ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཁྱེད་ཀྱིས་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཟེར་བ་གོ་ཨེ་མྱོང་།

སྤེལ་དུས 2019-10-23 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།

       སྲོང་བཙན་སྒམ་པོའི་སྐབས་བོད་ཡུལ་གཙང་ལ་གཡས་རུ་དང་རུ་ལག དབུས་ལ་དབུ་རུ་དང་གཡོ་རུ།དེ་མིན་རྣམས་ཡན་ལག་གསུམ་པའི་རུ་སྟེ་རུ་ཆེན་ཁག་ལྔར་ཕྱེ་བ་རུ་རྣམས་དམག་དཔུང་གི་རུ་སྡེ་དྲུག་ཅུ་རེ་གཅིག་ཏུ་ཕྱེ་བ་སྟེ།རུ་ཆེན་སྡེ་ལྔ་པོ་དེའི་ནང་ནས་དབུ་རུ་དང༌། གཡོ་རུ། གཡས་རུ། རུ་ལག ཞང་ཞུང་གི་རུ་བཅས་ལ་སྟོང་སྡེ་བཅུ་རེ།སུམ་པའི་རུ་སྡེ་ལ་སྟོང་སྡེ་བཅུ་གཅིག་བཅད་ཡོད། སྟོང་སྡེ་རྩི་ཚུལ་ནི། རུ་རེ་ལ་སྟོང་སྡེ་བརྒྱད་དང༌།སྟོང་བུ་ཆུང་གི་སྡེ་རེ་དང༌། སྐུ་སྲུང་སྟོང་སྡེ་རེ་བཅས་རྩིས་པས་སྟོང་སྡེ་བཅུ་ཡིན། དབུ་རུ་སྟོད་དང༌།གཡོ་རུ་སྟོད། གཡས་རུ་སྟོད། རུ་ལག་སྟོད་བཅས་ལ་སྟོང་བུ་ཆུང་བཞི་དང༌། ཞང་ཞུང་སྟོད་སྨད་གཉིས་ལ་སྟོང་བུ་ཆུང་རེ།སུམ་པའི་རུ་ལ་སྟོང་བུ་ཆུང་གཅིག་བཅས་སྟོང་བུ་ཆུང་བདུན། དབུ་རུ་སྨད་དང༌། གཡོ་རུ་སྨད།གཡས་རུ་སྨད། རུ་ལག་སྨད་བཅས་སྐུ་སྲུང་གི་སྟོང་སྡེ་རེ་རྩིས་པས་སྐུ་སྲུང་སྟོང་ལྡེ་བཞི་བཅས་ཡོད་པ་དང༌།སྟོང་སྡེ་སོ་སོའི་ཁོངས་སུ་ས་གནས་གང་དང་གང་ཡོད་བཅས{{ཆོས་འབྱུང་མཁས་པའི་དགའ་སྟོན}}ནང་དུ་གསལ་ཞིང༌། ཏུན་ཧོང་ནས་ཐོན་པའི་བྱང་བུ་འགའ་ཞིག་གི་ནང་སྟོང་སྡེའི་ནང་གསེས་ཀྱི་ས་གནས་ལྔ་བཅུ་ཙམ་གྱི་མིང་འཁོད་པ་ལྟར་ན།དབུ་རུ་སྟོད་གྱི་ཁམས་ནས་དོར་སྡེ་དང་སྡེ་མཚམས། ཡེར་རབ། དབུ་རུ་སྨད་ཀྱི་ཁོངས་ནས་སྐྱིད་སྟོད།གཡོ་རུ་སྟོད་ཀྱི་ཁོངས་ནས་ཉག་ཚེ་དང༌། གཉི་མོ་བག དྭགས་པོ། གཡོ་རུ་སྨད་ཀྱི་ཁུངས་ནས་ལྷོ་བྲག་དང་། གཉལ་པ། གཡས་རུ་སྟོད་ཀྱི་ཁོངས་ནས་ལང་མི་དང༌། ཕོད་དཀར། གཡས་རུ་སྨད་ཀྱི་ཁོངས་ནས་ཉེན་ཀར་དང་འབྲང་མཚམས། རུ་ལག་སྟོད་ཀྱི་ཁོངས་ནས་གྲོམ་པ་དང༌། ལྷ་རྩེ་ཁྲི་ཕོམ། མང་ཀར། རུ་ལག་སྨད་ཀྱི་ཁོངས་ནས་གད་སྲམ།ཞུང་ཞུང་སྨད་ཀྱི་ཁོངས་ནས་སྤྱི་གཙང་དང་ཡར་གཙང༌། སུམ་པའི་ཁོངས་ནས་བྱན་པོ་ནགས་ཤོད། ཁ་རོ།འཇམ་སྟོད། འཇམ་སྨད། རྒོད་ཚང་སྟོད། རྒོད་ཚང་སྨད་བཅས་ས་གནས་ཉི་ཤུ་རྩ་ལྔའི་མིང་གསལ་བ་རྣམས{{ཆོས་འབྱུང་མཁས་པའི་དགའ་སྟོན}}དང་ཡོངས་སུ་མཐུན་ཞིང་ས་མིང་འགའ་ཞིག་དེང་སང་ཡང་ངོས་འཛིན་རྒྱུ་ཡོད་པ་དཔེར་ན།དབུ་རུའི་ཁོངས་ཀྱི་འབྲི་མཚམས་དང༌། ཕྱུགས་མཚམས། སྐྱིད་སྟོད་སྐྱིད་སྨད། གཡོ་རུའི་ཁོངས་ཀྱི་ཡར་ལུང་འཕྱིང་ལུང༌། དྭགས་པོ། གཉལ། ལྷོ་བྲག རུ་ལག་ཁོངས་ཀྱི་མིང་ཀར་དང་གྲོམ་པ། ལྷ་རྩེ། མྱང་རོ། ཞང་ཞུང་ཁོངས་ཀྱི་གུ་གེ་དང༌། ཅོག་ལ། སུམ་པའི་རུ་ཁོངས་ཀྱི་རྒོད་ཚང་སྟོད་སྨད་གཉིས་དང༌། ནགས་ཤོད་བཅས་ནི་དེང་སང་གི་ས་བཀྲའི་ས་མིང་ཐོག་འཁོད་ཡོད་ཅིང༌།ས་བཀྲའི་ནང་མ་འཁོད་ཀྱང་ས་མིང་ད་ལྟ་བེད་སྤྱོད་བྱེད་བཞིན་པ་ཡང་མི་ཉུང་བ་ཞིག་ཡོད། {{ཆོས་འབྱུང་མཁས་པའི་དགའ་སྟོན}}དང༌། {{བློན་པོ་བཀའ་ཐང}}གི་ནང་གསལ་བའི་ས་མིང་མང་ཆེ་བ་མཐུན་ཡང༌། འགའ་ཞིག་གཏན་ནས་མི་མཐུན་པ་དང༌།སྐབས་འདིར་སྟོང་ལྡེ་དྲུག་ཅུ་རེ་གཅིག་བཤད་རུང༌། {{བློན་པོ་བཀའ་ཐང}}གི་ནང་སྟོང་སྡེ་བཞི་བཅུ་ཞེ་གཉིས་ལས་མ་བཤད་པ་ནི་བཀའ་ཐང་ནང་གི་སྟོང་སྡེ་དེ་དག་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་སྟོང་སྡེ་ཕྱེ་ཚུལ་ཡིན་པས་སྔར་གྱི་སྟོང་ལྡེ་དྲུག་ཅུ་རེ་གཅིག་དེ་རྣམས་ཕན་ཚུན་ཟླ་བསྒྲིལ་བཅོས་བསྒྲིགས་བྱས་པའི་གནས་ཚུལ་གསལ་པོ་ཡོད། སྟོང་ལྡེ་སོ་སོར་མི་གྲངས་ཇི་ཙམ་ཡོད་པའི་སྐོར། སྲོང་བཙན་སྒམ་པོའི་སྐབས་སུ་སྟོང་སྡེ་རེ་ལ་མི་གྲངས་ཇི་ཡོད་ལོ་རྒྱུས་ཁག་ལས་གསལ་པོར་བཤད་པ་ཞིག་མ་མཐོང་ཡང༌།ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་སྟོང་ལྡེ་ཁག་ལ་མི་གྲངས་ཇི་ཡོད་སྐོར{{བློན་པོ་བཀའ་ཐང}}ནང་གསལ་བ་ལྟར་ན། དབུ་རུ་སྟོད་སྨད་གཉིས་ཀྱི་སྟོང་སྡེ་བཅུ་གཅིག་ལ་མགོ་གྲངས་བདུན་འབུམ་བཞི་ཁྲི།གཡོ་རུ་སྟོད་སྨད་གཉིས་ཀྱི་སྟོང་ལྡེ་བརྒྱད་དང་སྟོང་བུ་ཆུང་གཅིག་སྟེ་དགུ་ལ་མགོ་གྲངས་བདུན་འབུམ།གཡས་རུའི་སྟོང་ལྡེ་བརྒྱད་དང་སྟོང་བུ་ཆུང་བཅས་བསྡོམས་པའི་དགུ་ལ་མགོ་གྲངས་བདུན་འབུམ། རུ་ལག་གི་སྟོང་ལྡེ་བརྒྱད་དང་སྟོང་བུ་ཆུང་བཅས་བསྡོམས་པའི་དགུ་ལ་མགོ་གྲངས་བདུན་འབུམ་ཉིས་ཁྲི་བཅས་ཡོད་པར་བཤད། དེ་དག་གི་གྲངས་འབོར་བསྡོམས་ན་མགོ་གྲངས་ས་ཡ་གཉིས་དང་བརྒྱད་འབུམ་དྲུག་ཁྲི་ཡིན་ཅིང༌། དེ་ལ་དེང་སང་གི་ཁྲི་གྲངས་རྩི་གཞིར་བྱས་པ་ལྟར་ན་ཁྲི་ཉིས་བརྒྱ་བརྒྱད་ཅུ་གྱ་དྲུག་ཡོད་དགོས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་བོད་ཀྱི་དམག་ཤུགས་ཆེན་པོ་ཡོད་ངེས་ཅན་ཡིན་ཡང༌། དམག་དཔུང་གི་གྲངས་འབོར་མང་པོ་དེ་ཙམ་འོང་དཀའ་བའི་ཚོད་དུ་སྣང༌།

རྩོམ་སྒྲིག་པ།སྣང་རྡོར།