟངས་རག་བཤའ་མ་བྱས་ནས་སྲོལ་རྒྱུན་དང་མཐུན་པ་ཁོ་ན་བྱས་པ། རྒྱུ་ངན་གྱིས་བསླད་མེད་པ། སྲོལ་རྒྱུན་ལག་རྩལ་ལས་དེང་དུས་ཀྱི་འཕྲུལ་རིགས་ཀྱིས་བསྐྲུན་པ་མིན་པ། རྫས་འགྱུར་གྱིས་རྩི་བྱུག་མི་དགོས། སྐུ་གཟུགས་དང་མཆོད་རྟེན་སོགས་མཁྱེན་ལིའི་ཐོན་རྫས་རྣམས་ཀྱི་ཆ་ཚད་སྲོལ་རྒྱུན་དང་མཐུན་པ་ཁོ་ན་ལས་གྲུབ་པ་སོགས་ཀྱིས་ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་དབྱིངས་རིམ་ནས་མཁྱིན་ལི་ཉི་ཟླའི་གཟི་བྱིན་འབར་བ་ཅན་དེ་ཡིན་ནོ།། 

     མི་རབས་གསུམ་གྱི་ལག་རྩལ་བརྒྱུད་པའི་ཕྱག་ཕྲེང་གི་ཤིང་ཕོར། 

བོད་རྒྱལ་མོ་རོང་གི་འཚེབ་དྲུབ་སྒྱུ་རྩལ།


སྡེ་དགེ་པར་ཁང་བཀྲ་ཤིས་སྒོ་མང་གི་པར་ཤིང་།

གེ་སར་རྡོ་བརྐོས་ཚོན་བྲིས་མའི་ལག་རྩལ།

རྫི་བོའི་ཐོན་རྫས།

ཀརྨ་སྒར་བྲིས་ཀྱི་ཐང་ག

ནོར་ལུག་ཀོ་བའི་ལག་བཟོས་ཀོ་ཆས།

ཉག་རོང་སྨན་འབག

བོད་སྨན། 

སྡེ་རོང་གི་སྨྱུག་བསླས་ལག་རྩལ་ཐོན་རྫས།

འདབ་པའི་ཨ་ཤོད་རྫ་ཆས།

བོད་ཀྱི་ཡིག་གཟུགས།
རྩོམ་སྒྲིག་པ།སྣང་རྡོར།